【ད་ལོར་ཀན་སུའུ་ཞིང་ཆེན་གྱིས་ནགས་སྐྲུན་ལྗང་སྒྱུར་བྱེད་ཚད་མུའུ་ཁྲི260ཡན་ལ་བསླེབ་རྒྱུ་རེད།】ཟླ2པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཀན་སུའུ་ཞིང་ཆེན་གྱིས་ནགས་སྐྲུན་ལྗང་སྒྱུར་བྱེད་ཚད་མུའུ་ཁྲི260ཡན་ལ་བསླེབ་རྒྱུ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི200ལེགས་བཅོས་བྱ་རྒྱུ། སྐྱེ་ཁམས་རྩ་འདེབས་མུའུ་ཁྲི200ལ་བསླེབ་རྒྱུ། བྱེ་འགྱུར་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཚད་མུའུ་ཁྲི168ཡན་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད།

གྲོས་ཚོགས་སྟེང་། 2025ལོར་བསླེབ་དུས་ཞིང་ཆེན་ཡོངས་ཀྱི་ནགས་ཚུལ་གྱི་ཁྱབ་ཚད12%ལ་བསླེབ་རྒྱུ་ཡིན་པ་དང་། ནགས་ཚལ་གྱི་གསོག་ཉར་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར2.8ལ་བསླེབ་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད53.5%ལ་བསླེབ་པ། བརླན་སའི་སྲུང་སྐྱོང་བྱེད་ཚད44.16%ལས་བརྒལ་བ། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཞི་ཁྱོན་དེ་རྒྱལ་ཁབ་མངའ་ཁོངས་ཀྱི་བསྡུར་ཚད་ལས20%ལས་བརྒལ་རྒྱུ་ཡིན་པར་བཏོན་ཡོད་པ་རེད། །

མཛོད་དགེ་རྫོང་མའེ་ཤེ་ཤང་བློ་རྒྱལ་ཆུ་མགོའི་ཆུ་ལ་ལོ་ཧྲིལ་བོར་དར་མི་ཆགས་པས། དེ་ནི་ངང་དཀར་ཁྱུ་ཚོགས་དགུན་སྒྲོལ་བྱེད་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ་དང་། ལོ་རེའི་ཟླ11པའི་ཟླ་མགོ་རུ་ངང་དཀར་ཁྱུ་ཚོགས་གནས་དེར་འཕུར་ཡོང་ནས་དགུན་སྒྲོལ་བྱེད་མགོ་བརྩམས།
ཉེ་བའི་ལོ་འགའི་རིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་དང་མཐོ་སྒང་གི་བརླན་སར་སྲུང་སྐྱོང་བྱས་ནས། ཕྱུགས་དོར་ནས་བརླན་སར་སྲུང་སྐྱོང་དང་བརླན་སའི་སྤྱི་གླིང་སོགས་ཀྱི་ལས་དོན་གཏིང་ཟབ་པའི་ངང་སྤེལ་བ་དང་བསྟུན། མཛོད་དགེའི་བརླན་སའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་ཞིང་། བརླན་སའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས་དེ་ནི་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་འདབ་ཆགས་རིགས་ཀྱི་དགུན་སྒྲོལ་ཞིང་ཁམས་སུ་གྱུར་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མཛོད་དགེ་རྫོང་དུ་བསྡོམས་པས་འདབ་ཆགས་རིགས162ཡོད་པ་དེས་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་འདབ་ཆགས་རིགས་ཀྱི26%ཟིན་པ་དང་། རྒྱལ་ཡོངས་ཀྱིི་འདབ་ཆགས་རིགས་ཀྱི12.2%ཟིན། །

【ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མཚོན་པ།】2021ལོར། རང་ཞིང་གིས་ཁོ་རེ་ཡ་ལྷོ་མ་དང་ཨེ་ཅིབ། འབར་མ་སོགས་ཀྱི་རྒྱལ་ཁབ་ནས་དྲ་ངོས་སུ་ཀྲུང་གོར་ཉུལ་བ་སྟེ་མཚོ་སྔོན་ནས་ལམ་ལ་ཆས་པ་དང་སྤྲོ་སྐྱིད་ལོ་གསར་སོགས་ཀྱི་བྱ་འགུལ་སྤེལ་བར། 《རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར》ཞེས་པའི་བརྙན་རིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྱི་ཕན་བརྡ་ཁྱབ་ཀྱི་ཕུལ་བྱུང་བརྩམས་ཆོས་སུ་བདམས། སྨྱན་བྱད་སྣ་ཚོགས་ཀྱིས་ཆ་འཕྲིན་ཐེངས18617ལ་ཁྱབ་སྒྲོག་བྱས། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར”གླེང་བའི་མི་གྲངས་དུང་ཕྱུར20ལས་བརྒལ། འཁྱུག་དབྱངས་དང་མགྱོགས་འཕྲིན་ལས་རབ་མཛེས་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་གྱི་བརྙན་ཐུང་གཏོང་གྲངས་དུང་ཕྱུར་ཡན་དུ་བརྒལ། མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་རིག་གནས་ཡུལ་སྐོར་གྱི་བསྒྲགས་གཏམ་སྤེལ་བ། “ཁེ་ལས་བརྒྱ་དང་ལས་གཞི་བརྒྱ”ཡི་གན་རྒྱ་འཇོག་པའི་བྱ་འགུལ་སྤེལ་ནས། ལས་གཞི123ལ་གན་རྒྱ་བཞག་པ་དེ་མ་དངུལ་སྒོར་དུང་ཕྱུར132.57དང་འབྲེལ་ཡོད།

ཉེ་བའི་ལོ་འགའི་རིང་ལ། “རབ་མཛེས་མཚོ་སྔོན”གྱི་ཚོང་རྟགས་ཀྱི་ཤུགས་རྐྱེན་ནུས་ཤུགས་བསྟུད་མར་ཇེ་ཆེར་བཏང་བ་དང་མཉམ་དུ། “སྐྱེ་ཁམས་ཀྱི་མཐོ་ས”དང“ཡུལ་སྐོར་གྱི་དག་ཞིང”“ཀྲུང་ཧྭའི་འབྱུང་ཁུངས”“གནས་མཆོག་མཚོ་སྔོན”སོགས་ཀྱི་ཚོང་རྟགས་ཕལ་པ་རྣམས་ཀྱང་མགྱོགས་པོར་འོས་སྦྱོར་བྱས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་སོང་བས་མཚོ་སྔོན་གྱི་མཛེས་པའང་སྔར་བས་མི་མང་པོ་ཞིག་གིས་ཤེས་པར་གྱུར། ཡུལ་སྐོར་གྱི་ལས་དོན་འཕེལ་རྒྱས་སུ་སོང་བས་མཚོ་སྔོན་གྱི་སྐྱེ་ཁམས་ལ་སྔར་བས་ཆེ་བའི་རིན་ཐང་མངོན།

མིང་དུ་གྲགས་པའི་ཚོང་རྟགས་ཀྱི་རྒྱབ་ངོས་ནི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་བསྡུས་ཕན་འབྲས་འབུར་དུ་ཐོན་པ་དེ་ཡིན། 2021ལོར། རང་ཞིང་དུA3རིམ་པ་ཡན་གྱི་ལྗོངས་ཁུལ32དང་། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་ཞང་དང་གྲོང་རྡལ3། གཙོ་གནད་སྡེ་བ5། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ45དང་གསར་བརྗེ་ཡུལ་སྐོར་གྱི་དཔེ་མཚོན་ལྗོངས་ཁུལ5། ཡུལ་སྐོར་གྱི་སྤྲོ་གསེང་སྲང་ཁུལ17། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ4བཅས་འཕར། གྲོང་གསེབ་ཡུལ་སྐོར་གྱི་འཇོན་མི20ལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ། Aརིམ་པའི་ལྗོངས་ཁུལ་དང་ཡུལ་སྐོར་སྤྲོ་གསེང་ཁུལ། གྲོང་གསེབ་ཡུལ་སྐོར། གསར་བརྗེ་ཡུལ་སྐོར་སོགས་ཐེག་བྱད་གཙོ་བོ་ཡིན་པའི་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་བྱེད་པའི་མ་ལག་རིམ་བཞིན་ཆགས་པ་དང་། གསར་བརྗེ་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར། བསླབ་ཚན་ཡུལ་སྐོར། སིམ་འཛུལ་ཅན་གྱི་ཉམས་ལེན་སོགས་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་བྱུང་།

སྤྲོ་གསེང་ཐང་ཆེན་དང་དམངས་སྲོལ་ཡུལ་སྲོལ་ར་བ། ཆུ་ཐོག་གི་རྩེད་འཇོ་གྲུ་ཁ། སྒེར་འཁོར་ཡུལ་སྐོར་གྱི་སྒར་ས། བྱེ་ཐང་། གཉེན་གོས་གྱོན་པའི་པར་ལེན་རྟེན་གཞི། མེ་ཏོག་ཐང་ཆེན། རྨོ་འདེབས་ཉམས་ལེན་སོགས་མང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རུ“ས་གནས་ཀྱི་ཟས་མཆོག་ཟ་བ་དང་བོད་ཀྱི་སྡོད་ཁང་དུ་སྡོད་པ། རྨ་ཆུའི་མཛེས་ཉམས་ལ་བལྟ་བ”བཅས་ཀྱི་ཡུལ་སྐོར་འཕེལ་སྟངས་རིམ་བཞིན་ཆགས་ནས། རང་ཡུལ་གྱི་མང་ཚོགས253གྱི་ལས་ཞུགས་གནད་དོན་ཐག་བཅད་དེ། མང་ཚོགས་རྣམས་ཉེ་འགྲམ་ནས་ལས་ཀར་ཚུད་དུ་བཅུག་ཅིང་བརྟན་བརླིང་སྒོས་ཡོང་སྒོ་འཕར་དུ་བཅུག

སྔོན་ཆད་ཤེས་མཁན་མེད་པའི་མཛེས་ལྗོངས་དེ་དག་ཞིང་ཆེན་ཕྱི་ནང་དུ་སྙན་གྲགས་རྒྱས་པའི་ཚོང་རྟགས་སུ་གྱུར་ཡོད་ལ། མཐོ་སྒང་གི་རུ་སྡེ་དག་སྙན་གྲགས་ཆེ་བའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཏེ། བབ་ཆགས་ཀྱི་འབྲོག་མི་རྣམས་ཀྱིས་སེམས་ཞིབ་མོས་བསྲུངས་པའི་སྐྱེ་ཁམས་ཁོར་ཡུག་གིས་དཔལ་འབྱོར་གྱི་རིན་ཐང་མངོན་ནས། ཆུ་དྭངས་རི་སྔོ་ནི་དོན་དངོས་གནས་མང་ཚོགས་ཀྱི་གསེར་རི་དངུལ་རིར་གྱུར།

རྨ་ཆུའི་འགྲམ་ངོགས་ནས་ཙོང་ཆུའི་གྲོག་རོང་བར་དང་། གཙང་གསུམ་འབྱུང་ཡུལ་ནས་མུ་མཐའ་མེད་པའི་བྱེ་ཐང་བར་སྐྱེ་ཁམས་ཡུལ་སྐོར་རམ་ལྷག་པར་དུ་སྐྱེ་ཁམས་ཉམས་ལེན་སོགས་ཀྱི་གསར་དར་ཡུལ་སྐོར་ལས་རྣམ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་ཕྱིན་ནས། མཚོ་སྔོན་གྱི་ཆུ་དྭངས་རི་སྔོ“རྒྱལ་སྤྱིའི་ཚད་ལྡན”དུ་གྱུར་པ་དང་། “དར་སྲོལ་གྱི་ཚད་ལྡན”ཕྱོགས་སུ་བསྐྱོད་ནས། “མཛེས་སྡུག”གི་སྐྱེ་ཁམས་ལས་སྔར་བས་ཕུན་སུམ་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིན་ཐང་མངོན། །


发布     👍 0 举报 写留言 🖊   
✋热门推荐
  • #洞洞划水怪[超话]# -金玟庭Nehan女爱豆人气投票总榜第②队内第①日本Yub女爱豆检索量【五代】第①aespa日本官周【唯一】【全部售罄】芭莎单封【
  • 此时此刻,当十四得知保利云上拒绝成本至上,依旧坚持把全园区的绝大部分洋房继续做到了6层的时候,那份坚守初心的坚持,相信感动的不仅仅是十四自己,更是会感动那些执着
  • #济南亲子活动# 偶然读到一首小诗,是打工诗人许立志在他23岁时写下的,一年后,他从富士康工厂顶楼一跃而下。《我咽下一枚铁做的月亮》我咽下一枚铁做的月亮他们把它
  • 编个置顶:(此号就是个玩娃号,可以不关注我,但烦请不要秒取谢谢了…)一个臭打游戏的摸鱼冲浪玩娃小号。嘴我推的魔怔人(也会被我骂)及大众雷点。
  • ”雷山盯着周野与牧尘,淡淡的道:“不过这是你们牧域与邙阴山之间的恩怨,我们九龙寨,是不会参与其中的。    “雷大当家,早听闻您一双铁拳打出九龙寨,在这北灵境黑
  • 尽管梦境里的我自己总是有超能力,会飞,可是现实里我永远也做不到飞起来,在遇到危险的时候,我没有超能力。这个世界上没有绝对的坏人,也没有绝对的好人,人都是自私的,
  • 四、竞争分析根据《反垄断法》第二十七条规定,市场监管总局从参与集中的经营者在相关市场的市场份额及其对市场的控制力、相关市场的市场集中度、集中对下游用户企业和其他
  • 原来我所缺少的是信仰,纷纷扰扰的现世,浮华落尽总随风,所谓的岁月静好,不过是争不过得不到的无所求。看到林楠笙受伤身心俱疲的时候,看到刚刚有了新信仰、有志同道合的
  • 晚上趁着扔垃圾的时间带姑娘出去溜了十分钟,买上她喜欢的棒棒糖和西瓜京东物流还是给力的,明天又要到新玩具了,希望娃的兴奋感可以持续久一点[太开心]南航首架波音73
  • 八、正针:  无异样且不偏不斜,此地为正常之地,可以考虑其他方面而斟酌用之。当发现磁针不稳定的时候,便要拿出第二个罗盘,去确定是磁针失效,抑或受磁场干扰。
  • 但在你的爱情降临之前,请坚守阵地,不要随便搭了殷勤客的车。但在你的爱情降临之前,请坚守阵地,不要随便搭了殷勤客的车。
  • 女主一花在高中二年级就被告知还能存活两年,然而她却超过那个界限还成了大学生,哲学老师万木不知哪一天就会走到生命的尽头,但他在课上温柔地讲述“生命的意义”时终于找
  • 一旦过了热恋期,则看到的更多是缺点,若这个时候性格依然刁蛮,任性,固执,则会故而伤害夫妻感情。因在恋爱时期,对象往往会更多的包容自己的脾气,或是选择视而不见,这
  • 三亚海棠湾仁恒皇冠假日度假酒店内琳琅满目的漫威手办、舞台形式的A字形美陈、真人比例的钢铁侠模型,成为酒店的网红打卡点,吸引着众多亲子游客拍照……  据市旅文局抽
  • #为什么慢热的人大多数都单身# 其实,人生完全可以如此的简单,你可以脚踏实地生活,你有勤劳的双手可以创造财富,你有可以执著的信念让自己努力前行。而面对太多的不如
  • #华邦酒旅中秋浪漫特刊##月满山野行#月渐美,家长圆中秋小长假,你准备好去哪里了吗?[放假]不妨携家人伴好友来仙女山欢聚度中秋―夜观森林精灵,探索稀有夜行动物―
  • 高三的时候,我憧憬到大学,我要整日泡在图书馆,我要骑车逛遍校园外美丽的景点,我要吃遍这座城市的美食;我要轰轰烈烈的谈一场恋爱;我要有一大群和我志同道合的朋友;我
  • #深圳房产[超话]#【宝安一新盘推450套住宅 85-110平3-4房】今日,据网友爆料称,卓越闽泰云奕府这几天拿预售了,价格预计6字头,首批将推售450套住
  • 第一站叫两小无猜 第二站叫相濡以沫 下一站的名字 我想听你说情话躲在风里,喜欢的人藏在梦里,你在我心里像晚风轻轻吹动月牙,你悄悄撼动我的心第一站叫两小无猜 第二
  • 怪人张继林,孤独着自我,害怕心受伤,所隔绝外援,内调理函养,悦释然精魂,悠优漾自在,堂膛你我他真诚衷;请告诉我,你在哪里,这爱梦衷真实,永毅衡虹纯醉醒;站在屋顶