མེ་ཏོག་འཕྲེང་ཚོགས་སྡུག་གུའི་མགོ་ལྕོག་རྣམས།།
དལ་གྱིས་ལྡེམ་པའི་འཁྲི་ཤིང་འགྲམ་པ་ནས།།
བུང་བའི་ན་ཆུང་མྱོས་པའི་གླུ་ལེན་པས།།
ཡིད་རབ་བསྒྱུར་བའི་སྨན་ལྗོངས་ཉམས་སུ་བདེ།།

དུས་རབས་མི་འདྲ་བའི་ནང་བྱུང་བའི་སློབ་དཔོན་པདྨ་སམྦྷ་བའི་བྲིས་ཐང་མི་འདྲ་བ་འགའ། གཤམ་གྱི་པར་དག་ནི་དུས་རབས་བཅུ་བཞི་ནས་བཅུ་དགུའི་བར་བྱུང་བའི་ཐང་ག་རེད། གཞན་ནས་བརྒྱུད་སྤེལ་བྱས་པ་ལགས།

༼གནས་བརྟན་ཆེན་པོ་བཅུ་དྲུག༽
བཞུགས་གནས་དེ་དག་ཀྱང་གཙོ་བོ་སྨོས་པ་ཡིན་གྱི་སྤྱིར་ན་གདུལ་བྱའི་དོན་དུ་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པར་འགྲོ་དོན་མཛད་ཅིང་། ཞིང་འདིར་ཡང་གང་དང་གང་ན་གདུལ་བྱ་ཡོད་པ་དེ་དང་དེར་དངོས་སུ་བྱོན་པ་དང་། སྤྲུལ་པ་སྣ་ཚོགས་པས་འགྲོ་དོན་མཛད་པ་དང་། རྒྱལ་བའི་བསྟན་པ་གནས་པ་འདུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བའི་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ནས་གང་དང་གང་ན་དགེ་འདུན་གྱི་སྡེ་ཉམས་པ་དེ་དང་དེ་གསོ་བ་དང་། ཅུང་ཟད་གནས་པ་རྣམས་ཆེས་ཆེར་འཕེལ་བར་མཛད་པ་དང་། སོ་སོའི་སྐལ་བ་དང་འཚམས་པར་སྤྲུལ་བས་དགེ་འདུན་གྱི་སྡེ་སྐྱོང་བར་མཛད་དེ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་བྱང་ཕྱོགས་གངས་རིའི་ལྗོངས་འདིར་དགེ་འདུན་གྱི་སྡེ་ཆེས་ཆེར་འཕེལ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོའི་སྐུར་བསྟན་ནས་བཀའ་གདམས་ཀྱི་རྣམ་ཐར་གཙང་མས་གངས་རིའི་ལྗོངས་འདི་ཡོངས་སུ་ཁྱབ་པར་མཛད་པ་ལྟ་བུའོ། དེ་ལྟར་ཐུབ་པའི་བསྟན་པ་ལོ་ལྔ་སྟོང་གི་བར་དུ་གནས་པར་གསུངས་པ་ལྟར་དང་། དེའི་བར་དུ་གནས་བརྟན་བཅུ་དྲུག་གིས་བསྟན་པ་སྐྱོང་ལ། དེ་ནས་ཀྱང་བྱམས་མགོན་འཇིག་རྟེན་འདིར་འབྱོན་པའི་སྔ་ལྟས་མ་ཤར་གྱི་བར་དུ་བསྟན་པ་སྐྱོང་ཞིང་། ནམ་ཞིག་འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན། གནས་བརྟན་ཆེན་པོ་བཅུ་དྲུག་གིས་སའི་སྟེང་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་ཆོས་ཀྱི་ཚོགས་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་དེར་བཞུགས་པ་ལ་བསྐོར་བ་ལན་མང་དུ་བྱས་ནས་སྐྱིལ་ཀྲུང་བཅས་ཏེ་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེས་ཕྱག་བྱས་ནས་གནས་བརྟན་དེ་དག་ཀྱང་ལྷག་མེད་དུ་མྱ་ངན་ལས་འདའ་བར་གསུངས་སོ།། །།


发布     👍 0 举报 写留言 🖊   
✋热门推荐
  • 静能生慧,静能养神,生活中每周能有一段时光能让自己安静下来,放空大脑,不想任何是与非,远离繁杂庸碌的日常,静静地一个人、一壶茶,人在茶中,茶在心中,人喝茶,茶养
  • 强化配方方面添加的都还不错,飞鹤臻爱倍护的DHA含量不是很有优势,贝因美爱加DHA优势还不错,不过添加辅食之后,可以从辅食中获取。总结这两款奶粉表现的都还不错,
  • 添加人要注明推荐人微信号哦~#开封一枝花花铺# 今天很开心第一次收到花以教师的名义在教室坐着谈笑突然同事叫我说有惊喜出去送花的快递员说是给我的一脸懵然后就是很激
  • 林妙可真的很奇怪了,明明长着一张娃娃脸,但是每一次的现身,都让她格外地看老气,一身的装扮和自己的长相也完全不搭配,虽然上了大学后,林妙可有了很大的变化,但是
  • 来这家汉堡店最佳的时间其实是在日落十分,看着太阳从西边慢慢落去,吃一口汉堡,再喝上一口啤酒,一天的结束,没有什么比这更完美的吧!本广西人欢迎大家到广西和我们靓仔
  • 88会员 拍下2155元 switch pro新版Nintendo 任天堂NS续航增强版游戏机幕 可叠加88会员120元消费券 箭头处兑换 预
  • 在前4轮比赛中,两队战绩均不理想。在前4轮比赛中,两队战绩均不理想。
  • 一椰入夏,35度的高温靠它拯救最近连续的高温,出门太让人口渴了明瓦廊最近新开了这家主打椰子的饮品店绿色的门口冰爽的椰子水很适合夏天:X-YES!荀椰(椰饮研究公
  • #看一周的朋友做一辈子的朋友##一周的朋友# 真的好看,最开始就是单纯想看一部青春电影,然后出场就是感觉人很好看,嘿嘿我是颜控,真的对颜狗很友好。首先要评价的
  • 可钟楚红不知道,早在第一次见面的时候,朱家鼎就爱上了面前这位漂亮又性感的大明星。只是当时,一直有传言说钟楚红在和成龙谈恋爱,所以朱家鼎虽然对女神有意,但也只能把
  • 爱以极致,尽一切可能,给予对方安好,快乐,方为完善,方为不负…… ​​​五月,让人意乱情迷,季节随了花意,时光酿了蜜,如同我的那些小字,没有了矜持的方向。携风和
  • 遇见你的时间刚好,你眼角带着微笑,我只想做你怀里的猫这是手心,这是笔芯,你是我的小甜心你的世界是一片遍布向日葵的原野,那里满眼阳光,绽放希望春风十里不及心中有你
  •  01、半夏时光,是炙热,也是浓情,更是生命的一种快乐 贾平凹说:“人既然,如蚂蚁一样来到世上,忽生忽死,忽聚忽散,短短数十年里,该自在就自在吧,该潇洒就潇洒吧
  • 我不是看了一副副插画、一首首短诗,我是进入了另一个世界——我可能是孤独,但我拥有宇宙;我可以是伤感,但我看见美好;我可会是失望,但我相遇期待。”与“这世界很苦,
  • #胡歌捐赠物资驰援母校上戏#每次都是默默做公益,粉丝也不知道[苦涩][苦涩],被人发通稿黑说上海人也不捐物资巴拉巴拉…做公益的事迹全靠官方或者受捐赠的好心人爆料
  • 还是想发个微博记录一下疫情两个月的生活,每天都充满着不定时的志愿活动和核酸检测,基本上每两天喉咙就会被光顾一次[doge]这辈子都没想过,会在公司住这么久,公司
  • 只有这样,当有一天我们回首来时路,和那个站在最绚烂的骄阳下、曾经青春的自己告别的时候,我们才可能说:“谢谢你,再见!只有这样,当有一天我们回首来时路和那个站在最
  • 身边的人走走停停 留不住也没法留住 可能真的讲究‘缘’ 那位朋友说的对 都是过客想给自己的心放一个假 想了太多 状态不对 整个人身体也不舒服 家里也是一团糟 没
  • 多少年以后,还是很怀念那宁静的夜晚,清静的晚风……喜欢辛弃疾的诗明月别枝惊鹊,清风半夜鸣蝉。在稻花的香气里,人们谈论着丰收的年景,耳边传来一阵阵青蛙的叫声,好像
  • 想开一朵花 就开一朵花978-7-5117-4146-249.8元《想开一朵花 就开一朵花》中收录了萧红六十余篇不同时期的经典散文作品,其中有描写童年生活的“花