༈ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།[合十][合十][合十]

༈ མཐོ་བོད་བཙན་པོས་མཐུ་སྟོབས་ཀྱིས་རྡོ་རྗེ་གུང་ལ་འཕྱར་དུས་

ཐོན་མི་ཨ་ནུས་རྣམ་དཔྱོད་ཀྱི་སྨྱུག་རྩེ་བོད་ལ་འཁྱུག་དུས་

བྷོ་ཊའི་སྐད་ཡིག་ལགས་

ཁྱེད་ཀྱི་ལྟེ་ཕྲག་གངས་དཀར་པོའི་བཞུར་རྒྱུན་དང་འགྲོགས་ཏེ་

ཁ་བ་རི་བའི་ཟུངས་ཁྲག་དུ་འདྲེས་

དེ་དུས་ཁྱེད་རང་

སོ་ནམ་པ་སྟོང་གི་བླ་སྲོག་འཁྲིལ་བའི་དཔྱིད་དུས་ཀྱི་ལྗང་བུ་བཞིན་

མཐོ་སྒང་གི་ཁྱིམ་གཞི་འདིའི་གསོན་ཤུགས་ཏུ་འགྱུར།


ལོ་ཙྭ་སྟོང་གི་བཅུ་ཕྲག་རིག་གནས་ཀྱི་ཉིང་བཅུད་ལེན་དུས་

མཁས་པ་འབུམ་གྱི་རྣམ་དཔྱོད་ཀྱི་པིར་རྩལ་ཕྱོགས་སུ་ངོམས་དུས་

བྷོ་ཊའི་སྐད་ཡིག་ལགས།

ཁྱེད་ནི་ལུས་སྟོབས་ཡོངས་སུ་རྫོགས་པའི་དཔའ་རྒོད་གཅིག་དང་གཉིས་སུ་མེད་

དེ་དུས་གསར་བུ་སྟོང་གི་མིག་ཀོང་ནང་

ཁྱོད་ལ་རིག་གནས་ཀྱི་རིན་ཐང་ལྡན་ལ་

བཅུ་ཕྲག་གར་ལ་རོལ་བའི་བླ་ཆེན་མི་ཆེན་ཚོའི་གར་སྟེགས་ཐོག་

ཁྱེད་ཀྱི་ལང་ཚོའི་སྟངས་སྟབས་དེ་བས་མཚར་དུ་མངར།


ད་སྐབས་

གོ་ལ་ཧྲིལ་པོར་ཉེར་གཉིས་དུས་རབས་ཀྱི་འཛུམ་ཞལ་ངོམས་དུས་

བྷོ་ཊའི་སྐད་ཡིག་ལགས།

ཁྱེད་ནི་ལོ་ན་བགྲེས་པའི་རྒས་མོ་བཞིན་

བུ་ཚ་བུ་མོ་རྣམས་ཀྱིས་བོར་ཤིང་ཚེ་སྲོག་གྱི་རྒྱུ་བ་ཆད་ལ་ཁད་

ཞེན་ཆགས་ཀྱི་ཕྱི་མིག་གྲྭ་རྐྱང་རེ་དང་སློབ་བུ་རེ་ལ་གཅེར་གྱིན་

སེམས་ནང་ན་ཟུག་གྲངས་མེད་ཡོད་ཀྱང་སྨྲ་མི་ཤེས་པའི་ཟོལ་དུ་ལུས།


སྐད་ཡིག་ལགས་

ཤར་རླུང་ཚུབ་མའི་ཐལ་རྡུལ་ཇི་འདྲའི་ངར་ཤུགས་ཆེ་ནའང་

བར་ཆད་ཀྱི་བུ་ཡུག་ཇི་ལྟར་འཚུབ་ཀྱང་

ཁྱེད་ཀྱི་བླ་སྲོག་རྡོ་རྗེའི་མཆོད་རྟེན་དུ་འགྲུབ་པར་སྨོན།

གལ་ཏེ། བྲང་གཞུང་གི་ཟབ་ས་རུ་འཕར་བའི་བློ་སྙིང་དྲོན་མོ་ཞིག་དགོས་ན་

ཕུང་པོའི་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་དམར་པོ་ཞིག་དགོས་ན་

ངས་ཀྱང་ ལས་དབང་གི་ཁ་དན་བཅོལ་སའི་ཕ་གཞིས་འདིའི་ཆེད་དུ་

རང་ཉིད་ལ་དབང་བའི་ཚེ་སྲོག་གི་སྡོང་ལོ་འདི་

ཁྱེད་ཀྱི་ཆེད་དུ་རྒྱས་སྲིད་ལ་ཁྱེད་ཀྱི་ཆེད་དུ་འཐོར་ཡང་སྲིད། །



ཁལ་ཁ་བློ་བཟང་རྒྱལ་མཚན་གྱིས་༢༠༢༡ སྤྱི་ཟླ་༡༠པའི་ཚེས་༣༠ཉིན།

༈ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་ཐུགས་རྗེའི་ཤུགས།།
时方诸佛智慧大悲力
བདུད་འདུལ་རྟགས་ཀྱི་ཕྱག་རྒྱར་ཡོངས་བཞེངས་པ།།
显为降魔表相大印尊
དྲན་པས་བགེགས་དཔུང་འཇོམས་མཛད་ཁྲོ་བོའི་རྒྱལ།།
念即摧伏魔众饮血王
དཔལ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ།།
具德不动明王我顶礼
ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཱཿ
嗡 班匝 赞扎 玛哈若卡纳 吽呸
གྲངས་གསག(尽量念诵)


发布     👍 0 举报 写留言 🖊   
✋热门推荐
  • 【好气!这位哥是要渣到底吗?】在妻子孕期出轨、和未成年乱搞男女关系、出轨后死不悔改......现在,日本男星东出昌大的黑料史又多了一笔——拖欠甚至不愿意支付孩子
  • 英超-托马斯处子球奥巴梅扬传射建功 阿森纳3-1维拉 北京时间10月23日凌晨3时,2021-2022赛季英格兰超级联赛第9轮展开角逐,阿森纳坐镇酋长球场迎战
  • #房产##买房# 网友投稿:沦为房奴的日子真的太难受了!!!今天想买一辆电动车跑美团,结果报价至少3000块,我怂了!!!我今年32岁,每月收入不超过2500,
  • #小安的双考生活# 幸福来的好突然!不知道我的桌子有什么魔力,每天下午坐在这就会闪过蛋烘糕,中午还想喝个奶茶的,鉴于肥胖还是忍住了,结果!后爸竟然给我带了黄油和
  • 记录一下可爱小外甥女的出生 希望你可以慢慢长大,健康快乐 不用太懂事但一定要有礼貌,不用太漂亮但一定要有自信,不用挣很多钱但一定要生活的很充实,不用想着照顾父母
  • 1.5万变17万!发生在身边的真实“网贷害人事件”,借款“越还越多”?年轻女孩不堪忍受就此凋零,看了这个,你还敢借“网贷”吗? 有一个做催收的朋友,前两天见面
  • 转 在生活中,每个人都有自己的立场和角度。 有时,两个人话不投机,就没必要强行附和。有时,两个人相对无言,也不必没话找话。 不合拍的人,你说再多也无用。不相
  • 减肥3个月,颇有成效。个人尝百草后选出的最适合自己(小基数、不愿意剧烈运动、可以自己做饭)的断食、轻食分享: 1. 李荣浩分享的一日一餐,效果最好,但非常难坚
  • 今天本来打算去广交会加昨天那几个很可爱又很热心的志愿者,去到刚刚好他们没有去换了一批人。然后跟另外一个白净小哥调侃,挺开心的哈哈哈哈哈哈…后来小哥帮我找到昨天那
  • 命是注定的,运是可以改变的,多行善,多积阴德。有缘人看见希望改变命运这里开始一、立命之学 第一篇立命之学主要讲述作者自己的故事。袁了凡自幼丧父,母亲命他学医。后
  • 魔都唯美古风沉浸推理剧场 前两天和小姐妹打卡了『秦风起』这个主题的沉浸剧场!主要剧情是围绕战国时期而展开的,一遍破案一遍沉浸,体验感Max! ✨这家店很早我
  • 在本来应该实行“百花齐放,百家争鸣”的知识领域,全面禁止言论自由,所有言论都必须符合标准答案,否则就会彻底禁言;而在本来应该统一的信仰领域却实行言论自由,把人类
  • 宝宝辅食‖奶香红薯蒸糕‖手指食物 奶酪的造型真的是太可爱了, 今天做一个奶酪形状的蒸糕,软软糯糯,奶香浓郁 ✅准备食材: 蒸熟的红薯80g,低筋面粉30g,配
  • 我的星耀梦要实现了!!!苦苦挣扎了好几天[允悲][允悲][允悲][允悲][允悲]果然要想上分就要厚脸皮,看到野王在线我马上私聊叫他带带我[允悲][允悲][允悲]
  • 因为朝夕相处的人都很好所以感觉自己也变得peace了不少,对于划归到[喜欢]的人已经不埋怨了,真诚想办法帮她改进,或者只能体谅到烧出舍利子的程度。今天一天心情都
  • #月总结# 虽迟但到 0921--1021,又一个月啦,小满整七个月啦!为啥我总是记不住在21号那天发总结 掐着七个月的第一天,小满学会了直着上身跪着蹦跶,好像
  • #对象[超话]##七天情侣##恋爱# 坐标:蚌埠/淮北 年龄:二十六(研一在读) 体型:164/46.5kg 接受年龄:同岁或比我大(5岁以内) 具体要求:最
  • 一点点进步的感觉,真的太棒了。就像是胡适老先生说过的那句话,“怕什么真理无穷,进一步有一步的欢喜。” 我总是容易在做什么事之前,都心生胆怯,轻易否定自己。但真
  • ♡ 彼时的少年站在成长的尽头,回首过去,一路崎岖早已繁花盛开。 我从来不相信什么懒洋洋的自由,我向往的自由是通过勤奋和努力实现的更广阔的人生,那样的自由才是
  • kiramune_insta 【READING LIVE】 ⚔️10周年記念公演「ハコクの剣」 ⚔️ 舞浜アンフィシアターでの千葉公演1日目が無事に終了いたし