རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གི་སྡེ་སྣོད་འཛིན་པ་དགེ་ལེགས་ཕུན་ཚོགས་མཆོག་མདོ་ཁམས་འབར་ཆུང་དྷཱིཿདམར་བཤད་གྲྭ་ལ་དཔེ་ཁྲིད་མཁན་པོར་ཕེབས་པའི་ཡུལ་ངོས། 在2024年2月27日从佐钦旭日升那烂陀佛学院前往西康玛琼德玛佛学院格勒彭堪布讲学现场
མེ་འཁོར་གྱིས་དུང་བརྡ་རིང་པོ་ཞིག་བུས་རྗེས་ཀྱི་དུས་འདི་ནས་བཟུང་སྟེ། ཁྱོད་རང་ངའི་སེམས་ཁོང་ལ་འགྲུལ་བཞུད་ཀྱི་འགོ་ཚུགས་པ་རེད། ད་ནས་ཆུ་ཚོད་དང་སྐར་ཆ་རེ་རེ་བཞིན་ཁྱོད་རང་ངའི་སེམས་ཁོང་གི་རི་ཆུ་དང་ཡུལ་ལྗོངས་མཐའ་དག་ལ་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད། ས་བབ་དམའ་བའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེ་ནས་མུ་མཐའ་བྲལ་བའི་བྱང་ཐང་དང་བརྗིད་ཆགས་ཀྱི་གངས་རི་གྲངས་མེད་བརྒལ་ཏེ་ས་མཐོའི་ཡུལ་གྲུ་འདིར་བསླེབ་རག་ཏུ། ངས་ཁྱོད་ལ་རེ་སྒུག་དང་མཇལ་འཛོམས་ཀྱི་སྨོན་འདུན་གྱིས་དམ་དུ་འཁྱུད་ངེས་ཤིང་། འཕྲད་ཡོང་འཕྲད་ཡོང་ཞེས་འགྱངས་པའི་ལོ་ཟླ་དེ་ཚོའང་གཏམ་རྒྱུད་ཅིག་གི་མཛེས་སྡུག་ལ་བསྒོམ་པར་སྲིད། 2024/2/27
༄།།གཙག་སྣུན་རེག་བྱས་ལྭ་བའི་སྲུབས་ཀ་བརྟོལ།།
ཐལ་རྡུལ་རླུང་བུས་འདྲེན་བྱེད་བདེ་བ་འཕྲོག །
འོན་ཏེ་བརྩེ་གྲོགས་དཔྱིད་དཔལ་རབ་འཛུམ་པས།།
ལུས་སེམས་དགའ་བའི་སེམས་ཚོར་གམ་ན་ཡོད།།
ཐལ་རྡུལ་རླུང་བུས་འདྲེན་བྱེད་བདེ་བ་འཕྲོག །
འོན་ཏེ་བརྩེ་གྲོགས་དཔྱིད་དཔལ་རབ་འཛུམ་པས།།
ལུས་སེམས་དགའ་བའི་སེམས་ཚོར་གམ་ན་ཡོད།།
✋热门推荐