#微博[超话]# ༄༅། །སང་ཉིན་ནི་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་རྗེས་དྲན་གྱི་དུས་ཁྱད་པར་ཅན་ཞིག་ཡིན།
公元2022年1月16日,藏历11月14日是萨迦班智达·贡嘎坚赞圆寂日,贡嘎坚赞尊者是藏传佛教历史上第一位被誉为班智达者。由于智慧无比,开创了十明学科,造福雪域,为后世留下了无量的精神遗产,被公认为雪域三大文殊化身之一。

༄༅།།དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ལྟ་བ་སྒོམ་ཚུལ་

མདོར་བསྡུས་བཞུགས་སོ།།
______________________________________

༈ བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
གང་གི་རྟེན་ཅིང་འབྲེལ་འབྱུང་བས། །རང་བཞིན་གྱིས་ནི་སྟོང་པ་དང་། །
གཞི་དང་ལམ་དང་འབྲས་བུའི་ཚུལ། །ལེཌ་འདོམས་ཐུབ་པའི་དབང་པོར་འདུད།།
ཤེར་ཕྱིན་མདོ་སྡེའི་དངོས་བསྟན་དོན། །སྦས་དོན་ལམ་གྱི་རིམ་པ་རྣམས། །
ཇི་བཞིན་འགྲེལ་པར་ལུང་བསྟན་པའི། །ཤིང་རྟ་ཆེན་པོ་རྣམ་གཉིས་རྒྱལ། །
འཇམ་དབྱངས་མི་ཡི་གཟུཌ་སུ་ཤར། །ཡོད་མིན་མེད་མིན་ལ་སོགས་པའི། །
ལྟ་ངན་མཐའ་དག་འགོག་མཛད་པའི། །རྒྱལ་བ་བློ་བཟང་གྲགས་པར་འདུད། །
གྲངས་མེད་མང་པོའི་ཚོཌ་གཉིས་མཐུས། །འགྲོ་བའི་དོན་དུ་སྐུ་གཉིས་མངའ། །
ཐ་མལ་གར་གྱི་རྣམ་རོལ་བའི། །དཔལ་ལྡན་བླ་མ་རྣམས་ཀྱིས་སྐྱོངས། །

འདིར་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ལྟ་ཁྲིད་སྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ་དང་། དངོས་གཞི། འཇུག་བསྡུ་བའོ། དང་པོ་ལ་གསུམ། ངེས་འབྱུང་ལ་སྒོམ་པ་བྱེད་ཚུལ་། བྱང་ཆུབ་ཀྱི་སེམས་ལ་སྒོམས་པ་བྱེད་ཚུལ། མཁས་པ་ལ་བརྟེན་ནས་དྲི་མ་མེད་པའི་གཞུང་མཉན་ཏེ་ཐོས་བསམ་གྱིས་སྟོང་ཉིད་གཏན་ལ་ཕབ་སྟེ་ཕན་ཡོན་དྲན་པའོ། ①ངེས་འབྱུང་ནི། ཚེ་འདིར་ཡུན་ཐུང་ཞིང་གནོག་ཆུང་ལ། བདེ་བ་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད་ཅིང་། མཐར་སྡུག་བསྔལ་གྱིས་སྡུད་པ་དང་། ཕུན་ཚོགས་ཐམས་ཅད་ཀྱིས་བསླུ་བ་ཡང་ཡང་བསམ་སྟེ་ཚེ་འདིའི་སྣང་ཤས་ཟློག་པ་དང་། ཕྱི་མར་ཡང་སྲིད་པའི་བདེ་འབྱོར་ལ་མེ་མུར་གྱི་འོབས་ལྟར་སྒོམ་སྟེ་འཁོར་བ་ལ་ཞེན་ལོག་ཡིད་འགྱུར་གྱི་མྱོང་བ་ཐོན་གྱི་བར་ལ་འབད་དགོས། ②དེ་ནས་བྱང་ཆུབ་སེམས་ལ་བློ་སྦྱོང་སྟེ། བདག་པས་གཞན་གཅེས་ཀྱི་བསམ་པས་དྲངས་པའི་སེམས་ཅན་ཡིད་ལ་དྲན་པ་ཙམ་གྱིས་བྱང་ཆུབ་དོན་གཉེར་གྱི་བློ་ངང་གིས་འབྱུང་གི་བར་དུ་སྦྱངས། དེ་ལྟར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་སྔོན་དུ་སྦྱངས་ནས། ཡང་དག་པའི་ལྟ་བ་འཚོལ་བ་ན་བསོད་ནམས་ཀྱི་སྟོབས་ཀྱིས་གོ་བ་གནད་དུ་འགྲོ་བ་ཡིན་གྱི། བྱང་ཆུབ་ཀྱི་སེམས་མ་སྦྱངས་པར་སསཏིང་ཉིད་མ་རྟོགས་པ་མ་ཡིན། ③ལྟ་བའི་ཕན་ཡོན་དྲན་པ་ནི། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། ། ཐེ་ཚོམ་ཟ་བ་ཙམ་མི་འབྱུང་། །ཐེ་ཚོམ་ཟ་བ་ཙམ་གྱི་ནི། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་དང་། མདོ་དང་རྒྱུད་སྡེ་ཐམས་ཅད་ལས་སྟོང་ཉིད་མ་རྟོགས་པར་ཐར་པ་དང་། ཐམས་ཅད་མཁྱེན་པ་གང་ཡང་མི་འཐོབ་པར་གསུངས་པ་ཡང་ཡང་བསམས་ཏེ་ལྟ་བ་འཚོལ་འདོད་ཤུགས་དྲག་པོ་དགོས། འཚོལ་ཚུལ་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ཏེ། དབུ་མའི་གཞུང་ལས་བཙལ་དགོས་སོ། ༒གཉིས་པ་དངོས་གཞི་ལ་གསུམ། དགག་བྱའི་བདག་ཏུ་གྲུབ་ཚད་ངོས་བཟུང་བ་དང་། དེ་ཇི་ལྟར་འགོག་པའི་ཚུལ། བཀག་པ་ལ་བྱ་བྱེད་ཀུན་འཐད་ཚུལ་ལོ། ༡ དང་པོ་ནི། སྤྱོད་འཇུག་ལས། བརྟག་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་ལྟར་བཏགས་པའི་དངོས་པོ་བདེན་གྲུབ་ངོས་མ་ཟིན་པར་དེའི་དངོས་མེད་བདེན་མེད་རྟོགས་མི་ནུས་ལ། དེ་ངོས་ཟིན་པ་རྟོག་པས་བཏགས་པ་ཙམ་གྱི་འདོག་ཚུལ་ཤེས་དགོས་པས། དེ་ཡང་བཞི་བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལ་སོགས་ལ་ཡོད་ཉིད་ཡོད་མིན་ན། ཡང་དག་དོན་དེ་རྟོག་པ་ཞེས། བློ་དང་ལྡན་པ་སུ་ཞིག་འཛིན། ཞེས་དང་། མཉམ་མེད་ཙོང་ཁ་པ་ཆེན་པོས། ལུགས་འདི་ལ་ཆོས་རྣམས་རྟོག་པའི་དབང་གིས་བཞག་པ་ཙམ་གྱི་འཇོག་ཚུལ་ཤེས་ན། དེ་ལྡོག་སྟེ་འཛིན་པའི་བདེན་འཛིན་བདེ་བླག་ཏུ་ཤེས་པར་འགྱུར་བས། ཞེས་གསུངས་པ་ལྟར་ཆོས་རྣམས་རྟོག་པའི་དབང་གིས་འཇོག་ཚུལ་ཤེས་དགོས། དེ་ཡང་རང་འདོགས་བྱེད་ཀྱི་རྟོག་པས་ཕར་བཏགས་ཙམ་མ་གཏོགས། འདི་ལ་འདོགས་སུ་རུང་ལ་འདི་ལ་འདོགས་སུ་མི་རུང་ཟེར་བ་རྡུལ་ཙམ་ཡང་མེད་དེ། རྟོག་པའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར། འོ་ན་རྟོག་པས་གང་བཏགས་ཐམས་ཅད་དོར་བྱར་གྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ། འཇིག་རྟེན་སྤྱིའི་ཐ་སྙད་ཀྱིས་བཏགས་མ་བཏགས་ཀྱི་དབང་གིས་ཡིན་པའི་ཕྱིར་རོ། མཁས་གྲུབ་རིན་པོ་ཆེའི་ལྟ་ཁྲིད་ལས། ནོག་སོགས་འདུས་པ་མཐོང་བ་ན། བ་ལང་ངོ་སྙམ་པའི་བློ་སྐྱེ་ལ། ཁྱིའི་བློ་མི་སྐྱེ་བ་ནི། གདགས་གཞི་དེ་ལ་དེ་ལྟར་བཏགས་མ་བཏགས་ཀྱི་ཁྱད་པར་ཡིན་པ་དེ་བཞིན་དུ། ཞེས་གསུངས་ཞིང་། མདོ་ལས། མིང་དུ་བཏགས་པ་ནི་བློ་བུར་བའོ། ཞེས་སོགས་མདོ་དང་དགོངས་འགྲེལ་ཚད་ལྡན་གྱི་ལུང་མཐའ་ཡས་པ་དང་། རིགས་པས་ཀྱང་གྲུབ་སྟེ། དཔེར་ན་མི་ཞིག་ལ་དང་པོ་བློན་པོ་ཞེས་བཏགས་ལ། རྗེས་སུ་མིང་བསྒྱུར་ནས་སངས་རྒྱས་ཞེས་བཏགས་ན། དང་པོ་མི་དེ་མཐོང་བའི་ཚེ་བླུན་པོའོ་སྙམ་པའི་བློ་སྐྱེ་ལ། ཕྱེས་སངས་རྒྱས་ཞེས་མིང་བསྒྱུར་ནས་མི་དེ་མཐོང་བའི་ཚེ་སངས་རྒྱས་སོ་སྙམ་པའི་བློ་སྐྱེ་ཞིང་། མི་དེ་ཡང་སངས་རྒྱས་ཡིན་པའི་ཕྱིར་རོ། འོ་ན་མི་དེ་སྒྲིབ་གཉིས་སྤངས་པའི་སངས་རྒྱས་སུ་འགྱུར་སྙམ་ན། མ་ཡིན་ཏེ། སྒྲིབ་གཉིས་སྤངས་པའི་སངས་རྒྱས་ནི་གསུང་རབས་ལ་གྲགས་པ་ཡིན་པས་དེ་ཡིན་ཟེར་བ་མ་ཡིན། འོ་ན་གང་ཡིན་ཟེར་ན། གང་གིས་མི་དེ་ལམ་ལ་འགྲོ་བ་ལ། སངས་རྒྱས་ལམ་ལ་འགྲོ་བ་དང་། དེས་དགེ་བ་སྒྲུབ་པ་ལ་སངས་རྒྱས་ཀྱིས་དགེ་བ་སྒྲུབ་པ་ཡིན་ཞེས་འཇིག་རྟེན་ལ་གྲགས་པ་ལྟར་འཐད་པའི་ཕྱིར། དེ་ལྟར་ཆོས་ཀུན་རྟོག་པས་བཞག་པ་ཙམ་ཡིན་ནོ། རྟོག་པས་བཏགས་པ་ཙམ་མ་ཡིན་པའི་ཡོད་པ་ནི་དགག་བྱའི་ངོ་བོ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི། གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། ཞེས་དང་། རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོ་ལས། རག་མ་ལས་ཀྱི་ངོ་བོ་ནི་མིང་དུ་བཏགས་པ་ཙམ་མིན་པར་དོན་གྱི་ངོས་ནས་སྡོད་ལུགས་ཡོད་པ་རང་དབང་བའི་ངོ་བོའོ། ཞེས་གསུངས།

༄། །རྭ་རྒྱའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་དཔའ་བར་འགྲོ་བའི་མདོ།


མདོ་སྡེ་འདི་བཙན་པོའི་རྒྱལ་རབས་སྐབས་བོད་འགྱུར་ཞིག་ཡོད་པ་དེ་གོང་མ་ཆན་ལུང་གིས་དཔའ་བར་འགྲོ་བའི་མདོའི་བསྒྱུར་བྱུང་དུ་གསུངས་མོད། ལོ་ཙཱ་བ་དང་ག་དུས་འགྱུར་བ་བཀོད་མེད། ཁྲི་དར་མའི་སྐབས་སུ་དེ་ཡང་ཁ་འཐོར་ནས་མེད་པར་གྱུར་པར། བུ་སྟོན་གྱིས་གསུང་རབ་འདི་ལོ་ངོ་ལྔ་བརྒྱ་སོང་བའི་རྗེས་སུ་ཡུལ་དབུས་ཉིད་དུ་མངོན་པར་དར་བར་འོང་ཞེས་པའི་ལུང་བསྟན་ཡོད་པ་ལྕང་སྐྱ་ཧུ་ཐོག་ཐོས་བསྟན་བཅོས་ལས་མཐོང་སྟེ་གོང་མ་ཆན་ལུང་ལ་ཞུས། དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་གནམ་སྐྱོང་གོང་མ་ཆན་ལུང་གིས་གོང་མའི་དབུ་བླ་ལྕང་སྐྱ་ཧོ་ཐོག་ཐུ་སོགས་ལ་བཀས་སྐུལ་ཏེ་རྒྱ་ནག་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་སྤྱན་འབེབས་ཞུས། གོང་མ་ཆན་ལུང་སྐུ་གཤེགས་ནས་ལོ་བཅོ་ལྔ་བ་སྟེ་སྤྱི་ལོ༡༨༡༤ལོར་ཤིང་བཟའ་པཎྚི་ཏ་བློ་བཟང་རྒྱ་མཚོས(1759-1824)རྭ་རྒྱའི་བཀའ་འགྱུར་པར་བརྐོས་ཀྱི་དབུ་བཙུགས་ནས་དཔའ་བར་འགྲོ་བའི་མདོ་འདི་བོད་ཀྱི་བཀའ་འགྱུར་པར་གཞིའི་ཁྲོད་དུ་ཐོག་མར་བཀོད། https://t.cn/R2WxDVJ


发布     👍 0 举报 写留言 🖊   
✋热门推荐
  • 我是人们中的一个,疫情阴霾之下,我有过迷茫,有过担忧,有过自暴自弃,有过发愤图强,我不敢说我已经做到最好了,但至少还不错,至少我是站在了中大的土地上,聆听了英雄
  • 可是现在你从京东种草秀上随便搜一个产品,一样的视频与文案一大堆,一看就是有组织的到处在搬运。而且它的味道炒鸡香~ #仙女专属##仙女专属六种味道都很好闻,刷完
  • [太阳]河池妇科医院▉河池九洲医院▉河池人流医院【新农合医保定点医院】  怎么知道得了急性盆腔炎 五个症状要了解  急性盆腔炎是一种常见的妇科炎症,它的出现对女
  • 她们跟我说拜拜甚至比这么漂亮的日落更让我开心。本来看着今天的雨势,感觉不一定能有日落了,结果,还好我多看了一眼,拎起相机三脚架就出去了,去不了太远,就去了老地方
  • 黄河号子与王朝的更替三门峡的黄河船工号子因其诞生在行船困难的三门天险、文化底蕴深厚的陕州而具有浓郁的地方特色。在众多地方的黄河号子中,三门峡的“黄河船工号子”以
  • 卸妆油、卸妆水大家肯定用过不少,卸妆啫喱你又用过木有呢~大家熟悉的碧柔在9月份推出了这款水润卸妆啫喱,粉嫩清新的软管包装,半透明状的啫喱质地很轻盈很温和,只需要
  • 快收下这份好礼清单,给心爱的TA填满日常恋爱仪式感~爱在心里?✨ 更宽敞的空间和更丰富的产品种类,还有店铺限定惊喜等你发现✨ 不定期的店铺会员活动、还有店铺专属
  • 可以尽量让孩子在生活中其他地方多自己做主,比如穿什么衣服,走路走那边····发展自主能力这一点非常重要,我们关心孩子的自尊、自信,社交的良好发展都离不开自主意识
  • ┼─◡̈ ᑋᵉᑊᑊᵒ ❥.思念是无言的眷恋 沉默是爱的完美诠释爱着想着 今生遇见你余生都是你想你在回忆里追逐的心梦 有你在心里陪伴着每当想念的柔情泛起时孤独的我
  • 总的来说,常用的方式就是负压和水动力,这两种的效果明显,适用范围广,其他的仪器都是 辅助的,能在的同时,收紧皮肤,才是关键!在原基础上,增加了分离脂肪细胞这个步
  • 圆桌派第一季第9集 我们为什么喜欢八卦父亲又像过去无数次那样举手欲打的时候,这孩子并没有还手,他说就是从我架住了我父亲的手(黄佟佟:决定性瞬间发生)那决定性瞬
  • 】只要明白当初欧美企业在中国是如何攫取巨额利润的,就会明白现在为什么欧美企业薅羊毛的经济逻辑为什么玩不下去了,因为世界经济出现了一个变量:中国崛起了,阻止了欧美
  • 《楞严经》旋法归无斯为第一 (第一百一十六段)#须菩提悟透般若空性证阿罗汉果# 【须菩提,即从座起,顶礼佛足,而白佛言:我旷劫来,心得无碍,自忆受生,如恒河
  • 土豆泥质地,软软糯糯好推开,上脸后会有冰冰凉凉的感觉,是夏天给皮肤做一个镇定和晒后修复的「不二膜选」且~具有补水、亮肤和抗氧化的作用,夏日首选面膜就是它了!不用
  • ​​​​从本质看,主打知识服务的知网,和其他学术期刊库一样,都是学术生态圈的重要组成部分,其性质属于对知识生产起帮扶作用的臂肘羽翼,但绝不是控制知识生产的大脑
  • 买这本书的时候没想到它会这么厚 只是当时对游记十分着迷想了解一下其实并没有兴趣的印度而已 上班的时候断断续续大概看了一百页就没再看了 没想到两个夜班火车让我把它
  • 而你就是这世界唯一的女巫,第一代女巫你的母亲去世后,待你十八岁时在书信中告知你“助天下共主,夺帝归一”的使命,为此你从锦绣国出发要去往最边缘的谷雨国。于官,你方
  • [给你小心心][给你小心心]皮完了,我们说正事[doge]生贺组来吃太太和小可爱啦![doge]为什么我们三个不能一起.jpg#路辰[超话]##时空中的绘旅人#
  • 在太阳的帮助下,她认识了丰富多彩的大千世界。但第二天,大自然又孕育出了新的蜉蝣……故事充满了对比的张力——朝生暮死的蜉蝣和亘古不变的太阳、新生的喜悦与消逝的忧伤
  • 不久前,一座年产卫星可达200颗以上的卫星柔性智造中心在这里全面建成并启动试生产工作,未来将有更多“中国星”出现在广袤夜空;几乎同时,中国石化天津南港乙烯项目土