༄༅། །ཏཱ་ལས་བླ་མ་སྐུ་ཕྲེང་ལྔ་བ་རྒྱལ་བ་བློ་བཟང་རྒྱ་མཚོ་མཆོག་ནི།

རབ་བྱུང་བཅུ་བའི་མེ་སྦྲུལ་ལོར(སྤྱི་ལོ༡༦༡༧)ཡར་ལུང་འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་ཡུལ་དུ་ཡབ་བདུད་འདུལ་རབ་བརྟན་དང་ཡུམ་ཀུན་དགའ་ལྷ་རྩེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ཤིང་བྱི་ལོར་འབྲས་སྤུངས་སུ་སྤྱན་དྲངས། ཤིང་གླང(སྤྱི་ལོ༡༦༢༥)ལ་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། རབ་བྱུང་བཅུ་གཅིག་པའི་མེ་གླང་ལོར་ཡང་རྗེ་འདི་ཉིད་ལས་བསྙེན་རྫོགས་བཞེས། དེ་ནས་འབྲས་སྤུངས་དང་སེ་རའི་ཁྲིར་ཕེབས།

གུ་ཤྲི་ཆོས་རྒྱལ་གྱིས་ཀརྨ་རྒྱལ་རབས་ཕམ་པར་བརྒྱབ་ནས་དབུས་གཙང་ལ་དབང་བསྒྱུར་སྐབས། རྒྱལ་དབང་ལྔ་བ་ཆེན་པོ་ལ་གུས་ཤིང་རྒྱབ་སྐྱོར་བྱས་འོག

ལྷ་སའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་དུ་བཙུགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་བ་ཆེན་པོའི་བཀའ་ལྟར་པོ་ཏ་ལ་གསར་དུ་བཞེངས།

དེ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་པོ་ཏ་ལར་བཞུགས།

ལྕགས་ཡོས་ལོར(སྤྱི་ལོ༡༦༥༡)ཆིང་རྒྱལ་རབས་ཀྱི་གོང་མ་ཤུན་ཙིས་བླ་མ་ཆ་ཀྭར་དང་ཤེས་རབ་གཉིས་རྒྱལ་བར་སྤྱན་འདྲེན་དུ་མངགས་པ་བཞིན་ཏཱ་ལའི་བླ་མ་པེ་ཅིན་དུ་ཕེབས།

གོང་མས་རྒྱལ་བ་ལ་ཡིག་རིགས་བཞི་ལྡན་གྱི་གསེར་གྱི་འཇའ་ས་དང་ཐམ་ཀ་ཕུལ།

རྒྱུ་ནོར་ཕུན་སུམ་ཚོགས་པ་ལེགས་སྐྱེས་སུ་ཕུལ།

ཤིང་རྟ་ལོར(སྤྱི་ལོ༡༦༥༤)ཕྱིར་ལྷ་སར་ཕྱག་ཕེབས། དེ་ནས་ལྔ་བ་ཆེན་པོས་གཙང་དབུས་སུ་དགེ་འདུན་གྱི་སྡེ་དགའ་ལྡན་ཆོས་འཁོར་གླིང་སོགས་དགོན་སྡེ་ཆེ་ཕྲ་བཅུ་གསུམ་བཞེངས།

དགེ་ལྡན་པའི་ལུགས་ཀྱི་གླིང་བཅུ་གསུམ་ཞེས་པ་དེ་ནས་བྱུང་།

སྐུ་ཚེ་སྨད་དུ་སྲིད་དོན་ཕྲ་རགས་ཐམས་ཅད་སྡེ་སྲིད་ལ་གཏད་ནས་ཉིད་ཀྱིས་འཆད་རྩོད་རྩོམ་གསུམ་ཁོ་ནས་རྒྱལ་བསྟན་སྤེལ་བར་མཛད།

གསུང་རྩོམ་གྱི་སྐོར་ལ༼བྱང་ཆུབ་ལམ་རིམ་པའི་ཁྲིད་ཡིག༽ སོགས་གསུང་རབ་ཀྱི་སྐོར་དང༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽སོགས་ལོ་རྒྱུས་ཀྱི་སྐོར་བསྡོམ་པས་པོ་ཏི་སོ་བརྒྱད་ཙམ་བཞུགས།

དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོ(སྤྱི་ལོ༡༦༨༢)ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །

ཞེས་བུ་ཆུང་གིས་ཡི་གེར་ཕབ་པར་དགེའོ།

ཕྱག་འཚལ་བའི་ཕན་ཡོན།
འཇམ་མགོན་ས་པཎ་གྱིས་མཛད།།
༄༅། ། ན་མོ་གུ་རུ་བྷྱཿན་མོ་བུངྔྷ་ཡ། ན་མོ་ངྷརྨཱ་ཡ། ན་མཿསངྒྷཡ།
བདག་གིས་མཆོག་གསུམ་དམ་པར་ཕྱག་འཚལ་ནས། །
བདག་ཅག་འགྲོ་ཀུན་སྡིག་སྒྲིབ་འདག་པར་ཤོག །
ལག་གཉིས་མཉམ་པར་ཐལ་མོ་སྦྱར་བ་ཡིས། །
ཐབས་དང་ཤེས་རབ་ཟུང་འཇུག་འཐོབ་པར་ཤོག །
ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །
ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །
ཐལ་མོ་སྨིན་མཚམས་དཔྲལ་བར་སྦྱར་བ་ཡིས། །
ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག །
ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། །
ངག་གི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག། །
ཐལ་མོ་སྙིང་གི་ཐད་དུ་སྦྱར་བ་ཡིས། །
ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག །
ཐལ་མོ་སྦྱར་བ་སོ་སོར་ཕྱེ་བ་ཡིས། །
གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །
རྐང་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །
འཁོར་བ་ངན་སོང་གནས་ལས་ཐར་བར་ཤོག །
ལག་གཉིས་སོར་བཅུ་ས་ལ་བཙུགས་པ་ཡིས། །
ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །
མགོ་བོའི་དཔྲལ་བ་ས་ལ་བཙུག་པ་ཡིས། །
བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འཐོབ་ཤོག །
ཡན་ལག་བཞི་བོ་བརྐྱངས་བསྐུམས་བྱས་པ་ཡིས། །
འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །
རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡིས། །
རྩ་མདུད་ཐམས་ཅད་མ་ལུས་དགྲོལ་བར་ཤོག །
སྒལ་ཚིགས་དབུ་མ་དགྱེ་སྒུར་བྱས་པ་ཡིས། །
རླུང་རྣམས་མ་ལུས་དབུ་མར་ཚུད་པར་ཤོག །
ས་ལ་ཐུག་ནས་ཡར་ལ་ལྡིང་བ་ཡིས། །
འཁོར་བར་མི་གནས་ཐར་ལམ་འཐོབ་པར་ཤོག །
བདག་གིས་བརྐྱངས་ཕྱག་ཕུལ་བའི་དགེ་བའི་མཐུས། །
གནས་སྐབས་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །
འཆི་ཚེ་བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །
རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་པར་ཤོག །
དགེ་འདིས་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་། །
བློ་ཆེན་རྒྱལ་སྲས་སེམས་དཔའ་ཐམས་ཅད་ཀྱིས། །
མཛད་པ་སྨོན་ལམ་རླབས་ཆེན་ཇི་སྙེད་པ། །
མཐའ་དག་བདག་ཉིད་གཅིག་པུས་འགྲུབ་གྱུར་ཅིག །


སརྦ་མངྒ་ལཾ། །

西康佐钦大圆满寺猴年猴月初十,万僧会供大法会。༄༅།།སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཚོགས་མཆོད་ཆེན་མོའི་སྐབས་སུ།


发布     👍 0 举报 写留言 🖊   
✋热门推荐
  • 这几天好爱吃芝士牛肉卷 但点了几家学校附近的都不好吃 怀念山姆了 一点点新品太甜了 喝了这些奶茶后 对比茶颜悦色和霸王茶姬 我终于知道什么是奶精味儿 什么是纯茶
  • 李白表白失敗,寫下酸溜溜的一首詩,卻酸成了千古名篇 作者 : 天空之城 李白作為唐朝名滿天下的大才子,自然有很多女人仰慕于他。因此李白的女人緣是很好的,然而
  • 最初的算计,没承想全部成了回旋镖,镖镖扎在他心上。宁远以全江湖人为子,下到这盘棋里,他不信寻不回一个楚姑娘。
  • 她新收获了朋友良师,尹峥也很呵护她,很久都没因为感到不安所以想家啦~#曾黎[超话]#姐姐角色看法第2弹。温柔內向的林子虞(cv HolyNight)因騎車
  • 又大又有崽崽又会发光~4️⃣小叶这周末出去了 我让她给我带的麻薯哈哈哈哈 辛苦她了[可怜][可怜]好像火了好久了但我才知道 还是之前我给小叶带的时候就说是已经火
  • [偷乐]今天就先和大家分享到这里吧,喜欢的话不要忘记点赞呀~#宜宾[超话]##装修[超话]##新中式风格#不想装修太土气,还想拥有中式感?[好喜欢]现在就和大家
  • 4.人前不能说的话,人后更不要说。4.人前不能说的话,人后更不要说。
  • #Liz[超话]# To 가장 사랑하는 이치키❤️ 안녕하세요 ^-^ 이건 제가 당신과 함께 보내는 첫 생일이고 우리가 함께 하는 당신의 아주 중
  • 所谓“度”一则使人在闻经听法之后,可以达到心性上的开悟,从而自出迷途、永脱苦海;二则是通过对密法的演炼,达到为信众驱邪缚魅、保命延生的宗教功效。因此,道教经文实
  • #静静推文# 2022.11.01+02晋江——【VIP强推】《仙尊为何在颤抖?[穿书]》作者:宴夜鲤【VIP】《传说中的人类》作者:釉彩的钥匙《专属司机》作者
  • #正能量、励志、经典语录合集[超话]##阳光信用# 走過的路,才知道有長有短,經過的事,才知道有喜有傷,品過的味,才知道有澀有涼,交過的人,才知道有羊有狼!才懂
  • 汉考克身边的消息人士透露,汉考克原本拒绝加入节目,但在前首相卓慧思下台、政府恢复稳定后改变主意。针对汉考克决定参加真人秀,首相辛伟诚通过发言人说:“首相认为,在
  • 2、白酒白酒板块的基本面,完全不用担心,其实,从去年下半年开始,大家就开始对白酒行业产生担忧,担心经济不景气、担心疫情反复、担心年轻人更爱啤酒等等,但白酒企业就
  • 今天老师说型还是比较准,黑白灰的处理也不错,是那种有意识的画,而不是描着画的。肩背是我最喜欢的,痛又可以接受,可以体会到逐渐的打开和拉伸,非常爽。
  • 《酒赋》 几杯美酒诉衷肠 梦说悟空与汉唐 江湖总有江湖事 不乏推杯论红妆 千古八荒在以往 半醉方能驾凤凰 诗词歌赋借酒作 潇洒气概豪迈郎 诗词大意: 几杯美
  • 与市面上的批杷膏不同的是,我们的不勾兑,不添加麦芽糖及增稠剂,是取枇杷纯汁 ,48小时熬制15倍提取精华,然后加入藏贝母熬制,是真正一瓶好膏滋~家庭必备的滋润“
  • 那男生感觉刚毕业的样子,带着个比他年纪还小的女生,应该不是本地人不熟悉路况,因为我们上高速是不会作死从右岔路变道去左边上高速的。坐拖车师傅的车去车行,说你这新车
  • ]整体去化率100%(刚需选房156去化100%、非刚需选房67去化100%东海云玺台 8#楼、10#楼住宅房源于今日选房结束刚需客户选房156套、非刚需客户选
  • )当天晚上去了章安夜市但是和我们预期差很多 所以随便吃了一下就走啦 阿香女狼牙土豆还是很不错的前几天发过 瘦肉丸鸡蛋汉堡也很好吃都没踩雷 就是普通的小夜市烟火气
  • #未定事件簿[超话]#再来一遍꒦ິ^꒦ິ 咪们看看我有没有宝贝QQ扩列 同好真的太少太少了本人左陆推 光夜5推 偶尔打打音游追追番看看漫画游戏也不是躺尸 只是不