གླིང་ཡང་རྟུལ་དམ་པའི་མི་བདུན།

དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར།
བློན་ཚ་ཞང་འདན་མ་བྱང་ཁྲ།
སྟག་རོང་ཉ་ཚ་ཨ་བརྟན།
དར་འཕེན་དུག་གི་སྡོང་བོ།
དཔའ་འགྲན་མེད་སེང་སྟག་ཨ་དོམ།
སྟག་རོང་ཨ་ནུ་གཟིག་འཕེན།
འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག

གོ་རེ་ཞིག་བརྐུས་རྗེས།
འཇམ་དབྱངས་དཀར་པོས།

སྤྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༥ ཉིན།
ཨ་མེ་རི་ཀར་མིང་ལ་རྗུ་ནུ་བྷི་(Junubi)ཟེར་བའི་བྱིས་པ་ལོ་ ༡༥ ཅན་ཞིག་གིས་མཛོད་ཁང་ཞིག་ཏུ་བརྐུས་བྱས་པ་ལ་བརྟེན་ནས་ཁྲིམས་ཁང་དུ་བསྐྱལ། ཁྲིམས་ཁང་ནང་རྐུན་མའི་ཁ་མཆུའི་རྩོད་པ་ཚར་བ་དང་། ཁྲིམས་དཔོན་གྱིས་བུ་དེ་ལ་དྲིས་པ།

ཁྲིམས་དཔོན་ན་རེ། ཁྱོད་ཀྱིས་ངོ་མ་མཛོད་ཁང་ནས་དངོས་རྫས་བརྐུས་པ་ཡིན་ནམ།
བྱིས་པ་རྗུ་ནུ་བྷི་ན་རེ། ཡིན་ལགས། ངས་གོ་རེ་ཐུམ་གཅིག་དང་ཕྱུར་བ་ཐུམ་གཅིག་བརྐུས་པ་ཡིན།
ཁྲིམས་དཔོན་ན་རེ། ཁྱོད་ཀྱིས་ཅིའི་ཕྱིར་བརྐུས་པ་ཡིན།
བྱིས་པ་རྗུ་ནུ་བྷི་ན་རེ། དེ་ང་ལ་དགོས་མཁོ་འདུག
ཁྲིམས་དཔོན་ན་རེ། ཁྱོད་ཀྱིས་དེ་ཉོ་ཆོག་གི་རེད།
བྱིས་པ་རྗུ་ནུ་བྷི་ན་རེ། ང་ལ་སྒོར་མོ་མེད།
ཁྲིམས་དཔོན་ན་རེ། ཁྱིམ་ལ་བཤད་ན་མི་ཆོག་གམ།
བྱིས་པ་རྗུ་ནུ་བྷི་ན་རེ། ཁྱིམ་ན་ང་དང་ཨ་མ་གཉིས་ཁོ་ན་སྡོད་ཀྱི་ཡོད། ཨ་མ་ན་ཡི་ཡོད་པས་ལས་ཀ་བྱེད་པའི་གནས་སྟངས་མི་འདུག ངས་འཕྲུལ་འཁོར་བཟོ་ལས་ཁང་ཞིག་ཏུ་ལས་ཀ་བྱས་ཏེ་ཨ་མ་གསོ་ཡི་ཡོད། ཡིན་ན་ཡང་ངའི་ཨ་མའི་བདེ་ཐང་སྡུག་ཏུ་ཕྱིན་པ་དང་། ངས་སྦྱིན་བདག་ལ་ཨ་མ་ལགས་ལ་ལྟ་སྐྱོང་བྱེད་དགོས་ཚུལ་བཤད་པར། སྦྱིན་བདག་ངའི་ཐོག་ལ་ཧ་ཅང་འབར་སོང་།
ཁྲིམས་དཔོན་ན་རེ། ཁྱོད་ཀྱིས་མི་གཞན་པར་གོ་རེ་ཉོ་བྱེད་ཀྱི་དངུལ་མཁོ་ཚུལ་བཤད་ཆོག
བྱིས་པ་རྗུ་ནུ་བྷི་ན་རེ། ངས་གོ་རེ་མ་བརྐུས་གོང་ཞོགས་པ་ནམ་ལངས་མ་ཐག་ནས་སྲང་ལམ་ནས་ལངས་ཏེ་མ་མཐར་མི་ ༥༠ ལྷག་ལ་སྒོར་མོ་བསླངས་པ་ཡིན། སུས་ཀྱང་རོགས་བྱས་མ་སོང་། མ་མཐའ་ངས་བརྐུ་བྱེད་དགོས། གང་ལགས་ཤེ་ན། ང་ལ་མགོན་སྐྱབས་མེད་པར་མ་ཟད། མགོན་སྐྱབས་མེད་ཅིང་ནད་ཀྱིས་མནར་བའི་ཨ་མ་ཞིག་གི་ལྟོགས་སྐོམ་སེལ་དགོས།

འདི་ནི་གོ་རེ་ཞིག་བརྐུས་པའི་གྱོད་གཞིའི་བརྒྱུད་རིམ་ཆ་ཚང་རེད་ལ། འདྲི་བརྩད་ཀྱང་ཚར་སོང་། ཁྲིམས་དཔོན་གྱིས་དཔྱད་ཁྲ་སྒྲོག་མགོ་བརྩམས།

ཁྲིམས་དཔོན་ན་རེ། བྱིས་པ་འདིས་གོ་རེ་བརྐུས་པའི་ནག་ཉེས་ཀྱི་འགན་འཁྲི་ཚང་མ་ང་ཚོར་འདུག ང་ཚོ་ཉེས་ཅན་པ་ཡིན་པ་ལས་བྱིས་པ་འདི་མ་རེད། ཁྲིམས་ར་འདིའི་འདུག་སྟེགས་སྟེང་གི་ཉན་མཁན་མི་རེ་རེས་བྱིས་པ་འདིར་ཉེས་ཆད་ཨ་སྒོར་བཅུ་རེ་སྤྲོད་དགོས། ཁྲིམས་དཔོན་གྱིས་དོན་དག་དེ་དེ་ལྟར་ཐག་བཅད།

ཁྲིམས་དཔོན་ན་རེ། ང་ཉེས་ཆད་སྤྲོད་དུ་འགྲོ་རྒྱུ་ཡིན། ཞེས་ཁྲིམས་དཔོན་གྱི་ཁྲི་ལས་བབས་ཏེ་སོང་ནས་བྱིས་པ་རྗུ་ནུ་བྷི་ལ་ཨ་སྒོར་ ༡༠ སྤྲད་ནས་འཐམ་འཁྱུད་དམ་པོ་ཞིག་བྱས།

ཁྲིམས་དཔོན་ན་རེ། སྤྱི་འབངས་རེ་རེར་བཟའ་བཏུང་གོ་སྒྲིག་དང་སྨན་བཅོས་གསོ་ཐབས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པ་དང་། སྲིད་གཞུང་དང་འཇོན་ནུས་ཅན་གྱི་སྤྱི་ཚོགས་གཉིས་ཀར་དེའི་གོ་སྐབས་སྐྲུན་པའི་ལས་འགན་ཡོད། ང་ལམ་ཁ་དེར་འགྲོ་མཁན་ཞིག་ཡིན་ཞེས་བཤད་དོ།།

ༀ་ཨཱ་ཧཱུཾ་ཧྲཱི།

བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །

བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། །

མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །

རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །

ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །

འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །

པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། །

སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ །

གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། 

བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །

མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིགས་བྱེད་མ། །

མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །

དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། །

སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །

རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །

འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །

འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །

སྲིད་ཞིའི་དྭངས་གཅུད་གཡོ་ཞིང་སྡུད་པར་བྱེད། །

རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །

རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། །

རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །

སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། །

མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །

ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །

རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །

གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག །

ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ།། །།


发布     👍 0 举报 写留言 🖊   
✋热门推荐
  • 看过他们一起做宣传活动的花絮,金南佶在她身边,有点像迷弟,对她很好,很照顾,要知道艺珍向来是韩国众多男星的理想型,被人喜欢是挺正常的。之前玄彬的片子,我比较喜欢
  • 最近的日子过的真的很快很快 好像生病一下就拉快了回家的进度条 和朋友去到了两年前去的地方故地重游别有一番滋味在心头 口罩以后就没有生过病 这一次很严重保险起见测
  • 在此背景下,各地应该进行新一轮的中考加分项目清理,应就清理中考加分项目听取公众意见,只保留公众认为有必要保留的照顾性质加分。一些地方部门出于部门利益考量,如“
  • 在决定是说,造作罪业的时候,都还未到临终时,是以间隔作恶的“有间心”及将来还会作恶的“有后心”造罪;而临终念佛的时候,是以十念念佛的猛利善根、更无恶业来间隔的“
  • 不仅唱跳俱佳rap超强,还是个天才制作人,但是也会随着越了解越心疼宝贝,总是不被人理解,一个人扛着团队回归的所有压力,她一定很累吧[悲伤]#全昭妍[超话]# #
  • 冬日的阳光弥足珍贵,走着太阳下觉得自己全身都在吸收着光和热。所幸这几天昆明的气温又回升了,有了暖冬的迹象。像我这种矫情的人,因为天气而会影响到心情的人真的是太可
  • 老陈:“我们去琴湖吃泰餐吧 你看看能不能预约” 然后我乖乖打电话去店里一问 哦要等位了 我已经准备好在等位的时候批批默写了 结果到了店里我径直去取号 老陈和店员
  • 天宏畅付卡回收价格最高点是多少游戏充值是整个游戏行业中利润的最大来源,对于游戏运营商来说也是支撑起游戏发展的动力,因此目前市面上针对游戏充值这个环节出现了各种各
  • 只是为了让旅行者多跑一趟吗,这样弄得妮露和被邀请的人和旅行者都很尴尬好吧[哆啦A梦害怕]要我说,策划要是想塑造妮露的话,把最后这个庆功宴办成为了庆祝迪娜泽黛魔麟
  • 关注我的朋友都知道,我在上周星期五市场最高点的时候,全面离场。我是老周,喜欢对指数做极限预判,而且只做非黑即白的预判,绝不模棱两可。
  • !!
  • 短的节奏,快的情调,本身也是一种启迪、点化,让人懂得可贵和稀罕而不虚度,不浪费,不辜负,用心用情生活,珍惜每一刻,过好每一天。渐行渐老的路上,最好的福分就是尚且
  • “口袋公园”既是共享空间,也是共同呵护的成果,需要人们在享受美的同时自觉维护环境设施,以实际行动来呵护触手可及的“诗和远方”。建设好、管理好人人共享的“口袋公园
  • 我看事情也许还片面,作为他们命运的观众,我惋惜我控诉我心疼我也羞愧,可我却无法做出什么,这世间还有多少苦难与痛苦,我们不知道,可这世界是联通的,没有绝对的苦难
  • #摩登兄弟[超话]#❤️#刘宇宁开始推理吧# 本想拿一下手机看一下几点钟的[允悲]还想睡个回笼觉的,结果回笼觉没睡成[笑cry]打开微博刷一下[doge]呵呵
  • 得到的非你莫属,失去的与你无缘,如果执意要得到本不属于你的东西,我想这就是人性的贪婪。就当下来说,我认为自己目前最大的幸福应该就是还清债务,试想一下,如果老天真
  • 至此之际,感恩我的岳父岳母,培养了这么好的一个女孩,一个女生,一个女人,让她在我的生命中如此的璀璨。重复了三遍 事后回想起来 我也很内疚 又不知道怎么给她说
  • #潮州·绿太阳生态旅游度假区[地点]# @乐游广东 @微博旅游#旅行玩家[超话]# 面朝大海的沙滩房车营地,一站式打卡全国80+咖啡品牌,网红爆款应有尽有,真是
  • 天花板级别的朋友圈文案,住1、今日风大,自由廉价,塑料袋飞的比鸟还高2、我记得这花香,便对的起这时光3、风已是秋天的味道了,愿我们都好,不止在秋天4、我的理想有
  • 技术点评:原油昨日收大阳线,价格大幅冲高,多头得到大量释放,短期MACD虽位于0轴之上,但能量不强,技术点评:天图美日收大阴线,价格大幅回落,空头得到大量释放,