འགྱུར་ལྡོག་ནི་གོ་སླ་བའི་གཏན་ཚིགས་ཤིག
ཡིད་ཙམ་ལས་འགོར་སྙིང་མེད་པའི་རྟག་འཛིན་ལ་ཤིན་ཏུ་རྣོ།
སྐད་ཅིག་ལ་སྐད་ཅིག་བརྩེགས་དུས་ཅི་ཡང་མ་ཚོར་མོད།
དུས་ཚོད་ཀྱིས་ང་ལ་གསལ་བོར་བཤད་ཡོང་།
དུས་ཚོད་ལ་ཕྱིར་ཟློག་སྲིད་རུང་
ང་ནི་སྔར་བཞིན་འདི་ལྟར་འགྱུར་ངེས།
དར་མའི་གྲུབ་འབྲས་ལ་ཡིད་མ་ཚིམ་རུང་
བླ་མའི་ཐུགས་རྗེ་ལ་ཧ་ཅང་དད། བླ་མའི་བྱིན་རླབས་ལ་ཧ་ཅང་མོས། ༢༠༢༣-༨-༡ འོད་གྲི་ནས།
ཡིད་ཙམ་ལས་འགོར་སྙིང་མེད་པའི་རྟག་འཛིན་ལ་ཤིན་ཏུ་རྣོ།
སྐད་ཅིག་ལ་སྐད་ཅིག་བརྩེགས་དུས་ཅི་ཡང་མ་ཚོར་མོད།
དུས་ཚོད་ཀྱིས་ང་ལ་གསལ་བོར་བཤད་ཡོང་།
དུས་ཚོད་ལ་ཕྱིར་ཟློག་སྲིད་རུང་
ང་ནི་སྔར་བཞིན་འདི་ལྟར་འགྱུར་ངེས།
དར་མའི་གྲུབ་འབྲས་ལ་ཡིད་མ་ཚིམ་རུང་
བླ་མའི་ཐུགས་རྗེ་ལ་ཧ་ཅང་དད། བླ་མའི་བྱིན་རླབས་ལ་ཧ་ཅང་མོས། ༢༠༢༣-༨-༡ འོད་གྲི་ནས།
བར་སྐབས་འདི་ལ་ངས་རང་ཉིད་འཇིག་རྟེན་གཞན་ཞིག་ཏུ་སྐྱེས་འདུག་པ་ལྟ་བུའི་ཁེར་རྐྱང་གི་ཚོར་བ་རྟག་པར་ཚོར། དེ་ནི་གློག་གཟིམས་རྗེས་མེ་ལོང་ལས་ཅི་ཡང་མཐོང་རྒྱུ་མེད་པ་ནང་བཞིན་ངས་རང་གི་སེམས་པའི་ནང་རོལ་གཏན་ནས་མཐོང་ཐབས་མེད། ཡིན་ནའང་དེས་ཁྱེད་ཀྱི་འཚོ་བར་གཏན་ནས་འགྱུར་བ་གཏོང་མི་སྲིད། དཔེར་ན་ཁྱེད་ཀྱིས་ཆར་བ་འབབ་དུས་ཆར་གདུགས་སྒྲོན་པ་དང་། གློག་དམར་ཤར་རྗེས་གོམ་མཚམས་འཇོག་པ་ལྟར་རོ།།
བདག་ཉིད་ཁྱེད་རང་ལ་ཆགས་པའི་བརྩེ་དུང་ནི་ཧྥེ་གླིང་ལྷོ་མའི་ཡོ་ཧན་ནེ་སི་པོའི་(Johannesburg)ཡི་གསེར་གྱི་གཏེར་ཁ་དང་འདྲ་བར་འོད་ཆེམ་ཆེམ་ངང་འཕྲོ་བཞིན་ཡོད། #མཚོ།
✋热门推荐