གནས་སྐབས་ཀྱི་བདེ་སྐྱིད།
ལྷ་ཡུལ་གྱི་སྤྱིར་བཏང་གི་སྤྲོ་སྣང་ཡང་གནས་སྐབས་ཙམ་རེད།
ག་ལེར་འཇོག་ཤེས་དགོས་།ཁྱོད་ལ་མི་གཏོགས་པའི་དལ་གྱིས་བཞག
རྒྱུ་མཚན་ནི་འདི་ལྟར་ནི་ཆེས་བཟང་བའི་འབྲས་བུ་ཡག་ཤོས།
བརྗེད་མི་རུང་།ཐོག་མའི་བསམ་འདུན་དུས་ནམ་ཡིན་ཡང་བརྗེད་མི་རུང་།

སེམས་ཀྱི་ཁས་ལེན་སོང་།
མིག་གིས་མཐོང་བཞིན་དུ་སེམས་ལ་བཞག་ན་འགྲིག་གི
You are still in my heart❤️ QRNM

༄༅། །མཉམ་མེད་པོ་ཏོ་བ་དང་དགེ་བཤེས་ཁ་རག་པ་རྣམ་གཉིས་ཀྱི་ཞལ་བརྡ།
སྔ་མོ་ཞིག་ལ་བོད་དུ་གྲོགས་པོ་གཉིས་ཡོད་པ་ལ། གཅིག་གི་མཚན་ལ་པོ་ཏོ་བ་ཞེས་ཞུ་ཞིང་། གཅིག་གི་མཚན་ལ་ཁ་རག་པ་ཞེས་ཞུ། གཉིས་པོ་དགུང་ལོ་གཞོན་དུས་ནས་གྲོགས་པོ་ཡིན་ཀྱང་རིམ་པས་ལམ་ཁ་སོ་སོར་གྱེས། འོན་ཀྱང་ལས་དབང་ཞིག་གིས་ས་ཆ་གཅིག་ལ་བཞུགས། པོ་ཏོ་བ་ནི་མཁས་པ་ཆེན་པོར་གྱུར་པས་ལུང་པའི་འདབ་ཏུ་དགོན་པ་བཏབ་ནས་གྲྭ་པ་སྟོང་ཕྲག་ཙམ་ལ་ཆོས་འཆད་ཅིང་བཞུགས། ཁ་རག་པ་ནི་སྒོམ་ཆེན་དུ་གྱུར་ཏེ་ལུང་པའི་ཕུ་དེར་གཅིག་པུར་སྒོམ་སྒྲུབ་མཛད་ཀྱིན་བཞུགས།

ཁ་རག་པས་བླ་མ་རེ་ཟུང་ལས་བསྟེན་མྱོང་མེད་ཅིང་། ཐོས་བསམ་ཡང་ཡུན་རིང་མཛད་མྱོང་མེད་པར་ཐད་ཀར་སྒོམ་སྒྲུབ་ལ་ཞུགས་པ་དེས་པོ་ཏོ་བས་ངའི་གྲོགས་པོ་དེས་ཐོས་པ་ཅུང་ཟད་མ་བྱས་པར་སྒོམ་བྱས་པ་འདི་ཡག་པོ་རང་བྱུང་མ་སོང་། དེ་ལས་ཀྱང་ང་ལ་ཆོས་ཤིག་ཉན་ནས་ད་གཟོད་སྒོམ་དུ་ཕྱིན་ན་ཕན་ཐོགས་ཆེ་། གཞན་དུ་ན་སྒོམ་ནོར་ཉེན་ཡང་ཆེ་སྙམ་ནས་ཐུགས་ཁྲལ་ལངས་ཤིང་། སྐབས་རེ་སློབ་མ་རྣམས་ལ་ཆོས་གསུང་སྐབས་ཀྱང་ཟུར་ཟའི་ཚུལ་དུ། ཁྱོད་ཚོས་ཤེས་སམ། ལུང་པ་ཡ་གི་ཕུ་ན་སྒོམ་ཆེན་ལྐུགས་པ་ཞིག་ཡོད་ཅེས་ཡང་ཡང་གསུངས།
ཉིན་ཞིག་ཆོས་ཀྱི་མཛད་སྒོ་ཞིག་ལ་ལོ་མང་མཇལ་འཕྲད་མ་བྱུང་བའི་གྲོགས་པོ་གཉིས་གློ་བུར་དུ་མཇལ་འཕྲད་བྱུང་བར་པོ་ཏོ་བས་སྨ་ཕབ་ཐབས་སུ་ཁ་རག་པ་ལ། སྒོམ་ཆེན་ལགས། ཁྱེད་ཀྱིས་ལོ་མང་པོའི་རིང་དུ་གཅིག་པུར་སྒོམ་སྒྲུབ་ལ་བཞུགས་ནས་ད་ཆ་ཉམས་རྟོགས་ཚད་མཐོན་པོ་སྐྱེས་ཡོད་ངེས། ཉམས་རྟོགས་ཟབ་མོ་དེ་དག་ང་ལ་ཡང་གསུང་ཙམ་གནང་ན་གང་འདྲ་འདུག་ཅེས་གསུངས་པ་ལ། ཁ་རག་པས་དེའི་ལན་དུ་གུས་པ་དང་བཅས་དགེ་བའི་བཤེས་གཉེན་ལགས། ང་ལ་བསམ་གྱིས་མི་ཁྱབ་པའི་ཉམས་རྟོགས་ཟབ་མོ་དེ་འདྲ་གང་ཡང་མ་སྐྱེས་ཞེས་གསུང།

དེ་ནས་ཁ་རག་པས་མུ་མཐུད་དེ། འོན་ཀྱང་དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་བློ་ལྡོག་པ་བྱུང་། ལས་འབྲས་ལ་ཡིད་ཆེས་པས་འཇིག་རྟེན་གྱི་ལོངས་སྤྱོད་དང་བདེ་བ་ལ་འདོད་པ་མེད་པར་གྱུར། འཁོར་བ་འདིར་གང་དུ་སྐྱེས་ཀྱང་དོན་དམ་གྱི་བདེ་སྐྱིད་མེད་པར་བསྒོམས་པས་འཁོར་བ་འདིར་ཞེན་པ་གཏིང་ནས་ལོག་པ་བྱུང་། དེ་དང་མཉམ་དུ་བྱམས་སྙིང་རྗེ་བྱང་ཆུབ་གསུམ་གཙོ་བོར་བསྒོམས་པས་རང་ཉིད་གཅིག་པུའི་དོན་དུ་གནས་སྐབས་ཀྱི་བདེ་བ་དང་ཕུག་གི་ཐར་པ་འདོད་པའི་བསམ་བློ་དེ་མེད་པར་གྱུར། དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པ་དང་སྐྱེ་བ་མེད་པར་བསྒོམས་པས་གཟུང་འཛིན་གྱི་བློ་ལྡོག་དགོས་པ་ཞིག་གོ་ལགས་ཞེས་གསུངས།
དེ་གསན་རྗེས་པོ་ཏོ་བ་ངོ་མཚར་ཏེ། སངས་རྒྱས་ཀྱིས་གསུངས་པའི་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་ན་ཡང་ཚིག་འདི་དག་གི་ནང་དུ་འདུ་ཞིང་། ངས་མི་ཚེ་ཧྲིལ་པོར་འདི་རང་བཤད། ཁོང་གལ་སྲིད་ང་ཡི་སར་ཆོས་ཉན་དུ་ཕེབས་ན་ཡང་ང་ལ་འདི་ལས་ལྷག་པ་ཞིག་བཤད་རྒྱུ་མེད། འོན་ཀྱང་ངས་ད་ལྟའི་བར་ཁོང་ལ་མ་དད་པ་དང་མ་གུས་པའི་ལྟ་བ་ཤུགས་ཆེན་པོ་བཟུང་ཞིང་། ལྐོག་ནས་སློབ་མ་རྣམས་ཀྱི་མདུན་དུ་ཟུར་ཟ་ཡང་མང་དུ་ཞུས་པ་ནི་ཅི་འདྲའི་མ་རུང་བ་ཞིག་རེད་ཨང་དགོངས་ནས་དེ་མ་ཐག་དེའི་སྐོར་སྦས་གསང་མེད་པར་ཁ་རག་པ་ལ་གསུངས་ནས་འགྱོད་པ་དྲག་པོས་བཟོད་གསོལ་ཞུས་པ་ལ་ཁ་རག་པས་ཀྱང་དང་ལེན་གནང་། དེ་ནས་པོ་ཏོ་བས་ཁྱེད་ཀྱི་གདམས་ངག་ཟབ་མོ་ཡི་གེའི་ནང་དུ་བྲིས་པ་ཞིག་ཡོད་ན་ང་ལ་གནང་རོགས་ཞུས་པར་ཁ་རག་པས་འོ་ན་ང་སྡོད་སར་འགྲོ་གསུངས།
དེ་ནས་གྲོགས་པོ་གཉིས་ལྷན་དུ་བཀའ་མོལ་གནང་བཞིན་ཁ་རག་པ་བཞུགས་པའི་སར་ཕེབས་པ་ལ། ཁ་རག་པའི་བཞུགས་སའི་ཉེ་སྐོར་དུ་མི་འགྲོ་སྡོད་བྱ་མྱོང་ཡོད་པའི་རྗེས་ཤུལ་གཏན་ནས་མེད་པ་དེས་པོ་ཏོ་བ་འཇིགས་སྣང་ལྟ་བུའི་ཚོར་བ་བརྗོད་མི་ཤེས་པ་ཞིག་སྐྱེས་ཤིང་། ནང་དུ་ཕེབས་པ་ན་སྒྲུབ་ཁང་གི་ཕྱོགས་བཞིར་ཁ་རག་པས་ཐོ་བཞི་བཙུགས་ཤིང་། ཐོ་རེ་རེའི་ཐོག་ཏུ་གདམས་ངག་ཚིགས་སུ་བཅད་པ་རེ་བྲིས་གནང་ཡོད་པ་ཁ་རག་པས་པོ་ཏོ་བར་བསྟན་པས་པོ་ཏོ་བ་ཐུགས་རབ་ཏུ་འཕྲོགས། དེ་ནས་སྒྲུབ་ཁང་གི་ནང་དུ་བྱོན་པ་ལ་རི་དྭགས་ཕོ་མོ་དང་བུ་མང་པོ་ཞིག་ཡོད་པ་ལ་དེ་དག་གིས་ཁ་རག་པ་མཐོང་བ་ན་མཐའ་ནས་སྐོར་ཞིང་ལྕེ་ཡིས་ལྡག་པར་བྱེད་པ་དང་། པོ་ཏོ་བ་མཐོང་བ་ན་ཞེད་སྣང་གིས་བྲོས་པར་བྱེད། དེ་ལ་པོ་ཏོ་བས་དེ་འདྲ་གང་ཡིན་ནམ་དྲིས་པར་ཁ་རག་པས་ངས་སྐྱེ་བ་ལྔ་བརྒྱའི་རིང་དུ་ཤ་ཟ་མ་མྱོང་བས་རེད་ཅེས་གསུངས། པོ་ཏོ་བས་བྱམས་སྙིང་རྗེ་དེ་ཚོ་ངས་ཀྱང་གཞན་ལ་བཤད་པ་ཡིན་ལ་རང་གིས་ཀྱང་སྒོམ་ཁུལ་བྱས་པ་ཡིན་ཏེ། ཡིན་ན་ཡང་། ཞེས་ཞལ་ངོ་སྐྱེངས་བཞིན་དུ་ལྷག
དེ་ནས་ཁ་རག་པས་པོ་ཏོ་བ་ལ་ཨང་ཡིག་བདུན་ཅུ་མ་ཟེར་བ་སོགས་སྔར་མ་གྲགས་པའི་གདམས་ངག་འགའ་ཞིག་གནང་བ་ལ་པོ་ཏོ་བ་ཐུགས་རབ་ཏུ་དགྱེས་ཤིང་མི་ཕྱེད་པའི་དད་པ་བརྟན་པོ་འཁྲུངས། ད་ནས་བཟུང་སྔར་གྱི་གྲོགས་པོ་འདི་ཉིད་རང་གི་བླ་མ་ཡིན་པའི་འདུ་ཤེས་ལས་མ་གུས་པའི་བསམ་བློ་དང་གཏམ་ཅུང་ཟད་ཙམ་ཡང་མི་བྱེད་སྙམ་པའི་དམ་བཅའ་སྙིང་ནས་གནང་སྟེ་རང་གནས་སུ་ལོག དུས་རྒྱུན་དུ་ཁ་རག་པས་དཀའ་ཐུབ་ཁོ་ན་ལ་བཞུགས་པ་ལས་ཟས་ཀྱང་དེ་ཙམ་མི་བཞེས་པ་ལ་ཉིན་དེར་དེ་རིང་ང་ཡི་སྡོད་གནས་ལ་དགེ་བའི་བཤེས་གཉེན་པོ་ཏོ་བ་སྐུ་དངོས་སུ་ཕེབས་པས་ངས་ཀྱང་སྟོན་མོ་ཞིག་བྱེད་པ་ཡིན་གསུངས་ནས་རྩམ་པ་པར་གང་ཞིག་དང་། ཤིང་གི་ལོ་མ་ཁ་ཤས་ཤིག་བཞེས།

ཕྱི་ཉིན་ནས་པོ་ཏོ་བས་ཆོས་གསུང་སྐབས་ནམ་རྒྱུན་དང་མི་འདྲ་བར་ཐུགས་དགྱེས་བཞིན་དུ་སློབ་མ་རྣམས་ལ། ཁྱོད་ཚོས་ཤེས་སམ། ང་ཚོའི་ལུང་པ་ཕུ་ཡ་གི་ན་བཞུགས་ཡོད་པའི་སྒོམ་ཆེན་དེ་ནི་སྒོམ་ཆེན་བཟང་ཤོས་ཤིག་རེད། ངས་བཤད་པའི་ཆོས་འདི་དག་ནི་ཁ་ནས་བཤད་པ་ཙམ་རེད། དེ་རེ་རེ་བཞིན་དུ་རྒྱུད་ལ་ཉམས་སུ་ལེན་མཁན་ནི་ཁོང་རེད་ཅེས་བསྔགས་བརྗོད་ཁོ་ན་མཛད་ཀྱིན་བཞུགས་པར་གྲགས། ཕྱིས་སུ་ཁ་རག་པ་ནི་དེབ་ཐེར་སྔོན་པོ་ལས་གངས་ཅན་གྱི་ལྗོངས་འདི་ན་རྣ་བའི་རྒྱན་གཉིས་ཡོད་པ་ལས་གཅིག་ནི་ཁ་རག་པ་དང་གཅིག་ནི་མི་ལ་རས་པའོ་ཞེས་གསུངས་པའི་རྩོད་མེད་ཀྱི་སྒོམ་ཆེན་དེ་ཉིད་ཡིན་པ་དང་། པོ་ཏོ་བ་ནི་བཀའ་གདམས་ཀྱི་བསྟན་པའི་ཆུ་མགོ་གཅིག་ཏུ་གྱུར་པས་ཞིབ་ཕྲ་སྨོས་ཅི་ལ་དགོས།

རྣམ་ཐར་འདི་ཉིད་མུས་ཆེན་སངས་རྒྱས་རྒྱལ་མཚན་དགུང་ལོ་དོན་གསུམ་དུ་ཕེབས་སྐབས་བོད་ཀྱི་མཚན་ཉིད་ཀྱི་གྲྭ་ས་གྲགས་ཅན་བདེ་བ་ཅན་དུ་གསུང་པའི་སྐབས་སུ། སྐབས་དེར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པའི་ས་སྐྱའི་མཁས་པ་ཆེན་པོ་འཇམ་མགོན་ཨ་མྱེས་ཞབས་ཀྱང་དེར་ཆོས་གྲལ་དུ་བཞུགས་ཡོད་པ་ལ་ཕྱིས་སུ་ཨ་མེས་ཞབས་ཀྱིས་ཟིན་བྲིས་བཀོད་གནང་བ་ལ་དེ་རིང་གུས་ལེགས་མཐོང་གིས་མཇལ་བ་ན་སེམས་འགུལ་ཟབ་མོ་ཞིག་ཐེབས་པའི་རྐྱེན་གྱིས་དོན་ལ་བཟོ་བཅོས་མེད་པར་ཚིག་གི་སྦྱོར་བ་དེང་རབས་དང་བསྟུན་ཅིང་གསོན་ཉམས་ཅུང་ཟད་འདོན་ཁུལ་གྱིས་འབྲི་གུང་སྲོང་བཙན་དཔེ་མཛོད་ཁང་དུ་སྦྱར་བའོ། །

#旅行故事# 浊时的时候,追随莲花生大师的修行人依然渴望着解脱。
卡贡圣地朝拜时,有一位禅定的闭关者,我们安住了一会儿后起身离开时,他依然面朝山谷安住着。
特别感动的一幕。
发自内心地随喜了他的修行。
སྙིགས་མའི་དུས་འདིར་གུ་རུའི་རྗེས་སུ་འཇུག་པ་དག་གིས་སྔར་བཞིན་ད་དུང་དབེན་རི་ན་འགྱུར་མེད་ཀྱི་བཙན་ས་འཛིན་གྱིན་འདུག

མཁར་གོང་གྲུབ་གནས་སུ་མཇལ་སྐབས་ཐུན་ལ་ཅུང་ཟད་བསྡད་ནས་འགྲོ་སྐབས་དབེན་པར་སྒོམ་ལ་བཞུགས་མཁན་གྱི་རྣལ་འབྱོར་དེ་ཁུ་སིམ་མེར་ལྷིང་འཇགས་ངང་། གདོང་ཕར་ཀའི་རི་བོ་ལ་ཕྱོགས་བཞིན་བཞུགས་པ་མཐོང་རྗེས་ཡིད་འགུལ་ཐེབས་སྟེ་ཁོང་ལ་རྗེས་སུ་ཡི་རངས་སྐྱེས།


发布     👍 0 举报 写留言 🖊   
✋热门推荐
  • 会有女人愿意稼给一个每日每夜都去挖山的男人吗.需要自已带孩子、就连以后自己的儿子也会子承父业,而且我觉得愚公家一定是个重男轻女的传统家庭,他们会让家里的女孩去挖
  • 市场在未知中前行,交易在对与错中进步,每一次入场都是在贪婪和恐惧中争夺的结果,入场前没人能担保一定能赚,或者说能赚多少,而交易的规则却可以让我们提前明白会亏多少
  • [兔子]永远期待一个赤诚的人、勇敢的人、发光的人、温柔的人,他可以有很多毛病,但尊重这个世界的一切观念,并敢为所爱抵挡风雨、保驾护航,永远向着太阳的方向生长。”
  • 3月1日,在电影《我心飞扬》的某场放映后的观众见面会上,作为监制的徐峥,面对媒体的采访主动发声:导演为了这部电影几乎是倾家荡产,把自己的房子什么的都压上去了。宣
  • 但是现在,开一家店,想要一铺养三代,那必须有一个前提,那就是要有一个好店址!但是现在,开一家餐厅,想要一铺养三代,那必须有一个前提,那就是要有一个好店址!
  • )-第一次收到单独任务希望别出错提交的时候我真的成就感满满一下觉得业务上的成就感真的是最大的会好好学的好啦碎碎念结束明天还有工作 晚安哦1.为什么会有熊孩子按所
  • #设计# #改造# #空间# #建筑#每种生活 由你定义精彩这一次 仔细聆听感知生活的精彩与Vifa雷克雅未克一起邂逅北欧纯净之境·将冰岛自然风貌的设计灵感融入
  • 团期内微博晒单@专业点赞团 可返现3元(每个tb id返现一次)领️⭕️后下单就是团价哦❤️带皮小番薯干,团价38.8/一份,一份2斤(4袋)包邮除偏,默认申通
  • 今年两会大力提倡:“绿色健康消费,共建和谐生活”华云数字商城所有商品,由创业者对接人对接到商城,每家企业留着对接人服务员电话,随时服务。1983年,为使其在世界
  • 忘记叫啥了)好脆好香[awsl][awsl][awsl](前半场因为太饿了 没顾得上拍照 这里只是后半场的三个人吃了二百五)#张艺兴[超话]#宝贝生日快乐啊
  • 【离你最近的三个人,是你一辈子的贵人】 人生就像一次远行,一路走来有聚有散。每段旅程都离不开贵人相助。福报未必还在路上,也许一直就在你身边。离你最近的这三个人,
  • 看[嘻嘻]他们傲娇的小表情就知道了,昨天玩的很开心希望孩子们继续保持,今天直奔盐源特困村,[haha]体验才是正式开始。看他们傲娇的小表情就知道了,昨天玩的很开
  • 【赛43:3】因为我是耶和华你的 神,是以色列的圣者你的救主……【赛43:4】因我看你为宝为尊,又因我爱你,……#倦收天##霹雳布袋戏#第三次遇见你(///▽/
  • 陈阿公介绍,北胜街内文物保护单位,除了钟芳井,还有达士巷古道、郑存礼故居,“目前达士巷很多古建筑已被楼房替代,钟芳遗址仅剩钟芳井了。”  王宝泉介绍,受台风影响
  • 然后在床上吃着蛋糕,写下没旋律的歌然后小小update - 검정치마的黑胶开始制作了。尽管要做的事还有非常非常多,要录的音也还有许多,但夏天一定要发行它,能看到
  • 《如果有一天我将会离开你》终于去看了之前一直想看的电影,好久没看这么小清新的电影辽,虽然电影都在讲述好几个人的离去,但是并不会有那么伤感的情绪诶。随便买了一张电
  • 每个人都在寻找机会,想改变,其实机会无处不在,但是苦于没有方向,不知道如何下手,那么这就是你最佳的机会,微❤:131,然后2018,连接4601很多普通人在互联
  • ”尔时,世尊复告阿难:“且置一阎浮提一瞿陀尼,一弗婆提,假使北方郁单罗越,纵广十千由旬,其地形状四方端直,周匝齐整,满中阿罗汉,诸漏已尽,无复烦恼,心得自在,具
  • 如是念诵的人,除了把佛珠当作精进、记数的工具外,还希望藉着它来体悟更多佛理的话,当手捏到隔珠的时候,可用 “ 佛、法、僧 ” 三宝,或 “ 戒、定、慧 ”三学来
  • 四、让你暴富的家居风水格局很多人都希望自己有钱,财运亨通,这样更容易过好的生活,财运风水是家居风水中很重要的一部分,所以大家都很关注,有时候看着不吉利的风水布局