ད་ནི་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་འདིའི་ཕྱི་ལོག་ཅིག་ཏུ། ང་རང་ཁེར་རྐྱང་དུ་དྲན་གདུང་ཁོ་ནར་སེམས་པ་གླན་ཏེ་འཚོ་བར་བྱ། བརྩེ་དུང་གི་གཡུལ་སར་ཡང་ཡང་ཤི་བའི་ངའི་རྣམ་ཤེས་ལའང་མྱ་ངན་ཐེངས་གཅིག་ཞུ།
ད་ལོའི་དཔྱིད་ཀའི་མཚན་མོ་ཞིག་ལ། སྒྲུང་ཞིག་འབྲི་བར་མཚམས་སུ། ཆུང་མ་ཁྲིད་དེ་གློ་བུར་ལན་གྲུར་ཐེངས་ཤིག་བསྐྱོད་པ་དེ། ད་ལྟ་བསམ་ན། ཤིན་ཏུ་ཡིད་ལ་འོང་ཞིང་མཛེས་པར་འདུག[鲜花][微笑]
ཚོར་བ་ཚིག་ལ་ཕབ་པ།
སྨྱུག་ཞོན།
༡
མི་སེམས་ཆུ་ཡི་གཉེར་མ། །
རྟོག་འགྱུར་རླུང་གིས་སྒུལ་ན། །
ཞེ་འདང་གྲུ་ཤན་མཐིང་ག །
མཚོ་མོའི་སྟེང་ནས་འདར་ཡོང་། །
གྲུ་བ་ང་རང་མིན་ན། །
ཡུས་གཏམ་གྱེར་དགོས་མི་འདུག །
འགྲུལ་བ་ཁྱོད་རང་མིན་ན། །
ལས་ལ་འཁོན་དགོས་མི་འདུག །
༢
རྒྱ་མཚོའི་གཏིང་གི་ཀླུ་བདུད། །
སྡུག་རྩུབ་ཆེ་བ་མ་གནང་། །
མཚོ་མཐའི་རླུང་བུ་དམར་པོ། །
ཡུད་ཙམ་ཞི་རོགས་གནང་དང་། །
ཀླུ་བཅོས་དགུ་ཚིག་དྲུག་འགྱུར། །
ཀློག་གི་ཨ་ལགས་ངས་འབོད། །
ཀླུ་སྨན་བཟང་པོ་བརྒྱ་འཛོམ། །
གཏོང་གི་རིན་གོང་ངས་འབུལ། །
སྨྱུག་ཞོན།
༡
མི་སེམས་ཆུ་ཡི་གཉེར་མ། །
རྟོག་འགྱུར་རླུང་གིས་སྒུལ་ན། །
ཞེ་འདང་གྲུ་ཤན་མཐིང་ག །
མཚོ་མོའི་སྟེང་ནས་འདར་ཡོང་། །
གྲུ་བ་ང་རང་མིན་ན། །
ཡུས་གཏམ་གྱེར་དགོས་མི་འདུག །
འགྲུལ་བ་ཁྱོད་རང་མིན་ན། །
ལས་ལ་འཁོན་དགོས་མི་འདུག །
༢
རྒྱ་མཚོའི་གཏིང་གི་ཀླུ་བདུད། །
སྡུག་རྩུབ་ཆེ་བ་མ་གནང་། །
མཚོ་མཐའི་རླུང་བུ་དམར་པོ། །
ཡུད་ཙམ་ཞི་རོགས་གནང་དང་། །
ཀླུ་བཅོས་དགུ་ཚིག་དྲུག་འགྱུར། །
ཀློག་གི་ཨ་ལགས་ངས་འབོད། །
ཀླུ་སྨན་བཟང་པོ་བརྒྱ་འཛོམ། །
གཏོང་གི་རིན་གོང་ངས་འབུལ། །
✋热门推荐