༼དཔལ་དུས་ཀྱི་འཁོར་ལོའྀ་རྒྱུད་ཀྱི་རྒྱལ་པོ་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད༽ཅེས་བྱའི་དཔེ་རྙིང་དཔེ་དཀོན་ལས། བསྟན་པ་ཕྱི་དར་གྱི་དུས་སུ་གུ་གེ་ཕྱིར་ལྡོག་ཡོད་པ་མཚོན་ཡོད། དེའི་སྟབས་ཀྱིས། གུ་གེ་ཕྱིར་ལྡོག་ཡོད་ན། ཏུན་ཧོང་ཡིག་ཆ་ཁོ་ན་ཡིན་པར་སྟོན་མི་ནུས་སོ།། — བན་ཤུལ་པས། 《时轮注解·光串》
གསོ་རིག་གི་དཔེ་རྙིང༼བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ༽ན། རྒྱལ་པོ་ཁྲི་ལྡེ་མེས་ཨག་ཚོམ་གྱི་སྐུ་རིང་ལ། བྲང་ཏི་རྒྱལ་མཉེས་ཁར་བུ་ཡིས།། འཁམས་ཀྱི་མདོའ་བློན་ལོ་གསུམ་བྱས།། རྩིགས་སུ་འཕྲུལ་གྱི་ཡི་གེ་བཀས་གནང་།། ཞེས་པའི་སྐབས་ཀྱི་གཙིགས་ཀྱི་ཡི་གེ་གང་ཡིན་ལ་དཔྱད་དགོས། — བན་ཤུལ་པས།
༼རྒྱུན་ཤེས་མུ་ཏིག་ཕྲེང་མཛེས། ༽ སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོས《རྒྱ་བོད་ཡིག་ཚང་ཆེན་མོ》་རུ། རི་དྭགས་དང་གཅན་གཟན་གྱི་དབྱེ་བ་ནི། ཆུ་འཐུང་ལུགས་ལ་འཛེད་དེ། རི་དྭགས་རྣམས་ཆུ་ལ་མཆུ་བཙུགས་ནས་ངོར་འཐུངས་བྱེད་པ་དང་། གཅན་གཟན་གྱི་རིགས་གང་ཡིན་པ་རྣམས། ལྕེས་འདགས་ནས་འཐུང་བའོ། ། ཞེས་གསུངས་འདུག[P498]
✋热门推荐