ང་ཡི་རྣམ་ཤེས་དཀར་ནག

རྫི་རླུང་།

ཁྱེད་ནི་དགུང་ལ་གསལ་བའི་ཟླ་བ་མ།།
བརྩེ་བ་སྟོང་གི་སྣེ་ལ་དུས་ལྟར་སྤུད།།
ང་ཡི་སེམས་ནས་ཤོར་བའི་སྙན་ངག་ཅིག།
འཁོར་བའི་དཔྱིས་སུ་ཁ་རླངས་ཐུལ་ལེ་བྲོད།།

ཁྱོད་ནི་མེ་ཏོག་མོད་པོའི་མུ་མཐའ་ན།།
བརྩེ་བའི་སྨུག་པ་འཐིབས་པའི་ར་བ་ཞིག།
ང་ཡི་སེམས་ནས་ཤོར་བའི་སྙན་ངག་ཅིག།
ཟོལ་མེད་བརྩེ་བ་ཁྱོད་ལ་ཕྱོགས་ཚུལ་ཡིན།།

ཁྱོད་ནི་གནམ་ལ་རྩེན་བའི་ཁྲུང་ཁྲུང་ཞིག།
ཐག་རིང་རི་བོ་བཤིག་སྟེ་རྒྱང་དུ་བྱེར།།
ང་ཡི་སེམས་ནས་ཤོར་བའི་སྙན་ངག་ཅིག།
གངས་རིའི་སྡིངས་ལས་སྒྲུགས་ཏེ་ཁྱེད་ལ་བསྐུར།།

ཁྱོད་ནི་བྲག་ལ་བཏབ་པའི་ལྕགས་ཕུར་ཞིག།
ལུས་དང་སེམས་པ་གཉིས་ཀ་མགུ་ནས་ཡོད།།
ང་ཡི་སེམས་ནས་ཤོར་བའི་སྙན་ངག་ཅིག།
སྙིང་ཁ་སྤྱང་ཀིས་སྦར་པའི་ན་ཟུག་ཡིན།།

ཁྱོད་ནི་ཨ་གསར་ཆེ་བའི་སྐྱ་མི་ཞིག།
བདག་གི་འཇིག་རྟེན་མནར་གཅོད་མ་བཟོ་རོགས།།
ང་ཡི་སེམས་ནས་ཤོར་བའི་སྙན་ངག་ཅིག།
བརྩེ་བའི་མིག་ཆུ་བསྲེས་པའི་ཟིལ་ཐིགས་ཡིན།།

ཁྱོད་ནི་རྒྱ་མཚོའི་ངོས་ཀྱི་སྐར་མ་ཞིག།
ནམ་ཀའི་ཀློང་དུ་ཉལ་བའི་སྨིན་དྲུག་ཞིག།
མཚན་མོ་རྒྱ་མཚོའི་ཁྲོད་ཀྱི་གྲུ་ཁར་ཞུགས།།
སྙན་ངག་མེ་ཏོག་བསྐོར་བའི་རྩྭ་ཐང་ཡིན༎

རྨི་ལམ་རེ་རེ་
སྤྲིན་དཀར་གྱི་གཟུགས་སུ་བརྫུས་ཏེ་
མུ་མེད་པའི་མཁའ་དབྱིངས་སུ་སྐྱོད་དུས་
ངས་མཚར་སྡུག་ཡོད་ཚད་
གངས་ཀྱི་སྣེ་མོར་བཏགས་ཏེ་རྒྱང་རིང་དུ་བཏང་
སྙིང་ཉེ་བའི་མི་
རྒྱུས་མེད་ཀྱི་རི་གྲོང་འགྲིམ་དུས་
ཚོད་ཚོད་མེད་པར་ང་རང་དྲན་སྲིད་དམ།

ཟླ་འོད་ཀྱིས་རི་གྲོང་ཁེབས་དུས་
ཁྱོད་ཀྱིས་ཁུ་སིམ་མེར་མེ་ཏོག་དང་སྡོང་ལོ་ལ་ཅེར་བཞིན་
གང་ཞིག་ལ་བསམ་གཞིག་བྱེད་དུས་
ངའང་རླུང་བུ་ཞིག་ཏུ་སྤྲུལ་ཏེ་
འཇམ་ཐེང་ངེར་ཁྱོའི་ཉེ་ཟུར་དུ་བཅའ་ནས་
ཁྱོད་ཀྱི་ངོ་གདོང་ལ་བྱིལ་བྱིལ་བྱས་པར་ཚོར་རམ།

ཡིད་ཀྱི་མཚོ་མོ་རླུང་གིས་སྐྱོམ་སྐྱོམ་བྱས།།
གདུང་བ་མ་བཟོད་རྦ་ཀློང་དྲག་ཏུ་འཕྱོ།།
ཁོ་ཧྥེ་བཏུང་ཀྱང་སྐྱོ་བ་མ་སེལ་བས།།
ལྷིངས་འཇགས་ཞི་བའི་རེ་འདོད་གཏམ་ལ་བཅངས།།
__སྟོང་འོད་ཆུང་གིས།


发布     👍 0 举报 写留言 🖊   
✋热门推荐
  • [憧憬][憧憬]这个电影真的很不错[送花花][送花花]⚡⚡⚡⚡⚡⚡在最最后的结尾,马克的这段话真的令人深思“当我独自被困在那时,想过会死在哪儿吗,想过当然想过,
  • ご覧になった方はぜひ、これから観る方にネタバレがないように #希望と絶望感想文# で映画の感想をお寄せいただけると嬉しいです#日向坂46希望と絶望#7月8日(金
  • 大家有木有发现,你对电脑、手机的更新换代现在越来越不感冒虽然我是数码博主,也会在厂商的要求下去做一些设备的评测,但是我自己用的电脑还是15年的MacBook P
  • 백절불굴의 공격정신은 영원한 조선의 기상 남패자회의 83돐에 즈음하여 위대한 정신은 한 나라, 한 민족이 력사의 온갖 도전과 시련속에서도 주
  • 趁着暑假大好时光,来一场“牙齿矫正”逆袭之旅,悄悄变美,惊艳所有人[好喜欢]~~好消息:隐贝暑假实力宠粉模式已经开始啦~~晒美照,送豪礼[赢牛奶]!在工作后也许
  • 老祖宗留下来的,人性潜规则一定要知道。 01、小孩子吵架了总会说 ”我再也不和你做朋友了 “,成年人绝交不用说出来,默默不联系,慢慢远离就可以了。 02、如果朋
  • #湛江市区医院可预约核酸检验#湛江市区部分医院只接受微信公众号预约预约成功并缴费的群众可以在预约时间段前往医院核酸检测采样点进行核酸采样▼▼1、湛江市妇幼保健院
  • 该容的时候容,是为人大气;该忘的时候忘,是做人豁达。该容的时候容,是为人大气;该忘的时候忘,是做人豁达。
  • 能在短期被俘获的关系,往往难长久长久的关系往往源远流长好的关系像茶像酒,愈酿愈陈浓郁的香气不需要借助外物来证明那是平淡岁月下长期在场的结果是循序渐进下酿出来的稳
  • ☑️1.花了两个小时做的美甲 第二天又全部扣掉 果然还是不专业☑️2.3.凌晨一点的楼下 安静又好看☑️4.每次找东西找不到 都情绪上头 叽叽歪歪 满屋子翻 最
  • 老学姐在线答疑解惑喔#桂林旅游学院[超话]#想了解更多的可以+我v:pi141486【Power Integrations推出InnoSwitch3-AQ支持3
  • #例如:在关于培养理论的介绍中,《范式与流派》中包括除该理论的研究背景、理论内容外还讨论了培养理论实验的特殊性(在美国电视的商业体制背景下)书中提到了一些学者对
  • 至于那些牛鬼蛇神,魑魅魍魉,姐定要让你坠入地狱,永不超生! ​看了这位大神的解读,对盗笔电影才恍然大悟。
  • 8名密切接触者在宝塔区主要活动轨迹的通告关于8名密切接触者在区主要活动轨迹的通告近日,我区接西安市区域协查平台信息反馈,辖区8人与西安市新冠肺炎确诊病例有交集,
  • 想新英文名的我也真是够纠结...最后还是Kelsey吧[喵喵]新环境自然有我恐惧的事情,大概是环境的没次都需要我充满警惕,不能够放松。也就...一般[允悲] 但
  • 人数:多名(3)招聘工种:切膜学徒工作内容:切好每日管理交代工作量上班时间:早上8点至下午4点。招聘:(不招聘暑假工及临时工)①仓库配货、打包、贴单扫描(轻货)
  • 在这部剧中,李现和杨紫这一对cp让人越看越顺眼,两个人的演绎也越来越默契了,李现的高冷犀利眼神,搭配上杨紫的呆萌可爱,让人大爱啊,刚开始网友们吐槽李现的台词太烂
  • 邵爷爷很配合防疫政策,尽管自己家只是属于“防范区”但也知道出行就医都有限制。程女士、张女士、邵爷爷通过互联网医院的视频会诊,满足了就医需求,而且,医疗质量有保证
  • #在路上二手车# 看到同行发的一台车,这家同行每次拍照很用心,老板之前是做展厅的,后来又搬进了市场,这次是刚刚收的一台5700,拍照场地特意选择了户外非铺装路面
  • *《Deep Fashion3D: A Dataset and Benchmark for 3D Garment Reconstruction from Sin