གལ་ཏེ་ཚན་རིག་གི་དགོས་མཁོ་སྐོང་པ་དང་། ཚན་རིག་དང་མཉམ་དུ་གནས་ཐུབ་པའི་ཆོས་ལུགས་ཤིག་ཡོད་ཚེ་དེ་ནི་སངས་རྒྱས་ཆོས་ལུགས་ཡིན་སྲིད།

-ཚན་རིག་མཁས་ཅན་ཨེན་སི་ཐན་གྱིས་གསུངས།
如果有一个能够应付现代科学需求,又能与科学相依共存的宗教,那必定是佛教。
- 科学巨匠(爱因斯坦) https://t.cn/R2WxDvV

༧ བོད་རབ་རྒྱན་ལྕགས་མོ་གླངགི་ལོ་འདིར་ཨག་རྩེ་སྙིང་འབུམ་དགུང་གྲངས་བརྒྱ་སོན་པ་དང་ཁོང་གི་བུ་མོ་ལོ་བརྒྱད་ཅུ་ལོན་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
ཨག་རྩེ་སྙིང་འབུམ་ནི་(གཅེས་མིང་ལ་ཨ་རྒྱ་མ་མ་ཟེར)རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་ཁྱིའི་སྤྱི་ལོ་ 1922 ལོར་སྐྱེས། ཆུང་དུས་ནས་ཆོས་དང་བླ་མ་ལ་དད་པ་ཆེ་ཞིང་རང་ཚུགས་བརྟན་པ། རང་སྡེ་དང་ཡུལ་མི་ཀུན་ལ་བློ་སེམས་དཀར་བ་ཞིག་ཡིན། རང་ལོ་སུམ་ཅུའི་ནང་འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་ཞབས་ལ་གཏུགས་ཏེ་རྩ་བའི་བླ་མར་བསྟེན་ནས་ཆོས་ཀྱི་བདུད་རྩི་ཐོབ། འཇའ་ལུས་པ་མཆོག་འབའ་ཡུལ་ཕྱོགས་ནས་ཨག་རྩེ་སྙིང་འབུམ་ཚང་གཅིག་པུ་མ་གཏོགས་སྦྲ་ནག་གི་ཁྱིམ་ཚང་ནང་དུ་བྱོན་མ་མྱོང་། ཁོ་རང་འཇའ་ལུས་པ་ཚང་ལ་དད་འདུན་ཤིན་ཏུ་ཆེ་ཞིང་རྒྱུན་དུ་གཙང་ཆབ་ཀྱིས་ལུས་བཀྲུ་བ་དང་འཐུང་བ་སོགས་བྱས་པའི་རྐྱེན་གྱིས་ད་ལྟ་སྤྱི་ལོ 2021 ལོར་ཁོ་རང་དགུང་གྲངས་བརྒྱ་ཐམ་པ་སོན་ཡོད་པ་དང་། ད་རུང་རྣམ་རིག་གསལ་ཞིང་ལུས་ཕུང་བདེ་ཐང་ཡིན་པར་མ་ཟད་འཇིག་རྟེན་གསར་རྙིང་གཉིས་ཀྱི་ཁ་བརྡ་མང་པོ་བཤད་རྒྱུ་ཡོད། ནམ་རྒྱུན་འཇའ་ལུས་པ་དང་བླ་མ་རིན་པོ་ཆེ་ཡིད་བཞིན་རྣམ་རྒྱལ་མཆོག་རྣམ་གཉིས་ལ་དད་འདུན་ཤིན་ཏུ་ཆེ་བ་ཞིག་ཡིན།
གཞན་ཡང་ཆོས་འབྲེལ་ཐོབ་པའི་བླ་མ་རྣམས་ནི། བླ་མ་རིན་པོ་ཆེ་ཡིད་བཞིན་རྣམ་རྒྱལ་མཆོག་དང་ཤེལ་ཕྲེང་ཚང་། རྡོ་གྲུབ་རྣམ་གསུམ། སྐུ་རྒྱ་ཚང་། མགོ་ལོག་གཙང་སྐོར་སྒང་བླ་མ། ལཱ་མོ་ཡོངས་འཛིན་ཚང་། ཨ་ལགས་སྨན་སོག་ཚང་། པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན། གསེར་ལག་ཨ་ལགས་གཙང་བ་སོགས་བླ་མ་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་སྤྱི་བོའི་བཏེགས་ཏེ་སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མ་དང་རྩ་གསུམ་དབང་། བར་དོའི་དྲུག་ཁྲིད། ཐུགས་རྗེས་ཆེན་པོའི་དབང་། སྙིང་ཐིག་ཡ་བཞི་དུས་འཁོར་དབང་ཆེན་སོགས་ཀྱི་དབང་ལུང་གང་མང་གསན། ང་བརྒྱད་དུས་འགྱུར་ཀྱི་ཁྲོད་དུ་ཉེས་མིང་གི་ཞྭ་མོ་བསྐོན་ནས་མནར་གཅོད་ཚད་མེད་མྱངས། ནམ་ཡང་ཆོས་དང་བླ་མ་ལ་དད་པ་འགྱུར་མ་མྱོང་ལ་རང་ཚུགས་བརྟན་པོ་དེ་ཡང་བསྒུལ་མ་ནུས། ལོ་བཅུ་གཉིས་སྟེང་མཁན་ཆེན་ཞི་བ་མཚོའི་རྣམ་སྤྲུལ་སྐུ་རྒྱ་རིན་པོ་ཆེའི་མདུན་ནས་མ་ཎི་དུང་ཕྱུར་འདོན་པར་ཁས་ལེན་བྱས། ད་བར་དུ་མ་ཎི་དུང་ཕྱུར་བཅུ་གསུམ་དང་སིངྷི་དུང་ཕྱུར་གཉིས་སྒྲོལ་མ་བྱེ་བ་གཉིས་བཏོན་ཡོད་པ་དང་། ཨག་རྩེའི་ལོ་རྒྱུས་སྟེང་ད་སྔ་བྱུང་མ་མྱོང་བའི་ཆེས་ཚེ་ཐག་རིང་བའི་མི་སྣ་རླབས་ཆེན་ཞིག་ཡིན་ནོ།།

མི་ལོ་དུ་མའི་རྒྱལ་བའི་ཆོས་ཚུལ་ལ།།
ཐོས་བསམ་སྒོམ་པའི་བརྩོན་པ་ཕྲ་ན་ཡང་།།
མི་ཚེ་ཆོས་དང་འཕྲད་པའི་དོན་པོ་རུ།།
འདི་ལ་སེམས་པ་འཁྲེང་བ་ཐེངས་གཅིག་མིན།།

ཚྭ་རིག་རྩེན་གྱིས་


发布     👍 0 举报 写留言 🖊   
✋热门推荐
  • 现在妈咪不在,我要悄悄给100个爱我的ee发短信,让ee给我讲在一堆小猫里选中我的故事!前两周才在抖音上了解了G500,今儿大Boss开着大坦克就来接我了。
  • 下周黑五和cyber week,想着是不是应该趁机买几个新生儿需要的大件,但我还什么功课都没做,两眼一抹黑,一想到要购物就感到烦躁[苦涩][苦涩]我之前还打算等
  • 上海玉佛禅寺 2022-11-15 08:30 发表于上海收录于合集#念佛600问选编3个祖师言:“有禅有净土,犹如戴角虎”禅的境界高远,净的方法稳当开悟不是人
  • 昨天课间休息无聊的时候逛了逛看到一颗好好看的彼得石吊坠是一小块梯形的无事牌[抱一抱]超美超美还带猫眼的那种(而且还不贵[杰瑞]我就一脑热买了 我又藏不住秘密 本
  • 除了同办公室的苏苏和魏魏,平常看着关系好的未知全貌的人,都没有去好好了解过,首先就让他反思工作的不足,所以感觉特别心寒!事业打击不是最关键的,压垮人的是心寒,瓜
  • 金牛座不是个冲动的人,ta们太懂得隐藏自己了,默不作声的ta们,只是把自己保护的了起来,如果你走进了金牛座,才能真正看懂真实的ta们,金牛座的人爱疯爱闹,骨子里
  • 2.洁具一定要买好的,尤其是马桶,质量差的马桶容易挂污,噪音还大,也不节约水。14.石膏板一定要买质量好的,你以为吊顶开裂是油工和木工的问题?
  • ” ——《鹧鸪天·赠宋清如》朱生豪❤️사랑해요!정말 감사합니다!너무보고싶어요!!我爱你!真的非常感谢!非常想你!(。ì _ í。)Your Immutab
  • #产后修复##坐月子##科学做月子# 干货分享《私立妇产医院学到的10个科学坐月子必备小常识》❤️❤️实际客人的情况:身高170,产后两个月甩掉42斤恢复至孕前
  • ”———林宏年这段台词是真的戳我[苦涩]自截自修|二改去水印|二传标源 抱图嘟一声 ​​​#修图产出基地[超话]##鞠婧祎浴室翻唱ringringring# 〖
  • 在俄罗斯宣布动员的时候,扎卢日内甚至称:“我们歼灭了俄罗斯的职业军队,现在是打败俄罗斯非职业军队的时候了!从2014年第一次乌东战败以后,乌克兰军方经过几轮清洗
  • 有很多东西长大以后才会明白,成为大人并不快乐,每天处在复杂的职场环境中,面对着不同的人不得不把笑容挂在脸上。#教师二三事# 意料之外的来到了离家最近的学校,然而
  • 使用某些生殖器官的字眼来哗众取宠,如果你不够了解一个人请不要随意评价她的为人处世,她跟你一样也需要被爱,也需要鼓励与关怀,谁都是爸爸妈妈的宝贝,我俩一直在忍让没
  • 怀念曾经大家眼中那个恣意生活的我,也希望未来可以加油,不求大富大贵做成功人士,只求能做个简简单单平平淡淡的普通人过好自己的小日子~#王鹤棣[超话]# ✨#王鹤棣
  • 我不清楚别人出率如何,我出了七个六星没有异德,我不知道这个概率到底怎么算的,我玩到现在快一百级了,浊蒂池子二潜温蒂,水陈池子70抽一水月,174池子我200抽出
  • 这样一个努力扎根的种子,在破土那一刻,发现了外面的广大,那需要更加努力的成长,但这需要更大的决心和勇气。在背摔台上,胆小一些的员工会害怕都发软,但要通过鼓励和加
  • 当现世改变了,你再回到探寻真理的状体,便能看到不一样的本质。当我们学会接受旅程的真实面目时,我们就能找到真正的平静和幸福。
  • 永远不要去评判你爱豆的队友,你要知道,陪你爱豆走过所有艰难和刻苦的是他们,不是你真的醉了…一些粉丝还真的是……翻脸不认人,明明之前还在信誓旦旦说着we are
  • #王一浩[超话]#WYH#王一浩出道十二周年快乐# ㊗️好甜十二周年快乐吖~你永远是那个暖心的队长 从今年听直播以来,真的真的陪伴了我很多很多,也让我有了更坚
  • 我在佛前虔诚祈求五百年,终于换得与你一次相遇、相知、相念,感谢佛安排这场遇见,让我在心内悄悄种下一朵寂寞的花儿,多少思念多少泪珠儿都愿为你而割舍,只愿此生得