སྙིང་བོས་སྟོང་བ།

གུ་དཔལ་ཤིས།

མི་སྲིད་ནའང
སྲིད་དགོས་པ་ལྟར་དུ་འཆར་འོང

དྲག་ཏུ་འཁྲུགས་པའི་ནམ་མཁའ
ཅི་ཞིག་གིས་སྟོང་བས་མ་བཟོད་པ་རེད་དམ

ལན་ཆགས་ཀྱི་མིག་ཟུང
གང་དུ་གཡེང་བའི་སེམས་ཚེགས་ལྕི

སྟོན་མཇུག་འདིར
མཛེས་སྡུག་དང་འབྲེལ་བ་མེད་དོན
ཁྱོད་རང་སོང་བས་ལན་ནམ

ཡང་ན་མཇུག་སྟོན་རེ་རེ
བཟོད་བརླག་བྲལ་བའི་གྱེར་བྲལ་མཆེད་འོང

གཤོག་གདང་འགྲིག་པའི་བྱ་ཁྱུ་དེ་འཕུར་རྗེས
སང་ཉིན་ཟེར་བའི་དཔྱིད་ཀ་ཞིག་ཚེས་ཐབས་བྲལ

ཟགས་པའི་ཟུག་རྔུ་རེ་རེ
སྐྱེ་བ་ག་ཚོད་ཀྱི་ལན་ཆགས་ཡིན་ནམ

༢༠༡༢༡ ༡༡ ༡༥
#gebaxiT[超话]#

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།བདག་སོགས་སྙིང་གི་པདྨོའི་གདན་བཞུགས་ལ།།བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།།❤️☀️

༄། ལུས་ཕུང་ལ་གནོད་པའི་ཕྱིའི་དངོས་པོ་དཔེར་ན་ན་ཚ་སློང་མཁན་གྱི་འབུ་ཕྲ་དང་། ནད་དུག སྐྱེ་དངོས་ཕྲ་རབ་སོགས་ལུས་ནང་ལ་འཛུལ་རྩིས་བྱེད་སྐབས། ནད་འགོག་མ་ལག་གིས་ཕྱི་ཡོང་གི་སྐྱེ་དངོས་ཕྲ་རབ་དེ་དག་ལ་ཕར་རྒོལ་བྱས་ནས་ལུས་ཕུང་སྲུང་སྐྱོབ་བྱེད་བཞིན་ཡོད། དེ་ཡང་ནད་འགོག་ལ་རིགས་གཉིས་ཡོད་དེ། གཅིག་ནི་ང་ཚོ་མངལ་ལས་ཐོན་པ་ནས་ཡོད་པའི་ལྷན་སྐྱེས་ཀྱི་ནད་འགོག་དང་། གཅིག་ནི་འགོག་སྨན་བརྒྱུད་ནས་ཐོབ་པ་ཞིག་ཡིན།

རྒྱུན་མཐོང་གི་ནད་འགོག་མ་ལག་འཁྲུགས་པའི་ན་ཚ་ནི་ཨེ་ཙི་ནད་དེ་ཡིན་ཞིང་། HIV ཞེས་པའི་ནད་འབུ་ཡིས་ང་ཚོའི་ལུས་ཕུང་གི་ནད་འགོག་མ་ལག་ལ་གནོད་སྐྱོན་དང་གཏོར་བཤིག་བྱས་ནས། རིམ་གྱིས་ནད་འགོག་མ་ལག་གི་ནུས་པ་ཞན་དུ་འགྲོ་བ་དང་མཐར་ནད་འགོག་མ་ལག་གི་བྱེད་ལས་ཡོངས་སུ་འཇོམས་པར་བྱས། ནད་འགོག་མ་ལག་གི་ནུས་པ་ཞན་སྟབས་ཨེ་ཙེ་ནད་པ་ལ་ན་ཚ་སྣ་ཚོགས་ཕོག་སླ་སྟེ། དཔེར་ན་ནད་འགོག་མ་ལག་བདེ་ཐང་ཡོད་པའི་མི་ལ་ན་ཚ་གང་ཡང་བཟོ་མི་ཐུབ་པའི་སྐྱེ་དངོས་ཕྲ་རབ་ཀྱིས་ཨེ་ཙི་ནད་པའི་སྲོག་ལེན་ཐུབ་པ་རེད།

ནད་འགོག་མ་ལག་གི་ནུས་པ་མཐོ་རུ་གཏོང་བའི་ཐབས་ལམ་ཡག་ཤོས་ནི།

རྒྱུན་དུ་ལུས་རྩལ་རྩེ་བ།

སྔོ་དང་ཤིང་ཏོག་མང་པོ་ཟ་བ།

གཉིད་འདང་ངེས་ཁུག་པ།

སེམས་ཁྲལ་མི་བྱེད་པ།༼ སེམས་ངལ་ལམ་སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ༽

རྒྱུན་དུ་ལག་པ་བཀྲུ་བ།

དུ་བ་མི་འཐེན་པ།

ཤ་རྒྱགས་པ་མི་ཆགས་པ།

ཆང་མི་འཐུང་བའམ་ཚད་དང་རན་པ་འཐུང་བ།

ད་ལྟའི་སྐབས་སྨན་པའི་འོས་སྦྱོར་ཡོད་པའི་འགོག་སྨན་ཚང་མ་བརྒྱབ་པ་བཅས་སོ།


发布     👍 0 举报 写留言 🖊   
✋热门推荐
  • 为了进一步加强听力健康科普,推进更多人群关注听力健康的重要性,索诺瓦集团旗下品牌峰力助听器联合听力行业媒体平台耳之家,近日在南京成功举办了【健康听力·乐享生活】
  • 一颗懂得感恩的心,其实就是莫大的幸福和人生的智慧。感恩,不只是感谢大恩大德,而是一种生活态度,一种善良的人性美。
  • 绝渡逢舟,值得此生❤️下雪了,才知道谁是给我们雪中送碳;下雨了,才知道谁会帮我们雨里送伞;遇事了,才知道谁对我们真心实意。现实生活中,许多人只会锦上添花,添砖加
  • #TopCGTN#【西班牙动物保护区新生非洲白狮宝宝亮相 嗷嗷待哺萌萌哒】 Une surcharge de mignonnerie ! Âgés de seu
  • 嗑了一部新鲜的泰剧《两小无拆》/《是朋友还是男友》可别把我嗑死[苦涩][苦涩][苦涩]真的巨好嗑[苦涩][苦涩][苦涩]虽然弹幕说的什么太子爷长公主驸马我看不懂
  • ”其还称,后续也不会因此设置最低消费。”其还称,后续也不会因此设置最低消费。
  • 《拆掉思维里的墙》听到Echo姐分享这本书,感觉真的是字字珠玑,让人怦然心动的点很多,我更喜欢那样的一些书,可以引起让我对自己的思考对自己的不断复盘,《拆掉思维
  • 这个问题,可以用当前重点中学一般中学民办中学和私立中学的思路来回答——你获得的各方面的资源是不一样的。因为越好的学院,挑人的标准越高,如果你符合标准却又不是第一
  • (由于这个软件设计隐私,所以不能截屏,手机拍给大家看的哈[害羞])因为正品所以几乎所有产品都用洋葱里的,因为正品所以才敢自信的推荐给大家[微笑] 我们希望,不论
  • 30岁以后才肯接受的现实:并不是每一个人都觉得我很好 我也做不到让每一个人都满意.这其实是一个非常简单的问题 只是我太在意别人对自己的看法 太care别人的感受
  • 【京东】 领水饮59-20劵: 芭提娅(CHABAA)100% 粉红番石榴汁1L: 芭提娅(CHABAA)100% 葡萄芒果汁1L: 泰宝 NFC果汁饮料
  • !#花式种草# 现在很多朋友都喜欢在旅途或者平时生活中,拍一些视频,记录生活的美好,但如果对手机拍摄,虽然在一些固定的场景视频稳定性还可以,但移动拍摄,肯定有出
  • 公司三季度业绩:三季度的销量同比还是有很大的增长,环比略有增长,整个三季度出货较大,但仍然有很多未交付的订单,目前来看,芯片的供应还是较为紧张,锦浪也是主观进行
  • #阳光信用# 善良的人一定是温强势的人未必是强者。一个真正聪明的人,是懂得如何让自己委屈求全的人。
  • 好像需要另一种物质,才能实现自己的确定性存在,依附着,汲取着,人太"简"单,目前,我需要画画这个载体吧,它的存在,我才得以存在。茧子是一位畫
  • [good]#跟着海带解决吃饭难题# #长春美食# 美食美景会好友,浮目淮扬于芥南✨芥南在长春开第三家分店啦‼️ 店名:芥南•浮目淮扬 地址:净月开发区TOU
  • 秦素军和当地的农村妇女们,通过自己的努力找到了稳定可靠的致富门路~【弟子规】父母教须敬听父母责须顺承[译文] 父母的教诲,一定要恭恭敬敬地听, 如果父母责备你,
  • 里面融化的芝士可以拉长长的丝耶~▫️冬天和热呼呼的烤红薯很配耶,藏在菜菜底下的肉肉没有看到就不会长肉肉啦~▫️小朋友总是甜甜的叫我“姐姐”可是我是“姑姑”呀~把
  • #北京旅行# 在Modernista的另一个空间每天几乎都有不同主题的音乐演出和各类有趣的活动,在这里无论是用餐小酌还是来参加party都能度过一个开心的夜晚。
  • 未来如果有更多的资金,保持医美修复和维持皮肤状态,安排上干细胞+NK细胞,并全套给爸妈也安排;给自己按不同阶段加保单;更多的钱用来投资包括尝试加密货币和NFT;