༸བཅོམ་ལྡན་ཆེན་པོའི་ལྷུང་བཟེད་འདི་ནི་ཐོག་མར་ཡངས་པ་ཅན་དུ་བཞུཊ། ཕྱིས་འཁོར་བསྒྱུར་ཀ་ནིཥྐ་ཆེན་པོས་སྐྱ་ནར་གྱི་བུའི་གྲོང་ཁྱེར་ནས་ཀུ་ཤ་ཎའི་རྒྱལ་སར་གདན་དྲངས། འཕཊ་ཡུལ་ལ་ཀླ་ཀློ་ཞུཊ་རྗེས་ཀྱི་ཧོར་སོག་གི་ཀློ་རྒྱལ་གྱི་རྣམས་ཀྱི་སྐབས་སུ་ལྷུང་བཟེད་ངོས་སུ་ཀོ་རན་གྱི་ལུང་ཚིག་ཀྱང་བརྐོས། བརྒྱ་ལོ་སྔོན་མར་འཕཊ་ཡུལ་ནུབ་བྱང་ཕྱོཊ་ཀྱི་ཀློ་དམག་གིས་ནང་པའི་ཤུལ་དངོས་ཡོད་ཚད་གཙང་སེལ་བྱེད་སྐབས་ལྷུང་བཟེད་ངོས་སུ་ཀློ་ཆོས་ཀྱི་ལུང་ཚིག་ཅུང་ཙམ་ཡོད་པའི་དྲིན་གྱིས་འབར་མདེལ་དང་རྡུལ་འབོམ་སོཊ་ཀྱི་འཇིཊ་པ་ལས་ཐར། དེང་སྐབས་ད་དུང་ཡང་མི་སྟེཊ་ཀྱི་རྒྱལ་ཁམས་སུ་མཉེལ་མཉེལ་པོར་བཞུཊ་པའོ།།

ཡངས་ཅན་ལྷུང་བཟེད་ཆེན་པོའི་དཀར་ཆག་བསྡུས་པ་རྫོགས།།

།སྔགས་པའི་སྔགས་ཆོག་མདོས་གཏོར་ངས་མི་ཤེས།
།ར་བཤའ་རྔ་བརྡུང་གྲོང་སྔགས་ངས་མི་ཤེས།
།ཟན་ལ་གྲི་འཛུགས་ཧཱུྃ་ཕཊ་ངས་མི་ཤེས།
།དགྲ་བོར་དུག་ལྔ་ལས་གཞན་ངས་མི་ཤེས།
།དུག་ལྔ་རང་གྲོལ་ཐབས་ལས་ངས་མི་ཤེས།
།སྙིང་རྗེས་དགྲ་བོ་འདུལ་ལས་ངས་མི་ཤེས།
།མི་ཤེས་དྲུག་གིས་སྦྱར་བྱང་འདི་བཀོད་པས།
།དགྲ་ཀུན་ཉོན་མོངས་བདུད་དགྲ་ཞི་བར་ཤོག། །

咒士密轨灵器我不知,宰羊击鼓经忏我不知,
刀插面食吽呸我不知,敌为五毒之外我不知,
五毒自解之外我不知,大悲伏敌之外我不知,
以六不知撰著此仪轨,一切烦恼魔敌愿息除!

མི་གཞི་དང་བསམ་བློ་ཅི་ལ་རག་ལས།

———-///—-དྲེད་པོ་ཧོར།
ཨ་རི་མི་ནི་སོ་ཌའི་གཙུག་ལག་སློབ་གྲྭ་ཆེན་མོའི། སེམས་ཁམས་རིག་པའི་གཙུག་ལག་སློབ་དཔོན་ཆེན་མོ། ཐོ་མ་སེ་བྷོ་ཆར་ཊེ་( Dr Thomas Bouchard) ཡི་ཞིབ་འཇུག་རུ་ཁག་གི་བཏོན་པའི་སྙན་ཐོ་ཞིག་གི་ནང་། ང་ཚོ་མི་ཡི་གཤིས་སྤྱོད་དང་བསམ་བློ་རྣམས་རང་གི་ཕ་མེས་ཀྱི་རིགས་རྒྱུན་ནམ། རིགས་རྫས་(Gene)ལ་ཅི་ཙམ་རག་ལས་ཡོད་མེད་སྐོར་ལ་སྒྲུང་ཐུང་ཞིག

སྔར་ཨ་རི་མི་ནི་སོ་ཌ་ལ་ཧ་ཅང་འདྲ་བའི་བྱིས་པ་མཚེ་མ་ཞིག་སྐྱེས། ཕྲུ་གུ་དེ་གཉིས་སྐྱེས་པ་དང་ཡུལ་ལུང་མི་གཅིག་པའི་ཁྱིམ་ཚང་མི་འདྲ་བ་གཉིས་ཀྱིས་བུ་སྐལ་བླངས། ཁོང་གཉིས་ཕན་ཚུན་གཅིག་གིས་གཅིག་འཚོ་གནས་ཡོད་མེད་ཀྱི་སྐོར་ལ་ཅི་ཡང་ཤེས་ཀྱི་མེད། ཡིན་ཡང་ལོ་༤༠ ཡི་རྗེས་སུ་ཞིབ་འཇུག་རུ་ཁག་གིས་ཁོང་གཉིས་སླར་ཡང་མཉམ་དུ་འཛོམས་བཅུག་ནས་ཕན་ཚུན་གླེང་མོལ་བྱས་དུས། ཧང་སངས་དགོས་པའི་གནས་ཚུལ་མང་པོ་བྱུང་ཡོད།

ཐོག་མར་མཁས་དབང་བྷོ་ཆར་ཌེས་ཁོང་གཉིས་ཕྱི་ཡི་རྣམ་པ་འདྲ་བ་དང་གཟུགས་པོ་འཕྲོད་བསྟེན་གྱི་ཐད་ནས་སྨན་བཅོས་བརྒྱུད་རིམ་ཙམ་གཅིག་མཚུངས་ཡིན་རྒྱུ་ཡིད་ཆེས་བྱས་ཀྱང་། དོན་དངོས་སུ་སྨན་བཅོས་དང་གཟུགས་དབྱིབས་ཙམ་མ་ཚད་པར། ཁོང་གཉིས་ཀྱི་འཚོ་བའི་གོམས་གཤིས་དང་། མི་ཚེའི་དགའ་ཕྱོགས། ཆོས་ལུགས། ཐ་ན་ཆབ་སྲིད་མི་སྣ་འདེམས་སྟངས་ནང་བཟུང་ཁོང་གཉིས་བར་ལ་འདྲ་མཚུངས་ཤིན་དུ་མང་བས་ཚང་མ་ཧང་སངས་སུ་བཅུག་ཡོད།

ཁོང་གཉིས་ཀ་ལ་བུ་རེ་ཡོད་ཅིང་། གཉིས་ཀའི་མིང་ལ་རྗེམས་ཞེས་བཏག་ཡོད་པ་དང་། གཅེས་ཉར་ཁྱི་གཉིས་ཀྱི་མིང་ཡང་ཌོ་ཡེ་་ཞེས་གཅིག་པ་ཡིན། ཁོང་གཉིས་མི་དགའ་སའི་རྩེད་མོ་གཅིག་པ་ཡིན་ལ། སྲིད་འཛིན་འདེམས་སྐོ་སྐབས་འོས་ཤོག་འཕེན་ས་ཡང་མི་གཅིག་ཆགས་ཡོད། མ་ཚད་ཁོ་གཉིས་ཀྱི་བཟའ་ཟླ་ལ་བསྐུར་བའི་བརྩེ་འཕྲིན་རྣམས་ལ་ཞིབ་འཇུག་བྱས་དུས། བརྗོད་བྱ་དང་ནང་དོན་ཚང་མ་ཡང་མི་གཅིག་གིས་བྲིས་པ་ལྟར་ཕལ་ཆེ་བ་གཅིག་མཚུངས་ཡིན་པ་རེད།

ཞིབ་འཇུག་དེ་བརྒྱུད་ནས་ང་ཚོའི་མི་གཞི་ཀུན་སྤྱོད་ནི་ཕ་མེས་ཀྱི་རིགས་རྒྱུན་ནམ། རིགས་རྫས་ལ་ཧ་ཅང་རག་ལས་ཡོད་པར་ར་སྤྲོད་བྱུང་སྟེ་ཐག་གཅོད་གནང་ཡོད། དེ་ཕྱིར་ང་ཚོ་བོད་ཀྱི་ཕ་མ་ཚོས་རང་གི་ཕྲུ་གུ་གཉེན་སྒྲུག་སྐབས་རིགས་རུས་ལ་ལྟ་བུའི་གོམས་གཤིས་ཤིག་ཡོད་པ་ནི་ཚན་རིག་གི་ཞིབ་འཇུག་གྲུབ་དོན་དང་མཐུན་པ་ཞིག་རེད་འདུག་སྙམ། ༩/༣/༢༠༢༢


发布     👍 0 举报 写留言 🖊   
✋热门推荐
  • 【Wishh 旺角始創中心店️,旺角區只此一家!!】 旺角始創中心店(MK01) 地址:旺角彌敦道750號始創中心1樓119號舖 電話:3140 6122 營
  • 爱在华师大[心](微博上咋啥都能吵,啥都能杠……)回母校两个校区,向老师们请教,在工作也在生活。况且学校还有很多其他食堂,这个食堂也不怎么好吃,去的人也不多(b
  • #不可辜负的美食[超话]# 今日份早餐 Look:咖喱鹅蛋配料:咖喱、鹅蛋、方腿、洋葱、胡萝卜、美肠、小葱饮品:抹茶拿铁水果:芭乐(终结❗️)[笑cry]像我这
  • 【诗72:13】他要怜恤贫寒和穷乏的人,拯救穷苦人的性命。【诗72:12】因为穷乏人呼求的时候,他要搭救;没有人帮助的困苦人,他也要搭救。
  • 整合国际化音乐资源,联手环球音乐旗下电音厂牌Astralwerks美籍华裔DJ、制作人组合BEAUZ,特别推出全新单曲《不落的音符》(BEAUZ Remix)在
  • 心中不可少善,行事不可无诚的心,对待每一个人;以负责的心,做好份内的事;以谦虚的心,检讨自己的错误;以不变的心,坚持正确的理念;以宽阔的心,包容对不起你的人;以
  • 这座图书馆采用钢筋混凝土拱形和玻璃结构,是多摩美术大学追求“自由意志”的一个富有动感的标志更多日本留学问题请私聊君君哦~[污]#日本留学# #留学申请季# #
  • 22 POMELO SKIN 拥有橙子般多汁滴质感,偏橘色的裸棕色23 NUCADAMIA 像是夏威夷果的棕色调,特别气质,这个系列偶最喜欢的一支24 PEEL
  • 可爱温暖而励志的朋友圈文案 1、日子很狗,但我不敢骂他,怕他疯狂咬我 2、会议内容只有一句“散会吧”是和我有关系的 3、黑眼圈是昨日心事的落款 4、日落
  • 坐标:杭州[微笑R]项目:全切双眼皮去皮去脂+上睑下垂矫正手术后悔没早点做系列,哈哈哈哈哈[大笑R] [偷笑R]因为我本身是在从事服装行业的,要面对形形色色很多
  • 行讯宝,工程行业资讯、标讯、分类信息三大功能,是您监测招标信息的“千里眼”、获取行业资讯的好帮手,V1.2版(苹果及安卓)已正式上架各应用市场。“通辽在线”是通
  • 失而复得后的国宝,此后再没离开它的主人一步。卢荫寰在信中告诉老师,她看到了老师两年前丢失的《八十七神仙卷》。
  • 感恩你们来,因为你们的无私与温暖,不仅仅在文字中照见自己,对未来更加充满勇气,还将这些文字变成“礼物”去鼓舞更多还在“战斗中”的姐妹;感恩你们来,让我们可以一起
  • 请风水师来看出租屋摆设…侧面打听我工资…我跟你说过我家是哪儿的吗上来就说你们菏泽…我不是菏泽的啊~自顾自地说我是我们公司的客户,因为喜欢才会加入公司…自己垫资跑
  • 我的祷告,蒙了允准,不晓得有几千万次。当觉得自己什么都不能做的时候,仍可以做一件事,就是祷告。
  • 开创后疫情时代旅交会新形态 为丰富论坛展示窗口,提升论坛受众覆盖面,促进旅游业界线上交流与合作,主办方同步打造中英文2021中国(郑州)国际旅游城市市长论坛暨郑
  • 国家级非物质文化遗产项目(京剧)代表性传承人,国家京剧院艺术风格的奠基者之一,国家京剧院艺术指导委员会顾问。划开水平面假象,识破了我心里所有慌张,满满诚意篇章,
  • 这个观点我个人也是比较赞同的,“庄生蝴蝶,望帝杜鹃”两个典故表达了阴阳两隔之意;“沧海珠泪,蓝田玉烟”则抒发了自己的哀痛和对人生如烟的感慨。不知道——李商隐的《
  • #小孙提醒#【厕所里的6大危险场景,每个人都要避免】在普通人眼里,厕所是“解放真我”的场所;在医生眼中,厕所是急救人员常光临的地方。【厕所里的6大危险场景,每个
  • 讲解了酒后驾驶对自身、对家庭、对社会的严重危害性以及相关的法律处罚依据,让大家充分认识到酒驾不仅存在交通安全隐患,而且是对驾驶员、家庭、社会的不负责,尤其是醉酒