སྣང་བའི་གངས་ཆར།

ཉིན་དེའི་ཐོ་རངས། འཕྲིན་ཕྲན་རྒྱབ་ལོག་བསྔོགས་མེད་ན། ངས་རིན་ཐང་ལྟ་ཚུལ་གྲངས་མེད་ཅིག་དུར་སྦས་བྱའམ།


ཡང་ན།

ཞེ་འདང་རི་མོ་ཅན་གྱི་ཡིག་ཚོགས་སྤུངས་དོན་ཁྱོན་ནས་མེད།



ཉིན་དེའི་ཞོགས་པར།

ཤ་ཁྲག་རུས་གསུམ་ཡོམ་ཡོམ་སྒུལ་བའི་གླུ་གཞས་དེ་ཉན་མེད་གྱུར་ན། ཞེ་ཐོགས་པའི་དབྱངས་རྟ་གཉོམ་པོར་སེམས་པ་བརླན་ཐབས་ཡེ་ནས་ཟད་དོ།།

ཉིན་དེའི་གུང་ལ།

དུངས་བརྫོད་སྙན་རྩོམ་རིང་མོ་ཡིག་བཏགས་བྱས་མེད་ན། ཁྱེད་རང་རྦད་དེ་ཉིན་དེར་བརྗེད་འདུག

ཆགས་སྡང་གསོས་སུ་འདེབས་པའི་སྐྱེ་མཆེད་ཕྱི་ནང་དུ།

ངས་ཏག་ཏག་དོན་དམ་པར་ཁྱོད་རང་སྦས་སྐུང་བྱས་འདུག



ཉིན་དེའི་ཕྱི་དྲོར།

བསམ་གཞིག་གྲངས་མེད་ཀྱི་སྒོ་མོ་ཕྱེས་མེད་ན།

ཡང་བསྐྱར་ཁྱོད་རང་འཚོལ་སྲིད་དམ།

ང་རང་དངོས་གནས་ཁོ་ཆད་སོང་།



ཉིན་དེའི་དཔྱིད་ཀར།

དབྱངས་གསལ་སོ་བཞིའི་གྲུ་ཁ་དེ་ནས། ལས་དབང་གིས་ངོ་ཤེས་སུ་བསྒྱུར་མེད་ན།

ཞེན་ཆགས་ཀྱིས་བྱིལ་བྱིལ་བྱ་དོན་ཡེ་ནས་མེད་དོ།།



ཉིན་དེའི་དབྱར་ཁར།

འཇིག་རྟེན་སྣང་བའི་བག་ཆགས་ཀུན་གཞིའི་ཁམས་སུ་བགོས་མེད་ན།

སྣང་བའི་ཉིན་སྲིབ་ཏུ་ཞེ་འདང་སྨུག་སྤྲིན་འཕྱུར་དོན་གཏན་ནས་མེད་དོ།།

ཉིན་དེའི་སྟོན་ཁར།

ངེད་གཉིས་ངོ་ཐུག་མེད་ན། བརྩེ་འདང་གིས་བསླུ་བྲིད་ཐེབས་དོན་ག་ན་ཡོད། དེ་བས་ཀྱང་གལ་ཆེ་བ་ཞིག་ལ་བློས་གཏོང་མང་པོའི་ས་ལམ་བསྐྲུན་དོན་ཁྱོན་ནས་མེད།



ཉིན་དེའི་དགུན་ཁར། ཁ་བ་ཟིམ་ཟིམ་དང་གྲང་རླུང་འུར་འུར་ཁྲོད་ཆ་མེད་ནས་ཆ་ཡོད་ལྟར་གྱུར་དོན་ཅི། མ་ཟད་ཁམས་དང་མོས་བློའི་བར་ནས་ས་དྲན་རྡོ་དྲན་ཅིའི་ཕྱིར་འབྱུང་།



ཉིན་དེའི་འཇིག་རྟེན་ནས།

ཐ་སྙད་ཁ་ཤས་ཁྲོད་ནས་ཕན་ཚུན་ངོ་ཤེས་མེད་ན།

ལོ་ཟླ་མུ་མཐུད་དེ་ཞེ་འདང་ཁོ་ནས་རེ་སྒུག་བྱ་དོན་གང་ན་ཡོད།



ཉིན་དེའི་ཁྱོད།

ཁུ་སིམ་མེར་གནས་པའི་རི་གྲོང་དེ་ནས།
ཁྱོད་རང་ངོ་ཤེས་མེད་ན།

ཁོ་བོའི་འཇིག་རྟེན་དུ་ཁྱོད་རང་གི་
ས་ཚིགས་གཏན་ནས་ཡོད་མི་སྲིད།



རྨི་ལམ་ཇོ་བོས། https://t.cn/R2WxDXj

ཡུམ་གསལ་བྱེད་སུམ་ཅུ་དང་ཡབ་དབྱངས་བཞི་ལ་གུས་ཤིང་ཀློག་འབྲི་མི་བྱེད་པའི་བོད་པ་དག་ནི། ཇི་ཙམ་ཁ་ཡིས་སྙན་མོ་བཤད་ཀྱང་བོད་མའི་རྣལ་མར་འགྱུར་དཀའ་བས། རྒན་དར་གཞོན་གསུམ་གྱིས་འདི་ལ་ཐུགས་གཟབ་པར་ཞུ། ཅིའི་ཕྱིར་ཞེ་ན། ཆོས་སྲིད་གཉིས་སམ་ཡོན་ཏན་ཀུན་འདི་རྣམས་ལས་མགོ་བརྩམས་ཏེ་མཐར་ཕྱིན་པར་མཛད་དགོས་ལ། མ་ཟད་ཆོས་སྲིད་གཉིས་དང་མཐུན་པའང་ཡིན་ཏེ། སྲིད་འཛིན་ཞིས་ཅན་ཕན་གྱིས་བོད་ཀྱི་ཞིང་ཆེན་དག་གི་ལས་བྱེད་པ་རྣམས་ལ་བོད་ཡིག་དང་བོད་སྐད་སྦྱོང་ཞིང་དར་སྤེལ་གཏང་དགོས་པར་གསུངས་པས་སོ།།

བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས། །
ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས། །
འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས། །
ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ །

དགེ་འདུན་ཆོས་འཕེལ་གྱིས་གསུངས། https://t.cn/RJvXTKC


发布     👍 0 举报 写留言 🖊   
✋热门推荐
  • 生完孩子后整整半个月没有米饭吃,终日不能饱腹,没人会在乎我吃什么,苦日子反倒让我保持了体型,也让我看清了很多人 想不到三年要过去了[困]2017.04.08伦敦
  • 朴志晟 pzc pjs jisung 划忙 梦舞 欸❓❗你还在问那个红衣小男孩叫什么名❓我来告诉你❗他是梦队第一主舞朴志晟年纪轻轻去过红房子和CCTV跳舞哦低
  • #家居创意[超话]# 在外旅行,总期望有一个与家不同设计感的临时住宅。这是一套重庆朝天门长江索道旁边的网红民宿[互粉][互粉]我们分了几十个色调来调和各个房间,
  • 可能此类男神的剧本出来的太少了吧∽∽綾瀬はるか&西島秀俊 絶対的な信頼関係が生んだ“最強夫婦”の超絶アクション特殊工作員の過去を隠して結婚した妻に、公安のエリー
  • 现在,刘欢是这样的人:经过这场大病,我有一个深切的感受,就是在人生的关键时刻,那些被你奉为人生价值的东西,比如财富、名誉和地位,都帮不上什么忙。他现在的状态是,
  • ——弗吉尼亚·伍尔夫 7、我们总喜欢拿顺其自然敷衍人生道路上的荆棘坎坷,却很少承认,真正的顺其自然,其实是竭尽所能之后的不强求,而非两手一摊的不作为。余净
  • 我瞬间星星眼我也跃跃欲试想上去唱一首,上去之前的蠢蠢欲动、小激动、小紧张,唱歌时被包围的沉浸感、望向周围时那种微妙的链接感,都让这几分钟显得与众不同,在等待上去
  • 今后余生,不能让太多的昨天来占据今天,学会放下,才得自在,淡到极致就是绝美,看开了就是新的世界,眼内有尘三界窄,心头无事一床宽,人生就是自己和自己修炼,惜福的人
  • 感到不公的吴迪,发作品吐槽平台表示:很寒心,该投流我投了,为什么还处处受制,我已表明态度会签约,限流不是一次两次了,如果哪里做的不对请直说,如果不想让我玩给我来
  • 但又对冷空气感到烦躁 好冷好冷路过广场舞大妈觉得真的好高级现在已经不满足于音响该用投影仪了吗想去问问是什么型号的看起来好高清的样子哈哈哈哈哈哈哈哈哈但是又怂就直
  • 最近半个月,胃口都很差,吃不进东西连着快半个月就每天早上吃了一个包子,之后就一直犯恶心大概就是我最近暴瘦的原因吧[跪了]刚才实在饿的不行了,想想和敏敏子的约会在
  • 家庭资产配置的重要性大多数刚接触投资的人,都会认为投资理财就是简单的“钱生钱”利益最大化,什么收益高,我就买什么,什么赚钱多,我就投什么。 其实这种想法非常危险
  • 我不成熟的态度给当事人带来了麻烦,也让关心和爱我的粉丝们失望了。因为我的行为好像给其他人造成了更大的失望,我再次道歉。
  • 后来者别说想要修炼,或许连看懂都很难……这里可以参考唐门的丹噬,到了唐妙兴他们这一代,即便赔上了整个唐门也没能成功领悟丹噬,搞得好像这丹噬不是唐门的绝学一样……
  • 【人生,并非诗情画意】人生并非都是,田园般诗情画意,它也是一个狼烟四起的战场,生命注定一场厮杀,在拼杀的时刻,有人选择,誓死不屈继续杀出重围,获得想要的成功,也
  • 融贯技术与文化的历史,从控制论的诞生到人造生命的出现,凯瑟琳﹒海勒梳理出三个相互交织的故事:信息如何失去它的身体;赛博人的文化观念与技术建构;控制论对人本主义主
  • 秋分 很顺利的一天​遇到超级好敬业的老师 关节紊乱困扰我太长时间了 看关节紊乱就去省立找刘俊杰医生 从两点开始等 等了整整六个多小时 护士都下班了 我在旁边帮
  • 有的人是靠着有家庭支撑,而带来的多条退路,就像中的沈嘉男薇薇于此 ,因为应有尽有,所以才能无所畏惧。 00后整顿职场的底气到底是什么 / 她们的名字 无论
  • 只是她发现他总是先把两个苹果各咬一口,然后再递给她一个,为此,她纳闷了好久。 ​​​【老人街头突然晕倒 山阳民警热情救助】 “父亲能安全回家,真的感谢民警……”
  • #云游戏[超话]#新英雄从一开始的预热,然后被曝光外表可爱、被无数玩家称之为“钱包杀手”在紧接着到上线后被玩家嫌弃没法用的紧急加强,这段时间《英雄联盟》的官方似