ཕ་ཡུལ་དུ་སྔ་མོར་བླ་མ་ཉམས་ལེན་པ་མང་པོ་བྱོན་མྱོང་བར་གོ་ཡོད་ན་ཡང་།བླ་མ་དེ་དག་ལ་རྒྱུས་ལོན་ཅི་ཡང་བྱས་མྱོང་མེད།ད་ལན་ཟླ་གཅིག་དང་ཉི་མ་བཅུའི་རིང་ལ་ཆོས་མཐུན་གྱི་གྲོགས་པོ་འགའ་དང་མཉམ་པོར་ཕ་ཡུལ་གྱི་བླ་མ་རྣམས་ཀྱི་གསུང་ཆོས་ལ་གང་འཚམ་ཞིག་བལྟས་པ་ཡིན། དྲང་མོར་བཤད་ན་ཕ་ཡུལ་དུ་བྱོན་པའི་བླ་མ་དེ་དག་གི་ཉམས་རྟོག་འདི་འདྲ་རེད་ཅེས་བཤད་མི་ཤེས་ན་ཡང་།གསུང་ཚུལ་ནི་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་གནད་དུ་བརྩིས་ནས་རྟག་པར་གསུངས་ཀྱིན་འདུག་པས་ལུང་པ་དོག་མོ་དེ་ནས་ཉམས་སུ་ལེན་པ་ལ་ནི་ཐེག་དགུའི་རྩེ་མོ་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་རྐྱང་བར་འབད་པ་བྱས་འདུག་སྙམ་པ་བྱུང་།བླ་མ་དེ་དག་གི་གསུང་ཆོས་ནང་དུ་ཕྱག་ཆེན་གྱི་སྐོར་མང་ཙམ་གསུང་འདུག་ལ་ལྟ་དཔེའི་ནང་དུ་ཕྱག་རྒྱ་ཆེན་པོ་གང་གཱ་མ་དང་དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་རྣམས་བཞག་འདུག་པས་ཕ་ཡུལ་གྱི་བླ་མ་རྣམས་གྲུབ་མཐའ་བཀའ་བརྒྱུད་པ་མིན་ནམ་སྙམ་པ་ཡང་བྱུང་།ཡིན་ན་ཡང་དེ་ནི་རང་ལ་ཐོས་རྒྱ་ཆུང་བས་ལན་པ་ལས་ཕྱག་རྫོགས་ཟུང་འཇུག་གི་གདམས་པ་ཉམས་སུ་ལེན་པས་ན་རྒྱལ་བ་དཔལ་ཡུལ་པ་ཞེས་བཤད་སྲོལ་ཡོད་པར་འདུག གང་ལྟར་ཕ་ཡུལ་གྱི་བླ་མ་རྣམས་ཀྱི་ཞལ་ངོ་སོ་མ་ཞིག་མཐོང་སོང་། བཤད་རྒྱུན་ཞིག་ལ་ཕ་ཡུལ་གྱི་བླ་མ་བློ་གྲོས་ཞུ་བ་དེས་དག་ཡིག་སུམ་རྟགས་གང་ཡང་སྦྱང་མྱོང་མེད་ན་ཡང་ཡི་གེ་འབྲི་སྐབས་ཡིག་ནོར་སྲིད་ཀི་མ་རེད་ཟེར་བ་ཅིག་འདུག  དེ་ཡང་བླ་མ་རང་གིས་བྲིས་པའི་ཕྱག་དཔེ་ལ་བལྟས་ན་བདེན་ཆོག་ཆོག་ཅིག་ཡིན་འདུག བླ་མ་བློ་གྲོས་ཞུ་བ་དེ་ལ་བྲག་དཀར་སྤྲུལ་བའི་སྐུ་རིན་པོ་ཆེས་ཀྱང་རྩིས་ཆེན་བླ་མེད་བྱས་འདུག་པས་དེ་ཡང་གང་ཟག་ལ་རྟོན་པ་རྣམས་ཀྱིས་གོ་ན་ཡག་པོ་ཡོད་ཚོད་རེད།བླ་མ་བློ་གྲོས་ཀྱི་བླ་མ་ནི་གེ་རྒྱ་ཆོས་གྲགས་ཞུ་བ་དེ་རེད་ལ། དེ་ཡིས་བླ་མ་མི་ཕམ་ལ་མཇལ་ནས་བླ་མ་མི་ཕམ་གྱིས་ཀྱང་བསྟོད་སྔགས་མཛད།དེ་ཡང་བླ་མ་བློ་གྲོས་ཀྱིས་མཛད་པའི་གེ་རྒྱ་ཆོས་གྲགས་ཀྱི་རྣམ་ཐར་ལས།དེ་ནས་འཇམ་དབྱངས་རྣམ་འཕྲུལ་མི་ཕམ་༼རྗོགས་ཆེན་འཇུ་མི་ཕམ་རྣམ་རྒྱལ་མཆན༽མཇལ།།རྟོགས་འབུལ་མཛད་ནས་ཤིན་ཏུ་ཐུགས་དགྱེས་ནས།།དེང་སང་རྟོགས་ལྡན་ཁྱེད་ལྟར་ངོ་མཚར་ཆེ།།ཁྱེད་ཀྱི་དགོངས་པ་བདག་གིས་ལན་མི་སྤོབ།།གསུངས་པས་ཐལ་མོ་སྦྱར་ནས་སྤྱན་ཆབ་བསིལ།ཞེས་པ་ལྟར་ས་ལམ་གྱི་རྟོགས་པ་ལྡན་པའི་ཉམས་ལེན་པ་ཞིག་ཡིན་འདུག བླ་མ་བློ་གྲོས་ཀྱི་སློབ་མ་བློ་མ་བློས་ངག་ནི་བཤད་རྒྱུན་ལ་སྟོང་ཉིད་བཅོ་བརྒྱད་གཏན་ལ་ཕབ་ཡོང་ཚེ་ཡུམ་དུམ་པ་བཅུ་གཉིས་བློར་ཡོད་པ་ཞིག་ཡིན་པར་བཤད།ངས་གྲོགས་པོ་ཚོ་ལ་ཨ་མཚར་བརྩིས་ནས་ཡུམ་དུམ་པ་བཅུ་གཉིས་བློར་ཡོད་མེད་གསུང་ཆོས་ནང་དུ་མདོ་ལུང་ཅི་ཙམ་དྲངས་ཡོད་མེད་ལ་ལྟ་དང་ཤེས་ཞེས་བཤད་པ་ཡིན། ཕ་ཡུལ་གྱི་བླ་མ་བློས་ངག་དང་དཔའ་རྡོར་གཉིས་ཀྱིས་ཨ་འཛོམས་འབྲུག་པ་རིན་པོ་ཆེ་ལ་རྟོགས་འབུལ་བྱས་ཤིང་ཨ་འཛོམས་འབྲུག་པས་ཀྱང་བླ་མས་སློབ་མའི་མགོ་མ་བསྐོར་བ་སློབ་མས་བླ་མའི་མགོ་མ་བསྐོར་དེ་འདྲ་དགོས་རེད་ཟེར་ནས་བསྟོད་པའི་མེ་ཏོག་གཏོར་བར་བཤད། གང་ལྟར་བླ་མ་དེ་དག་གི་གསུང་ཆོས་ནང་དུ་མདོ་དང་རྒྱ་གཞུང་ཀུན་མཁྱེན་ཀློང་ཆེན་པའི་གསུང་རྣམས་མང་དུ་དྲངས་འདུག་པས་མཐོང་རྒྱ་ཐོས་རྒྱ་ཤིན་ཏུ་ཆེན་པོ་ཡིན་པར་སེམས་ལ་ཕ་ཡུལ་སྨྲ་རུང་དུ་ལོ་ངོ་བརྒྱ་ཡན་ཆོད་དུ་བྱོན་པའི་བླ་མ་རྣམས་ནི་མཁས་ཤིང་གྲུབ་པ་ཤ་སྟག་ཡིན་འདུག་བསམས་ནས་སྙིང་དབུས་སུ་དད་སེམས་གཙང་མ་རེ་ཡང་སྐྱེས། གང་ལྟར་ཡིད་ཕངས་པ་ཞིག་ལ་རིག་གསར་བཅོས་བསྒྱུར་སྐབས་ཡི་གེ་མང་པོ་གཏོར་བཤིག་ཐེབས་པས་བདག་མ་ཐུབ་པར་བཤད། དེ་ནི་གྱོང་གུད་ཞིག་ཅི་ལ་མིན་ཨང་།

ཁྱེད་ཀྱི་ནམ་མཁར་སྐར་ཚོགས་ཤར་འདུག་གམ།

ཁྱོད་ཡོད་སའི་མཚན་མོའི་སྨག་རུམ་མཐུག་གམ། ཁ་བའི་ཁྲོད་ཀྱི་ཁྱེད་རང་བདེ་མོ་ཡིན་ནམ།
གནས་འདིར་ན།

ལྷང་འཇགས་ཀྱི་སེམས་པ་ཞིག་ལྷག་དུ་བསྐྲུན།

ཚིག་ལ་དོན་འདྲེས་དོན་ལ་རྒྱབ་རྟེན་ལྡན༎
འདས་པའི་དོན་གསལ་དཔེ་བཟང་འདི་མཇལ་བས༎
བན་དེ་ཡིན་ན་ཕོ་ཡིན་མ་ཁྱབ་དང་༎
བསྟན་པ་སྔ་དར་དུས་སུའང་གངས་རིའི་ལྗོངས༎
དགེ་སློང་མ་ཡི་སྡོམ་རྒྱུན་འབྱུང་ཞེས་སྨྲ༎[咖啡][微笑][抱抱]


发布     👍 0 举报 写留言 🖊   
✋热门推荐
  • 人是革囊(出自《出曜经》) 【原文】拘睒(shan)弥国有摩因提,生女端正,将诣佛所,愿给箕帚。佛言,汝以女为好耶。曰,从头至足,周旋观之,无不好也。佛言,惑
  • 倪姐再来也不怕她了、当初她说这里面的人我拿一个能打得过呵呵哒才几个月我就已经不把你放在心里了晚上用了⭐给的拍子、超级无敌防守拍。后场没有想象中那么吃力、真的是够
  • 下一个配置来到了2.0T的车型,这台发动机也算是技术堆料的一台2.0T,官方指导价为20.68万元,实际上搭配优惠是非常有竞争力的,配置方面基本和1.5T的
  • ”刚开始的时候她让我吃,我就不好意思,她说让我吃,我就吃了,我发现她不让她老公吃,也不让她女儿吃,我就越吃我越来气,就不吃了。”刚开始的时候她让我吃,我就不好意
  • 泡茶时,茶的好坏并不重要,重要的是你对待茶的心态。泡茶时,茶的好坏并不重要,重要的是你对待茶的心态。
  • 根据两人共同症状体征,陈医生迅速要求打电话回两人居住的石材厂宿舍,派人查看一下是否有炭火燃烧的痕迹。随后急诊科医护人员携带急救设备立即赶赴现场,当看到两位患者都
  • ◆上证报:有私募人士透露,2021年12月部分托管方收到窗口指导,后续私募管理人在客户亏损的情况下不得计提超额收益部分的业绩报酬,而且计提完成后客户持有份额不能
  • 7月11~17日,川西行摄团开启~香巴拉并不遥远(第2期)我们将带领大家去探寻G317神秘震撼的藏地人文风光,欢迎有兴趣的影友私信13708075521~ 旅拍
  • 如今的他,是冷寂的松间明月。如今的他,是冷寂的松间明月。
  • 该地块面积约13.86万平方米,计划开发成为集商业、居住、文化于一体的大型城市综合体项目。  出售的项目为融创一江源,位于武汉市硚口区宗关铁桥片区。
  • 人长大了,任性的机会就少了。一切似乎都按了快进键,被社会推着走,就像有条恶犬在追着你跑,被追上了,可能你就会被咬的血肉模糊。
  • #每日一善[超话]#[玉兔] #阳光信用# [玉兔] #每日一善# 『指路必hui』不要去后悔,无论怎样都不要去后悔,后悔的情绪比你所做错的事更加可怕,因为这会
  • 趁着凌晨来给我们家婷崽写微博:19岁的我已经不再担心15岁的我担心的事情了,因为我的初中遇到了你,越长大愈发觉得拥有你这样好的朋友是我难能可贵的好福气。喜欢你的
  • 近期股市连续下挫,很多个股绵绵下跌,机会是跌出来的,这也意味着很多个股机会开始凸显,今天给大家介绍一种底部抓短线反弹的战法“放量长阴”此形态代表着行情已经完成筑
  • 术后效果自然,极少有变形移位,只是审美稍微保守一些,适合喜欢原生效果的小仙女们。赶紧收藏吧广州美莱明星医生:刘豪刘豪医生‍⚕️在眼、鼻部综合整形手术方面强调精细
  •     21年牛年,这年正财到来,正财表示老婆,这年命局相合,有感情缘分,但是这年属马的刑害太岁,也是波动大,成功希望不大。    综合来分析,建议你未来两年还
  •   据介绍,自体脂肪移植术也是近年非常流行的整形手术之一,有关脂肪生物学的基础研究和自体脂肪移植的临床研究发现,自体脂肪是比较理想的填充物,其中含有的干细胞等成
  • 经常刷到我朋友圈的,都会了解我,我说的最多的就是产品,人品。我希望时光回到那一年,彼此心里只有对方的我们,我想这样的出行才是我期待的吧!
  • 人往往陷入情感的时候,就是不愿意去承认某些存在的问题,或者刻意不去思考面对,自我逃避,无论何种情感,它必然有它的感性,但同时理性是在的,不可否认很多时候的感情,
  • 糞ジャニーズ事務所の糞ども社長も幹部もタレントも従業員全員ひとり残らず覚えとけ。!