ཁེར་ཧྲེང་གི་སྐྱོ་གཏམ།
          
                                             སྙན་དུངས་ཀྱིས་བྲིས། 

ནམ་ཞིག  ཁྱོད་ང་དང་བྲལ་ནས་འཕགས་ཡུལ་གྱི་ཞིང་ཁམས་ཞིག་ན་རང་ཉིད་ལ་འོས་ཤིང་འཚམས་པའི་མི་བུ་ཞིག་དང་ལྷན་དུ་གནས་བའི་སྐབས་དེར།   བདག་གིས་ཁྱོད་ཀྱི་རྒྱབ་གཟུགས་ལ་ཟུར་མིག་གིས་བལྟས་ནས་མིག་ཆུ་ཡི་རྒྱ་མཚོ་ཞིག་འཁྱིལ་ངེས། ལང་ཚོའི་འགྱུར་བག་ཁྲོད་ཁྱོད་ཉིད་སྔོན་ཆད་དང་མི་འདྲ་བ་ཞིག་ཏུ་འགྱུར་སྟེ།  ཁྱོད་ཀྱིས་ང་ལ་རྒྱུན་འདུན་སྟེར་བས་བཅོས་མ་མ་ཡིན་པའི་འཛུམ་མདངས་དེ་མི་འདུག   སྨུག་རུམ་གྱི་ཁྲོད་དུ་བདག་གིས་ཁྱོད་དྲན་ནས་མཚན་མོའི་ཟླ་འོད་ལ་བལྟས་ནས་འདས་ཟིན་པའི་འུ་གཉིས་ཀྱི་བརྩེ་དུང་ལ་ཕྱིར་དྲན་བྱས་ནས་ཁེར་རྐྱང་དུ་སྡོད་སྐབས། མཚན་མོའི་སྐར་ཚོགས་ཀྱི་འོག་ནས་ལྷང་ལྷུང་གི་རླུང་འཇམ་ཞིག་གི་ཁྲོད་ནས་བདག་གིས་ཁྱོད་ཟེར་བ་ཞིག་དྲན་ནས་ངུ་འབོད་བྱས། ཐ་ན་མི་བྲག་རིའི་ཀྱང་མ་བཟོད་འདྲ་ཕྱི་སྐད་རེ་སྒྲོགས་གིན་འདུག
 ཁྱོས་ཁོ་བོ་ཤུལ་དུ་བསྐྱུར་ནས་རྒྱང་ཆད་ཚེ་ཕྱིར་མིག་ཞིག་གི་བལྟས་ཙམ་མ་བྱས།  ཁྱོད་ལ་མཚོན་ན་ང་ནི་རིན་ཐང་མེད་པའི་དངོས་པོ་ཞིག་དང་འདྲ་བའམ་ཡང་ན་ལྟ་འདོད་མེད་པའི་གློག་བརྙན་ཞིག་དང་མཚུངས་མོད། ཁྱོད་ང་ལ་དབང་པའི་ཆེད་དུ་ངས་ཡོད་ཚད་ལས་ལ་གཏོང་ཐུབ་པ་མ་བཟོད་མི་ཚེ་ཧྲིལ་བོ་ཡང་ཁྱོད་དང་ལྷན་དུ་རྫོགས་ན་འདོད་པའི་ཕུགས་འདུན་སྐྱེས། ངའི་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ནས་མ་འོངས་པའི་འཚོ་བ་ལ་འདང་རེ་རྒྱག་སྐབས།ཁྱོད་ཀྱི་གྲིབ་མ་ཞིག་ཀྱང་མི་མཐོང་པའི་མཚན་མོ་དེར་ཁྱོད་ཉིད་ངའི་གམ་དུ་ཡོད་ན་བསམ།     མཚན་མོ་དེར་ཁྱོད་ཀྱི་བཞིན་རས་ངའི་སྙན་ངག་འབྲི་སའི་ཤོག་དཀར་དེ་ཡི་ངོས་སུ་བབས་ལ།        བྲིས་པའི་འཕྲིན་ཐུང་ངམ་ཡང་ན་སྐྱོ་གདུང་གིས་ཟིན་ཐོ་ཞིག་ཏུ་བབས་སོ།།

མི་ཞིག་ལ་དགའ་བ་ནི་རྒྱུན་ལྡན་ཡིན་པའི་དབང་དུ་བཏང་རུང་། མི་ཞིག་ལ་ནམ་ཡང་དགའ་ཞིང་། ལོ་ཟླ་ག་ཙམ་སོང་ཡང་མི་དེའི་ལུས་ངག་ཡིད་གསུམ་ལས་ཡིད་དུ་མི་འོང་བའི་ཆ་ཙམ་ཡང་མི་མཐོང་བ་ནི་རྒྱུན་ལྡན་ཞིག་ཡིན་མི་སྲིད་སྙམ། འདི་ནི་ལྷད་མེད་ཀྱི་བརྩེ་བ་དང་། ཟོལ་མེད་ཀྱི་དགའ་བ་ལས་བྱུང་བའི་ནུས་པ་དང་། ཡང་ན་མི་སེམས་དང་མི་སེམས་འདྲེས་པའི་སྣང་ཚུལ་ཞིག་ཡིན་སྲིད།

#རྗེ་འབངས་ཉེར་ལྔ།# ༡༡༽ སློབ་དཔོན་ཡེ་ཤེས་དབྱངས།
ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་བྲི་མི། གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན།།ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་སྟེ།། ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན།། ཞེས་སོགས་གསུངས་པ་ལས་ཤེས་སོ།། གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང༌། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨཱ་ཙ་རའི་ཆ་བྱད་དུ་བྲི་བའང་སྣང༌། རྟེན་རབ་བྱུང་ཡིན་ནོ།།


发布     👍 0 举报 写留言 🖊   
✋热门推荐
  • 河池市第二高级中学于2021年11月10日晚,举行高二爱国合唱比赛。歌声,留给我们美好的青春回忆;歌声,能丰富我们璀璨的年华;歌声,承载着我们美好的理想。今天河
  • 科三考试的那些事 我是白城市隆运驾校的考生今天好开心,科三考试通过了,初冬的天很冷,心里却是温暖的。我是第五次才通过的考试,前几次考试失败的经历,心情已经沉
  • #美食图片##美食博主##情侣头像# 愿生活不太拥挤 愿笑容不必刻意 采玉上山颠,探珠入水府。——姚台 [生病]圣人无常师——韩愈《师说》 实境何如意境
  • 很有意境的小短句[心] 1.平安喜乐,得偿所愿。 2.生而自由,爱而无畏。 3.花花世界,静守己心。 4.万事顺遂,毫无蹉跎。 5.凛冬离去,雪融草青。 6.
  • 一直有这样的困惑,“鸡生蛋,还是蛋生鸡”的问题——民主素质教育与民主制度建设应该孰先孰后? 前中国社会科学院副院长李慎之先生有回答。李慎之认为,中国要否定封建专
  • #热门楼盘推荐#【铜山区汉王听泉小镇】 价格:约13000元/㎡ 全部户型:二居室(83~89㎡) 三居室(109~138㎡) 四居室(143㎡) 楼盘概况:汉
  • 我现在能够明确自己的热爱,并且拥有收集快乐的能力,归根结底还是要感谢我妈妈。2013年我开始喜欢吴青峰,2014年的暑假正好赶上苏打绿巡演,我鼓起勇气小心翼翼地
  • #高田夏帆[超话]##tokusatsu-heroines##假面骑士build##高田夏帆# ins更新[抱一抱] 今夜2話放送! もはやうぶきゅんなのか?
  • 【#单身# 帖】#深圳相亲# 男嘉宾编号:17935[鲜花] 【基本资料】 ①出生年月/星座:199610/天秤 ②身高/体重:175/65 ③户籍地:深圳南
  • 无底坑 文/星云大师 “无底坑”是一个黑洞,见不到底,多少东西放进去,永远不会溢出来。 有人说“欲望就是无底深坑”、“欲壑难填”,欲望不就是“无底坑”吗?有
  • 【“四送一服”专项行动助力企业高质量发展】 11月9日下午,区市场监管局负责人带队走访安徽省对外经济贸易发展有限公司、安徽黄金销售管理有限公司、安徽安联浆纸有限
  • 《圆觉经》虽复本来金终以销成就 (第十四段) 【善男子!一切如来妙圆觉心本无菩提及与涅槃,亦无成佛及不成佛,无妄轮回及非轮回。善男子!但诸声闻所圆境界,身心语言
  • 冬天|我记忆中的样子 拎着保温瓶,在漫天大雪中游荡。 泡一袋茶,边赏雪边喝。 路边都是打雪仗的孩子❄️, 后面追随着都是各个妈妈的喊叫声, 慢一点、慢一点.
  • 最近,“连续10年去湘西支教”的海归女硕士龙晶睛在全网走红。 就在她成为众多官方媒体版面的头条时,有人指出她作秀、摆拍、敛财……面对不断而来的质疑,龙晶晴从网
  • 【恰饭】绽家留香洗衣珠+内衣裤洗衣液 复团 来自新西兰百分百进口的绽家内衣裤洗衣液,没有任何有害化学成分,天然植萃百分百安全放心!这款洗衣液采用的是美国进口的
  • 家人们在吗 【11.10 】 这是我们第一次进入保税仓直播,说实话紧张又激动! 家人们有钱的捧个钱场,囊中羞涩的捧个人场 ❤我们准备的️福利秒杀!惊喜抽奖少不
  • 【晉環累沽624伙 管翠路項目明年應市】近期路勁積極推售旗下新盤,封海倫再指,其中與港鐵合作發展,位於黃竹坑港島南岸的晉環,項目提供800伙,已累沽624伙,佔
  • 怎样才是真正的念佛人? “一声一念等”之释者,信念佛之样也; “念念不舍者”之释者,行念佛之样也。 因为善导大师对“乃至十念”是这么解释的,“上尽一形,下至
  • #书法家[超话]#寒夜客来茶当酒,竹炉汤沸火初红,寻常一样窗前月,才有梅花便不同。[good][赞啊][握手][可爱][鲜花][微风][小红花]书法集锦,墨宝系
  • 你是我今生未完的相遇,倾尽佳话执笔,绘一场梨花雪月,等风起,看城下烟波如你。愿我如星君如月,夜夜流光相皎洁我可以错过朝阳,错过落日,但只有你我不能错过今天天气比