࿐ དེ་རིང་ནི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་སྟེ། བཅོམ་ལྡན་འདས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསུངས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ལོ་དེའི་ཕྱི་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བ་དང༌། ཡང་ཤོད་ཚུལ་གཅིག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་སྔོན་གྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བའི་ཤོད་ཚུལ་གཉིས་ཡོད་པ་ལས། བོད་ཀྱི་མཁས་པ་མང་ཆེ་བ་ནི་བཤད་སྲོལ་སྔ་མ་ལྟར་ཁས་ལེན། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུང་ཡུལ་ཆེད་དུ་བྱ་བའི་གདུལ་བྱ་ནི། བྱང་ཤམ་བྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་ལྷ་མོ་རྣམ་པར་རྒྱལ་མའི་སྲས་ཆོས་རྒྱལ་ཟླ་བ་བཟང་པོས་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་དུ་དངོས་གྲུབ་འགྲུབ་པའི་དོན་དུ་སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ཅིང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྒྱལ་ཟླ་བ་བཟང་པོས་གཙོ་བོར་བྱས་པའི་ཤམ་བྷ་ལ་བ་རྣམས་སྐལ་བ་དང་ལྡན་པ་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པ་ཞིག་ཡིན། ཆོས་རྒྱལ་ཟླ་བཟང་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་རྣམས་ཐུགས་ལ་བཟུང་སྟེ་ཤམ་བྷ་ལར་བྱོན། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱང་ངན་འདས་པའི་རྗེས་སུ་ཐུགས་ངོར་གསལ་བའི་རིམ་པ་རྣམས་ཤམ་བྷ་ལའི་སྐད་ཀྱིས་རྩ་རྒྱུད་དང་དེའི་འགྲེལ་བ་གླེགས་བམ་ལ་བྲིས་ཏེ་ལོ་གསུམ་གྱི་བར་དུ་རྒྱ་ཆེར་སྤེལ་བ་དང་། དེ་ནས་སེམས་ཅན་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པའི་སླད་དུ་ཤམ་བྷ་ལར་དུས་འཁོར་བློས་བསླངས་གསར་དུ་བཞེངས་པ་ནས་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱ་རྒྱུད་བཅུ་གཉིས་ཏེ་དུས་འཁོར་རྩ་རྒྱུད་ནས་ཇི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྔགས་པའི་རྒྱལ་པོ་བཞི་ཅུ་རྩ་གསུམ་གྱིས་ཤམ་བྷ་ལའི་ཡུལ་དུ་དུས་ཀྱི་འཁོར་ལོའི་བསྟན་པ་རྒྱ་ཆེར་སྤེལ་ལོ། །རྒྱུད་རྒྱལ་འདི་ཉིད་བོད་དུ་ཐོག་མར་དར་བའི་དུས་ཚོད་གང་ཡིན་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་གསུངས་པ་ལྟར་ན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སངས་རྒྱས་འདས་ལོ་ ༡༡༧༡ བོད་མེ་ཡོས་ཕྱི་ལོ་ ༡༠༢༧ ལོ་ལ་གྱི་ཇོ་ལོ་ཙཱ་བས་བོད་དུ་ཐོག་མར་དར་སྤེལ་བཏང་བ་དང་དུས་མཚུངས། མུ་སྟེགས་པའི་བྱེད་རྩིས་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་ ༤༠༣ ལོ་གྲངས་རྫོགས་པ་ཡིན་པས། མེ་ཡོས་ལོ་དེ་ལོ་མགོར་རྩིས་ནས་རབ་བྱུང་སྐོར་གཅིག་མགོ་ཚུགས་པའི་རྩིས་སྲོལ་དར་བ་ཡིན། གྲུབ་མཐའ་ཡང་རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་། དགེ་ལུགས་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་མང་པོས་དུས་འཁོར་གྱི་སྐོར་ལ་བསྟན་བཅོས་མཛད་པ་དང་མཉམ་སུ་བཞེས་ནས་གདུལ་བྱ་གྲངས་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ནི་མཐའ་ཡས་སོ། །

࿐དབུལ་པོ་ཞིག་གིས་སངས་རྒྱས་ལ་འདི་ལྟར་ཞུས་ཏེ།
穷人问佛:我为什么这么穷?

བཅོམ་ལྡན་འདས། ང་དབུལ་པོ་དེ་ལྟར་ཆགས་དོན་གང་ཡིན་ནམ། སངས་རྒྱས་ཀྱིས། ཁྱེད་རང་གིས་གཞན་ལ་སྦྱིན་པ་མ་བཏང་བའི་རྐྱེན་གྱིས་དབུལ་བོ་ལ་འགྱུར་བ་རེད་ཅེས་ལན་བཏབ།
穷人问佛:我为什么这么穷?佛:因为你没有学会给予别人。

སངས་རྒྱས་ཀྱི་གསུངས་དེ་ཐོས་རྗེས་དབུལ་པོ་དེ་ན་རེ། ང་ལ་སྦྱིན་པ་གཏོང་རྒྱུ་གང་ཡང་མེད་ན་ཅི་བྱ་ཞེས་དྲིས། སངས་རྒྱས་ཀྱིས།

ཁྱེད་རང་ལ་རྒྱུ་ནོར་མེད་ཀྱང་སྦྱིན་པ་གཏོང་རྒྱུ་ཁ་ཤས་ཤིག་ཡོད་དེ།
穷人:我什么都没有如何给?佛:一个人即使没有钱,也可给予别人一些东西!

༡ གདོང་གི་འཛུམ་མདང་གཞན་ལ་བསྟན།
1、颜施,即微笑处事。

༢ མིག་གིས་གཞན་ལ་དགའ་བས་བལྟ།
2、言施,多说鼓励、赞美和安慰别人的话。

༣ ཁ་ནས་གཞན་གྱི་ཡོན་ཏན་བརྗོད།
3、心施,敞开心扉对人诚恳。

༤ སྙིང་ནས་གཞན་ལ་ཕན་སེམ་བསྐྱེད།
4、眼施,用善意的眼光给予别人。

ལུས་ཀྱིས་གཞན་ལ་གུས་ཞབས་ཞུ།


5、身施,以行动帮助别人。

࿐དེ་རིང་ལྟོས་ན་ཐམས་ཅད་ཀྱིས་དཔེ་ཀློག་ལ་དགའ་བོ་བྱེད་བཞིན་ཡོད་པ་འདྲ། དཀོན་མཆོག་མཁྱེན་དོན་དངོས་ཡིན་པར་སྨོན། དཔེ་ཆའི་འོད་སྣང་གང་སར་འཕྲོ་བར་ཤོག


发布     👍 0 举报 写留言 🖊   
✋热门推荐
  • 中医内科临床常见肢体经络病之一【腰痛】肾著病【来源】《金匮要略》【原文】肾著之病,其人身体重,腰中冷,如坐水中,形如水状,反不渴,小便自利,饮食如故,病属下焦,
  • 你看,我这一个人说两样话了,「通通是金子,是一样的」是我说的;我说「这不一样」也是我说的 ── 这是佛,这是坛城,这是盆,那是罐子。正是由于我们心所现的这一切,
  • ”❤️《婚久终成宠》作者:醉后渔歌“什么爱不爱的,我从来也不想听,也从来都不信,一句‘我爱你’在我心里都比不上替我端一杯水来的实际,我不是什么风花雪月之人,我想
  • 如果可以,希望所有人安稳的度过余生,每天抱怨些鸡零狗碎的小事,哪怕吵吵小架,闹闹小性。最近总是想起在呢个下课人来人往的主干道,在我转身走了十几米的时候他站在人群
  • #北印分享# 为了方便妻子草壁靖子养病,草壁达郎决定带着两个女儿草壁皋月和草壁梅搬到草壁靖子所在疗养院附近的乡下,父女三人入住了一间年久失修的老房子。善良而温和
  • 做一个善良正直,说话算数的人,再穷,也不要欠债不还,再难,也不要坑蒙拐骗。一穷二白不是错,山穷水尽怕什么,只要讲信用,敢承担,说到做到,遵守诺言,再难,也有人帮
  • 超大水平面施工的解决方案,没有先例和规范支撑,自己设计研制小火车,经过实验解决了这个问题,在中国是首创。  李建华:高铁和地铁进入航站楼,这在世界上是第一次,高
  • 薏苡仁健脾渗湿,白蔻仁行气化湿,砂仁醒脾祛湿,三味合力,药性偏温,于脾湿、气滞之中焦湿困证,所见纳谷不馨,口淡乏味,或有秽浊之气,用之每有良效。九、神曲、山楂、
  • 晚餐:烤春雞2塊,紫椰菜200克,蕃薯,馬鈴薯2個。运动➕轻微热量缺口 每天汗水洗澡撑出手肘老茧一个月汇报体重:-1.7公斤体脂:28.1%-26.7%腰围:-
  • 我学自行车的时候,被霸凌的时候,高考冲刺的时候,你永远对我说 “别怕” 说“我在” 说“只要你回头的时候我都会在你身后”。可十八岁的余心乐却说 “云歌别回头了
  • 果然一分钟磨成粉‍♂️不知道我上次是在干什么克拉马里奇在对阵波鸿的比赛中罚丢点球,霍芬海姆主帅布雷滕雷特尔对此点评道:“我们选择安德烈(克拉马里奇)主罚点球,他
  • 佛告弥勒:我今分明语汝,是人以一切乐具、施于四百万亿阿僧祇世界六趣众生,又令得阿罗汉果,所得功德,不如是第五十人闻法华经一偈、随喜功德,百分、千分、百千万亿分、
  • 四是在翟庄村大力发展特色产业中草药夏枯草示范种植300亩,每亩净利润7000元,年净收入200余万元,下一步将全面铺开,引领全乡群众大力发展特色产业,带动群众增
  • 站内监控显示,一女司机加油后,将读卡口里的加油卡取走了,10分钟后,其返回并用捡来的卡加了88元汽油,取卡离开。站内监控显示,一女司机加油后,将读卡口里的加油卡
  • 【制作】1.芦荟去皮,只取内层白肉。#养生茶饮#之【芦荟红茶】【茶包料】芦荟1段,红茶3克,菊花3克,蜂蜜1勺。
  • 包括在他进铜炉山为了护着那一群凡人,挖了自己的右眼,也包括文章以及太太们创作的同人文,说花花他去帮村里面的村民们修东西。因为就拿他那间赌坊来说,当时怜怜去鬼市刷
  • #严浩翔[超话]##严浩翔十八岁生日快乐# ㊗浩翔生日快乐✨成長不期而遇 生日如期而至祝你生日快樂 ​ 17岁的严浩翔努力和坚持我们都看见了,相信18的严浩翔
  • 【科创、创投类人才选择龙子湖智慧岛No.1,可享医疗、住房、子女入学等保障】为促进人才发展,郑东新区对中原龙子湖智慧岛No.1引进的科创和创投类人才,提供资金奖
  • ”然后我俩就开始了棋局——顶着汗蒸房四十度的高温,用棋魂教我的神之一手姿势,凭借着我的聪明才智,跟她缠斗n个回合后,还是被她打爆了[二哈]~我刚想教育她小孩子不
  • #汽车资讯##奔驰g级amg##奔驰# 日前,全新一代奔驰G63 4×4²官图曝光,整车造型宽大硬朗,动力上搭载的是4.0T八缸发动机,并有着“三把锁”加持。综