ལག་སྟོང་གཤིན་ཡུལ་འགྲིམ་པའི་མཁས་པ་མང་།

མཁན་ཆེན་འཆི་མེད་རིག་འཛིན།

འདི་སྒྲུབ་དེ་སྒྲུབ་རེ་བའི་དམ་བཅའ་མང་། །
གྲུབ་པའི་འབྲས་བུ་གང་ཡང་མཐོང་རྒྱུ་མེད། །
དེ་འདྲའི་དོན་མེད་ངལ་བ་ད་ཐོངས་ལ། །
ཆོས་གཅིག་བསྒྲུབས་པའི་དམ་བཅས་མི་ཚེ་སྐྱོལ། །

ཐོས་པའི་ཆོས་དོན་རྒྱུད་ལ་མ་སྦྱར་བར། །
མང་མང་གཞུང་ལ་སྦྱངས་ནས་ལོག་ལམ་དུ། །
འཁྱམས་པའི་ཆོས་དྲེད་ལམ་གྱི་གཡང་ས་འདིར། །
ཐར་པ་འདོད་ན་སྙིང་ནས་དོགས་ཟོན་གྱིས། །

ཚོང་པ་ཚོང་གི་ལས་ཀྱིས་བྲེལ་ཚུལ་ལྟོས། །
ཞིང་པ་ཞིང་གི་ལས་ལ་འབད་ཚུལ་གཟིགས། །
སྐྲ་བཅད་ངུར་སྨྲིག་བགོས་པའི་ཆ་ལུགས་དེའི། །
རེ་བའི་དོན་པོ་གང་ཡིན་ཐུགས་བསམ་བཞེས།

གློ་བུར་འཆི་བའི་བསུ་མ་བསླེབས་གྱུར་ནས། །
ཐ་མའི་མལ་སར་བརྫི་བའི་ཉིན་ཞིག་ན། །
འགྱོད་མེད་སྤྲོ་བའི་གདེང་ཚོད་ལྡན་པ་ཞིག །
ཆོས་ལམ་བླངས་པའི་དགོས་དོན་མ་ཡིན་ནམ། །

བཀའ་པོད་གཞུང་བརྒྱའི་གླེགས་བམ་བརྩེགས་པའི་ཁྲོད། །
རིགས་ལམ་རྩེ་དགའི་དཔལ་ལ་ཡིད་འཕྲེང་སྟེ། །
འཆད་རྩོད་ཚིག་གི་འཇའ་ཚོན་དེད་དེད་ནས། །
ལག་སྟོང་གཤིན་ཡུལ་འགྲིམས་པའི་མཁས་པ་མང་། །

ལེགས་བཤད་སྨྲ་བའི་ལྕེ་རྩེ་མི་རྣོ་ཞིང་། །
གཞན་སེམས་འགུགས་པའི་ཐབས་ཚུལ་མི་ཤེས་མོད། །
སེམས་རྒྱུད་ཉམས་ལེན་གདམས་པས་ཕྱུག་པ་ཡིས། །
གྲུབ་པའི་གོ་འཕང་བརྙེས་པའི་ཕལ་པ་མང་། །

གསོལ་འདེབས་ཁ་ན་ཡོད་ཀྱང་སེམས་ན་མེད། །
དད་པ་སྡུག་དུས་ཡོད་ཀྱང་སྐྱིད་དུས་མེད། །
དེ་འདྲའི་ཟོལ་ཟོག་དགེ་བའི་འདྲ་འབག་གིས། །
ཤེས་རྒྱུད་འགྱུར་བའི་ཡོན་ཏན་ཐོབ་པ་མིན། །

བག་ཡངས་སོས་དལ་གནས་པའི་ཉིན་སྣང་དང་། །
ཚོགས་དྲུག་འགྱུ་བ་ནུབ་པའི་རྨི་ལམ་ན། །
ནམ་ཡང་ཡིད་ལ་འབྲལ་དུ་མི་གཏུབ་པའི། །
ཡིད་སེམས་བླ་མར་འཁྲེང་བའི་དད་གདུང་གལ། །

མཚུངས་མེད་བླ་མའི་ཞལ་རས་དྲན་ཐེངས་རེར། །
དད་གདུང་མཆི་མའི་ཐིགས་ཕྲེང་ལྷུང་ཐེངས་རེ། །
ལས་ཅན་སློབ་མ་ཞིག་གི་ཚད་ཡིན་པས། །
ཐུགས་ཀྱི་བུ་ཞིག་འདོད་ན་དེ་འདྲ་དགོས། །

ད་ལྟ་སྟོན་འཇུག་རེ་རེ
ཤིན་ཏུ་སྙི་བའི་སེམས་པ་དེའང
གདུང་སེམས་དང་བཅས་འཆར་ཡན་གྱི་བྱེ་ཐང་དུ
ཉི་ཁའི་གཏད་སོ་བཞིན བདེ་སྐྱིད་ཅིག་དུ་སྒོམ

༢༠༢༣/༩/༡༦ཉིན།

མདུན་གྱི་ཅོག་ཙེའི་སྟེང་དུ་ཉི་འབྲུའི་ཤུབས་ཀྱིས་བཀང་འདུག ངས་དུས་ཚོད་ཐུང་ཐུང་འདི་ཙམ་གྱི་རིང་ལ་ཉི་འབྲུ་འདི་འདྲ་མང་པོ་ཞིག་ཟོས་པ་ཡིད་ཀྱི་གཏིང་ནས་མ་སྐྱེས། གློ་བུར་དུ་བྱ་རྒོད་ཅིག་གིས་མཐོང་ཡངས་བའི་ནམ་མཁའི་ངོས་སུ་གཤོག་པ་རྐྱོང་བཞིན་ལྡིང་སྐོར་ལན་གསུམ་བྱས་ཏེ་ལྷོ་ངོས་ཀྱི་སྒང་སྟེང་ནས་ཐག་རིང་དུ་འཕུར་སོང་། ངས་རེ་ཞིག་བྱ་རྒོད་དེའི་རྗེས་སུ་ལྟ་བཞིན་མི་ཚེ་ནི་བྱ་རྒོད་འདི་བཞིན་རྒྱང་རིང་ལ་འཕུར་ཐུབ་ན་སྙམ་བྱུང་།

མི་ཚེ་འདིར་ངས་རང་ཉིད་ནམ་མཁའི་ངོས་ནས་ལྡིང་སྐོར་བྱེད་ཐུབ་པའི་གཤོག་པ་ཞིག་སྐྱེས་མེད་པ་སྔ་མོ་ངོས་ཟིན་ཐོབ་ཡོད།

རྣམ་པ་ཀུན་ཏུ་ལུས་ཀྱི་གཡས་གཡོན་ན་ཐུར་དུ་སྐྱེས་པའི་ལག་པའི་དཔུང་བ་ལ་ལྟ་བཞིན་ཅིའི་ཕྱིར་འདི་གཉིས་གཤོག་པ་ཞིག་ཡིན་ན་མི་ཆོག་སྙམ། གལ་སྲིད་འདི་གཉིས་གཤོག་པ་ཞིག་ཡིན་ཚེ། ངས་སྔ་དྲོ་རེ་རེ་བཞིན་ཞོགས་པའི་མཚམས་སྤྲིན་དང་འགྲོགས་ནས་ཉི་འོད་ཀྱི་ཁྲུས་ལ་ཐེངས་ཤིག་དང་།

ཕྱི་དྲོ་རེ་རེ་བཞིན་ས་སྲོད་ཀྱི་མཚམས་སྤྲིན་ལ་ཕྱིར་མིག་ཐེངས་གཅིག་བལྟས་ཆོག འོན་ཀྱང་ག་ལེར་ག་ལེར་བསམ་བློ་བཏང་ན་ང་ལ་སྔ་མོ་ནས་གཤོག་པ་གཉིས་སྐྱེས་ཡོད་ལས་ཆེ་མོད། དེ་ནི་གཤོག་པ་ཡོད་ཀྱང་ངས་མ་བརྐྱངས་བ་དང་། ཡང་ན་གཤོག་པ་བརྐྱངས་ཀྱང་གཤོག་རྡེབ་མ་ཤེས་པ་རེད་ཅེས་ངས་རང་ཉིད་ལ་ཚུར་འཁོར་ནས་ལྡོག་འདྲི་མང་པོ་ཞིག་བྱས།

བསམ་བློ་ཞིབ་ཏུ་བཏང་ན་དེ་དག་གཅིག་ཀྱང་ཡིན་མི་སྲིད་དེ། ང་ནི་མ་གཞི་ནས་རང་དབང་གིས་འཕུར་ཤེས་པའི་བྱ་ཞིག་མིན་ཏེ། རྒྱ་སྒོ་ནས་ཁྱིམ་ཕུག་དང་ཁྱིམ་ཕུག་ནས་བྱ་ཚང་དུ་འགྲོ་ཤེས་པའི་ཁྱིམ་བྱ་ཞིག་ཡིན་ལས་ཆེ།

དེ་ནི་མ་གཞི་ནས་ངས་ལས་དབང་ཡིན་སྲིད་ཅེས་རང་ཉིད་བྱ་ཞིག་ཡིན་པའི་སྐོར་ལ་བསམ་བློ་ཡང་ཡང་འཁོར།


发布     👍 0 举报 写留言 🖊   
✋热门推荐
  • #不二周助[超话]# yuki姐给网王TV20周年的message: 恭喜网王动画出世20周 助 年!! 不知不觉和网王相遇已经20年了。 第一次看到的景色、
  • #谢谢你,送了半条命给我# 上天向你借了半条命给我 让我拾回初见你们时那股天真善良的劲儿头来。这一路走来我的心灵被污染一大半,现在不论你们说什么,我都打算继续天
  • 徐大胆到了后,就睡午觉了,然后多重梦境唱大戏:梦里球队小伙伴叫一起出去吃饭过十一 我正专心拍太阳下熠熠生辉的具有藏传佛教特色的建筑 一边感叹真美一边发给徐大
  • 【布局海外私人诊所!迈瑞与美国最大医械翻新商合作】8月26日,迈瑞医疗北美公司将其超声系统的分销权交给Probo Medical。据悉,Probo Medica
  • #龚俊copy精##偷偷钉# 笑死了,快来瞧瞧某家 能不能别尬吹了,尼玛你拿我们家23号发的博跟你们十几号发的博比?比就比了不照样不比你们高?还哪来的优越感差不
  • #鄂尔多斯一女子做美甲患上了灰指甲#《美甲要有节制 别让指甲太受伤》近日鄂尔多斯市民发现手指甲不知为何变得非常痒,指甲莫名其妙地失去原有的光泽,变得污黄、青黑,
  • 因为自己刷的太杂有时候发东西不太好意思也没什么观点输出反而经常刷屏占领大家的主页,所以给很多互关的好朋友移除粉丝了但是我没有取关你们!(希望大家别移除我,我还想
  • 国庆假期 第六天,一大早被邻居家的鸡“咯咯咯”吵醒,回笼觉都没睡安稳,就被爸爸妈妈扒拉叫醒,说喝早茶[允悲][哈欠][哈欠] 下午就要离开安乐窝了,嘤嘤嘤不舍[
  • 如何发挥这样的区位和站位优势,政企一体,进一步推动株洲成为内陆地区改革开放的高地,提出如下几点建议:一、创新发展,开创航空动力产业链新局面,在推动高质量发展上闯
  • 近3年来,先后在省市县做了近20场创业分享,培训1000余人次,在沿河创建120个电商服务站,孵化16家企业,为28家企业提供产品服务。近3年来,先后在省市县做
  • 可是糍粑,是必须用净糯米做的,糯米的产量比较低,大多数家里都是不种糯米的。记忆中,我似乎没像其他小孩那样哭闹着要过糍粑,但我们家似乎每年都种有糯米,也许是为了我
  • 当日,光明日报社和经济日报社在中宣部召开的文化高质量发展座谈会上联合发布了第十三届“全国文化企业30强”名单(文末附全名单)。【高质量发展的中国出版集团——聚焦
  • 有的壶明显一点,有的壶则需要仔细观察,但不管怎么样艺人们不会抹杀这些能证明全手工制作的痕迹。如今在紫砂市场,比较著名的紫砂平台也挺多,像福道堂这样专业做手工紫砂
  • “不到半年的时间,孩子的眼睛就看不见了,但他还那么年轻,我们夫妻俩就是砸锅卖铁也得给他治病。人人都有老去的一天,善待身边的老人,就是善待以后的自己。
  • 微博明星势力榜(能送花的糖糖们可以去送花,拉大差距)—————————————————— 数据组进群传送门黑科技轮博群传送门日常见转群传送门我是你的榜榜糖陪你逆
  • 但是每次和奶奶一起出去,看到别的孩子都有爸爸妈妈陪,哭着要冰淇凌,爸爸妈妈就笑嘻嘻的买了,那、是多么的温暖,多么的令我羡慕。马上,我跑出了房间,旁到了,当年我和
  • 明晚全场还有各种超低秒sha和盲盒,你们别错过,记得狠狠薅羊毛,不见不散哟~敲黑板, !!
  • 做了一周的肩背,今天换换做HIIT,下周腿臀。 跳绳600分钟(正212,反210,高210) 5个动作一组x3组,每个动作间隔30秒。 开合跳30个 交叉跳
  • 拼图二三事 /由于我觉得自己缺乏耐心 所以买了块拼图打算锻炼一下自己的耐心 买的时候我知道它有1000块 but我没想到!这么大!76*50真的太大了! /故
  • #道教知识# 吕祖家规十则 一式家长 二整礼仪 三理家规 四勤职业 五节费用 六立内政 七惇新妇 八端蒙养 九陆家族 十正己身 吕祖五言