人生,就是一步一步走,一点一点扔。走出来的是路,扔掉的是包袱一样,到终点后,整个人生回忆看,此生无遗憾的人是不错的修行人。

སོག་ཡུག་མཁར་སྔོན་པོའི་དགོན་པ་འགའ་རེ་ངོ་སྤྲོད་

མདོར་བསྡུས།


དགེ་ལྡན་དཔག་མེད་གླིང་།

མི་གྲངས་ཁྲི་ཚོ་བཞི་བརྒྱ་ལྡན་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་སོག་ཡུལ་མཁར་སྔོན་པོའི་གྲོང་ཁྱེར་དུ་སོག་རྒྱལ་ཨ་ལ་ཧན་དང་།

རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་གཉིས་ཀྱིས་དགེ་ལྡན་དཔག་མེད་གླིང་(大召寺)༡༥༨༠ལོ་ལ་ཕྱག་བཏབ་ནས་ད་བར་ལོ་ངོར་བཞི་བརྒྱ་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད་པ་རེད་འདུག

ལྷ་ཁང་གི་རྟེན་གྱི་གཙོ་བོར་རྒྱ་དངུལ་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ་སྐུ་འདྲ་དང་། གོང་མ་ཁང་ཞིས(康熙)ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་གནང་བའི་གསེར་ཞུན་ལས་གྲུབ་པའི་རྣམ་སྲས་ཀྱི་སྐུ་བྱིན་བརླབས་ཅན། བྱམས་སྐུ་ཐོག་བརྩེགས་གཉིས་ཅན་སོགས་སྐུ་འདྲ་རྟེན་རྙིང་ཧ་ཅང་མང་ངོ་།

དགོན་དེར་རྒྱུན་བཞུགས་སོག་པོ་གྲྭ་བ་ལྔ་བཅུ་ལྷག་ཡོད་འདུག


ཤྲི་རི་བྱང་ཆུབ་གླིང་།

དགེ་ལྡན་དཔག་མེད་གླིང་གི་ཉེ་འགྲམ་དུ་ཤྲི་རི་བྱང་ཆུབ་གླིང་(席力图召)ཞེས་པའི་དགོན་པ་ཞིག་འདུག དེ་ནི་ཤྲི་རི་ཧོ་ཐོག་ཐུ་རྡོ་རྗེས་ཕྱབ་བཏབ་པས་དགོན་པའི་མཚན་གནས་ལའང་མིང་དེ་ལྟར་ཐོགས་པ་རེད་འདུག

ནང་རྟེན་གྱི་གཙོ་བོ་ནི་རྗེ་རིན་པོ་ཆེ་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་རྟེན་བྱིན་ཅན་མང་པོ་འདུག སྐབས་དེར་རྒྱལ་བ་བསོད་ནམས་རྒྱ་མཚོས་རྒྱ་སོག་ཡོངས་ལ་བཀའ་ཆོས་ཟབ་མོ་མང་དུ་བསྩལ་བས་ཁོང་གི་བཞུགས་ཁྲི་ཡང་རྟེན་གཙོ་གྲས་སུ་བཞག་འདུག ཁོང་གིས་ཆོས་གསུང་པའི་གནའ་ཤུལ་དུ་དགོན་དེའང་བཏབ་པར་གྲགས་སོ།

དགོན་པ་དེ་ལའང་སོག་གྲྭ་ལྔ་བཅུ་ལྷག་རྒྱུན་བཞུགས་མཛད་འདུག

བློ་གསལ་གླིང་།

ཤྲི་རི་བྱང་ཆུབ་གླིང་གི་ཉེ་འདབས་སུ་བློ་གསལ་གླིང(五塔寺)ཞེས་པའི་དགོན་པ་ཆིན་རྒྱལ་རབས་དུས་སུ་ཕྱག་བཏབ་ཅིང་། རྟེན་གྱི་གཙོ་བོར་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོ་བཞུགས་འདུག

ཐུགས་རྗེ་ཆེན་པོའི་དགོན།

ཐུགས་རྗེ་ཆེན་པོ་དགོན་པ་(观音寺)ནི་ཅིན་རྒྱལ་རབས་ཀྱི་དུས་སུ་བཞེངས་ལ། རྟེན་གྱི་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་དང་། བྱམས་པ། སློབ་དཔོན་པདྨ་འབྱུང་གནས། རྒྱལ་བ་འོད་དཔག་མེད་སོགས་ཀྱི་རྟེན་བྱིན་ཅན་ཧ་ཅང་མང་ངོ་།

༢༠༢༤/༡/༢༧ཉིན་ནང་སོག་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་སོག་ཡུལ་གྱི་མཁར་སྔོན་པོའི་གྲོང་ཁྱེར་ནས།

བོད་ཟླ་བཅུ་གཅིག་པའི་ཚེས་པ་གསུམ།

དུ་ཀཱུ་ལ།

དྲན་པའི་མཐོངས་སུ་སེམས་ཀྱི་ཉི་མ་ཞིག།
ཉི་མ་དེ་ནི་དགུང་གི་ཉི་མ་མིན།།
དགུང་གི་ཉི་མས་ལུས་ལ་དྲོད་ཙམ་སྟེར།།
དྲན་པའི་ཉི་མས་ལུས་སེམས་གཉིས་ཀ་གསོ།།

ཁོ་བོའི་རྣམ་ཤེས་བྱ་སྤུ་ལྡོག་མ་གཅིག།
ལས་ཀྱི་རླུང་དམར་གྲགས་པོས་བར་དོའི་ཁམས།།
ངེས་མེད་སྤུར་བའི་འཇིགས་སྐྲག་མཐོང་བའི་དུས།།
ངལ་གསོའི་ས་བོན་སྩོལ་བའི་དྲིན་པོ་ཆེ།།

འགྲོ་བའི་ནང་ནས་མི་ཡི་ལུས་ཞིག་བྱིན།།
མི་ལུས་ཁྲོད་ནས་འདོད་འཇོའི་ལྗོན་བཟང་ལྟར།།
ཁྱད་འཕགས་བསོད་ནམས་རྟེན་མཆོག་ལྡན་པ་འདི།།
ཕངས་མེད་སྟེར་བའི་གཏོང་ཆེན་རྒན་པོ་ཞིག།

གངས་ཅན་བྱམས་བརྩེ་དགའ་བའི་ལྡུམ་རའི་ནང་།།
སྐད་ཡིག་གསེར་གྱི་དཔེ་དེབ་ལག་ཏུ་བཞག།
དབྱངས་གསལ་ངག་གི་དཔལ་དུ་ལོ་ཟླར་བཀོད།།
ཕ་དང་དགེ་རྒན་གཉིས་ལྡན་མི་ཕོ་ཞིག།

བགྲང་བྱ་དྲུག་ཅུའི་ཐེམ་རྐས་བགྲོད་པ་ཡི།།
མགོ་སྐྱེས་ཁ་བའི་རྡུལ་གྱིས་བྲན་དང་ལྷན།།
བརྩེ་བ་དཀར་པོ་བུ་ལ་ཕྱོགས་པ་ཡི།།
མཐོ་སྒང་བོད་གཤིས་ལྡན་པའི་བགྲེས་པོ་ཞིག།

གངས་ཅན་ཆོས་ལྡན་མཐའ་མའི་དག་ཞིང་དུ།།
བསྐལ་མང་ལེགས་བྱས་འོ་མ་བསྲུབས་པ་ལས།།
བྱུང་བའི་སྙིང་པོ་དོན་དང་ཅུང་མཐུན་པའི།།
ཚེ་སྨད་རྣམ་དཀར་ཕྱོགས་སུ་ངལ་གསོའི་མི།།

རི་བོའི་སུལ་གྱི་སེམས་ཀྱི་ལོངས་སྤྱོད་ལ།།
རོལ་བར་མོས་པའི་རྒན་པོར་བྱིན་ཆེ་བའི།།
དེད་རྟེན་ཕུར་མཆོག་བླངས་ལ་རབ་ཏུ་མགུ་ནས།།
སེར་རྫོང་ལེན་དུ་ཡོང་བར་འཛོམ་དུས་བཏབ།།

ཐོག་མའི་རྒྱང་ནས་མིག་དུ་ཐོགས་པ་དང་།།
འཁྲིས་སུ་ཐོན་སྐབས་བཞིན་རས་ཉམ་དམན་ཞིང་།།
ལུས་ཀྱི་གོས་ཀུན་དྲི་ནག་རབ་ཟོས་པར།།
ན་ཚོད་བརྒལ་ཞིང་ལུས་ཟུངས་ཞེན་ཚོར་བྱིན།།

བྱང་སྡེ་སྤྲིན་རུམ་མགྲོན་མཁར་ཁང་བཟང་གི།།
ཉིས་ཤག་ནང་དུ་སྣ་ཚོགས་གཏམ་གྱི་སྒོ།།
འབྱེད་དང་ལྷན་དུ་འཛུམ་ཞིང་དགོད་པའི་སྒྲ།།
ཕྱོགས་སུ་མཆེད་པའི་དགའ་བ་གང་གིས་མཚོན།།

ཁང་རྒན་ཐབ་ཀླེད་ལྕམ་གདུང་དུ་བ་ཡིས།།
ཟོས་པའི་མཚུངས་ཟླ་མ་ནོར་རྐང་པ་དང་།།
དཀར་ནག་སྤེལ་མའི་སྐྲ་ལོ་དྲིས་གོས་པ།།
གཙང་མའི་ཆུ་ལ་བཀྲུས་པར་ལྟ་ངོ་བདེ།།

ལུག་གི་རྭ་བཞིན་རིང་ཞིང་འཁྱིལ་བ་ཡི།།
རྐང་སེན་དེ་ནི་ད་དུང་མིག་ལམ་འཆར།།
ཆུ་ཁོལ་འཐུང་བཞིན་བརྙན་འཕྲིན་ལ་ལྟ་ཞོར།།
མཚན་མོའི་ཕྱེད་ལ་ཐུག་ཀྱང་ད་དུང་སྤྲོ།།

ཕྱི་ཉིན་སྐྱ་རེངས་བུ་མོ་དང་འགྲོགས་ཏེ།།
གསེར་མདོག་ཉི་ཟེར་འཁོར་ཡུག་ཀུན་འཕྲོས་སྐབས།།
མགྲོན་ཁང་དང་གྱེས་ཟ་ཁང་སྒོར་གཏད་དེ།།
སྔ་ཇ་སྟབས་བདེ་ལ་རོལ་སྲང་མདོར་འཁྱམས།།

ཉེར་སྤྱད་འགའ་དང་གྱོན་གོས་ཉོས་པ་རྣམས།།
འགྱིག་ཤོག་ཁུག་མའི་ནང་བཅུག་ཕྲག་བཟར་ཏེ།།
བཞི་མདོའི་ལམ་ནས་གྱེས་པ་མིག་ཟུང་གིས།།
སྐྱེལ་མ་བྱས་པས་རིམ་བཞིན་མི་སྣང་གྱུར།།

འགྲོ་བའི་ཚུལ་དེ་ཡིད་དུ་འཁོར་བ་ན།།
དགའ་བའི་པདྨོར་སྨྲེང་བའི་ཟླ་ཟེར་རེག།
ཚེ་ཡི་མཐའ་མར་ཆོས་ལ་ཅུང་འཁོར་འདིས།།
སྡུག་པའི་ཀུན་ད་ཟླ་འོད་དཀར་པོས་འཛུམ།།

ཨ་ཙི་ནམ་ཞིག་གཏན་དུ་གྱེས་པའི་ཉིན།།
ལྡོག་མེད་འོང་བ་བློ་རུ་འཁོར་བ་ན།།
མཛེས་པའི་འཁོར་ཡུག་མྱ་ངམ་ཐང་སྟོང་དུ།།
འཕོས་པའི་སྣང་ཤས་ཉེ་བར་བཅར་བས་སྨྲེང་།།
༢༠༢༤/༡/༢༦

འཇམ་མགོན་མི་ཕམ་ཡབ་སྲས་གསུམ་གྱི་རྣམ་ཐར་རག་བསྡུས།
蒋贡麦彭仁波切父子三位简历

འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༨༤༦ ལོར་འཁྲུངས། འཇམ་མགོན་མཁྱེན་ཀོང་གཉིས་དང་རྫ་དཔལ་སྤྲུལ་བཅས་བླ་མ་བསྟེན། ཁམས་དཀར་མོ་སྟག་ཚང་སོགས་སུ་སྒྲུབ་པ་ཉམས་ལེན་ཡུན་རིང་མཛད། ཞེ་ཆེན་རྒྱལ་ཚབ། ཀཿཐོག་སི་ཏུ། མཁན་པོ་ཀུན་དཔལ་སོགས་སློབ་མ་བྱོན། གསུང་ཆོས་པོད་ཉེར་བདུན་བཞུགས། ༡༩༡༢ ལོར་དགུང་གྲངས་རེ་དྲུག་ཐོག་འདན་དིམ་མགོའི་རྒྱབ་རི་གོ་ཐི་གཟིམ་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་དུ་སྐུ་གཤེགས། ཐུགས་ལྗགས་སྤྱན་གསུམ་གཟུངས་གཞུག་ཕུལ་པའི་སྐུ་གདུང་ཞེ་ཆེན་དགོན་དུ་བཞུགས།


麦彭仁波切生于1846年,依止上师为蒋扬钦哲旺波、蒋贡康楚、巴智仁波切,于康•荣美嘎莫达仓等地长期闭关修行。心子有协庆嘉擦布泽、噶陀司徒、堪布根霍等。著作有27函。1912年,66岁圆寂于邓•顶果家族后山果特吉祥威燃精舍,心舌眼舍利塔供奉于协庆寺。

རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་ནི་ཕྱི་ལོ་ ༡༨༧༡ ལོར་འཁྲུངས། འཇུ་མི་ཕམ་དང་འཇམ་མགོན་མཁྱེན་ཀོང་གཉིས་སོགས་བླ་མ་བསྟེན། སྐུ་ཚེར་ཞེ་ཆེན་རི་ཁྲོད་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་གནང་། སློབ་མའི་གཙོ་བོ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་མཁྱེན་རབ་གསལ་ཟླ་བ། ཀོང་སྤྲུལ་པད་མ་དྲི་མེད་སོགས་ཕེབས། གསུང་ཆོས་པོད་བཅུ་གསུམ་བཞུགས། ༡༩༢༦ ལོར་དགུང་ལོ་ང་དྲུག་ཐོག་གཟིམ་ཆུང་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་སྐུ་གཤེགས། གདུང་རུས་དང་གདུང་དུད་གར་ཁྱབ་ཀྱི་རི་ལུང་རྣམས་སུ་རིང་བསྲེལ་གྲངས་མེད་བབས། རྗེས་སུ་ཡང་གདུང་སྒྲོམ་ཤུལ་ནས་རིང་བསྲེལ་ཡུངས་ཀར་གྱི་འབྲུ་ལས་ཅུང་ཆེ་ཙམ་བར་མེད་བྱོན་པ་སོགས་རྫོགས་པ་ཆེན་པོའི་ལམ་རྟགས་མ་ཚང་བ་མེད་པར་མངོན་དུ་བརྙེས།
嘉擦吉美白玛朗嘉生于1871 年,依止上师为蒋贡康楚、蒋扬钦哲旺波、麦彭仁波切,一生在协庆闭关静处实修。重要弟子有宗萨钦哲曲吉罗珠、顶果钦哲冉萨达瓦、协庆贡知白玛知美等。著作全集13 函。1926年,56岁圆寂于大乐吉祥增善精舍,骨灰和荼毗冒烟经过处可见舍利子,此后荼毗处不断出现比白芥子大点的舍利等获得大圆满修道之一切征兆。

དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ནི་ཕྱི་ལོ་ ༡༩༡༠ ལོར་འཁྲུངས། འཇམ་མགོན་མི་ཕམ་ནས་ཁྲུས་དང་བཙས་སྟོན་བྱིན་རླབས་སོགས་མཛད་ནས་མཚན་ལ་བཀྲ་ཤིས་དཔལ་འབྱོར་གསོལ། རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། མཁན་པོ་གཞན་དགའ་སོགས་བླ་མ་བསྟེན། རང་ཡུལ་འབར་ལྷའི་སྒྲུབ་གནས་རྣམས་སུ་སྐུ་མཚམས་ལོ་མང་བཞུགས། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ། ཞེ་ཆེན་རབ་འབྱམས། སངས་རྒྱས་གཉན་སྤྲུལ། སྤྲུལ་ནམ་སྙིང་སོགས་སློབ་མ་བསྐྱངས། དགོངས་གཏེར་གསུང་ཆོས་པོད་ཉི་ཤུ་ལྷག་བཞུགས། ༡༩༩༡ ལོར་དགུང་གྲངས་གྱ་གཉིས་ལ་འབྲུག་རྒྱལ་སར་སྐུ་གཤེགས།
顶果钦哲冉萨达瓦生于 1910年,麦彭仁波切取名为扎西巴觉,并举行汤饼筵沐浴等加持。向嘉擦白玛朗嘉、堪布先嘎等依止求法。在巴拉山洞等家乡附近闭关实修多年。弟子有楚西仁波切、宗萨仁波切、冉江仁波切、桑杰年巴、南卡宁波等。意伏藏著作有二十几函。1991年享年82岁,圆寂于不丹首都。

དམ་པ་གང་གི་སློབ་བརྒྱུད་དུ་བཏོགས་པ་གུས་ཨོ་གུར་སྤྲུལ་མིང་ཀུན་བཟང་བསྟན་འཛིན་ནས་ཆུ་ཡོས་རྒྱལ་ཟླའི་ཚེས་བཅུ་དྲུག་ཉིན་བྲིས།
祖师传承门下俄果活佛根松丹增于水兔年腊月十六敬笔。2024/01/26


发布     👍 0 举报 写留言 🖊   
✋热门推荐
  • 喜怒哀乐之未发,谓之中;发而皆中节,谓之和;中也者,天下之大本也;和也者,天下之达道也。喜怒哀乐之未发,谓之中;发而皆中节,谓之和;中也者,天下之大本也;和也者
  • 11月7日作为密切接触者被转运至集中隔离酒店,11月10日核酸检测阳性。」 11月20日星期六,第74屆全日本高中排球錦標賽(春高)京都預選決賽在京都綾部體育公
  • Benjamin Co医学博士当天也特别就对接种疫苗有恐惧感者及老年人是否可以接种等重要课题,向大家加以说明指点。至于60岁以上长者是否可以接种,因政府根据
  • #胡歌南方车站的聚会[超话]##胡歌[超话]##攀登者# @胡歌 #全国向上向善好青年胡歌# 近年来,“30 岁退休”、“工作摆烂”和“躺平”等词频现热搜榜。#
  •   2020年年初,面对突如其来的新冠肺炎疫情,赵忠带领300多名志愿者,为当地群众筑牢疫情防护墙,成为基层防疫前线的“硬核”力量。”如今,赵忠的女儿也加入了志
  • 将熟鸡蛋捞出,去壳后放回锅中炖煮5分钟即成,可食蛋饮汤,患者可于月经前的5~6天开始服用,每日服1剂,直至月经来潮。  2、归艾瘦肉汤  原料:元胡、艾叶、当归
  • 【热爱工作】狮子座下半年,金星将拜访狮子座的创意宫位,如果你从事创意、娱乐、艺术、写作方面的工作,在这段期间請你将你生命中的热爱,都奉献给你的工作,此时的你创意
  • #青年美医进阶计划# #爱问医生诊室# #安心变美狂欢季# #双眼皮修复# #温州[地点]##每日一善[超话]##阳光信用# 公益可以美化人的心灵,当自己的心美
  • #生活相对论# 每个人都有属于她的痛苦和煎熬也有属于她的灿烂和欢乐生活可以是繁华着锦也可以是静水流深工作 爱情 友情都包含在生活里这个城市有无数的人在过普通的生
  • 从粉丝们的反响来看,大家都评价肖战很“仙”和肖战另外一部剧里的角色形成了鲜明对比,肖战“时影”仙气飘飘,肖战“肖春生”则血气方刚,是一位热血少年,对比非常明
  • 马拉特热情,活泼,但又犹豫,不勇敢,一下子我就想到文学史背的那个莎翁悲剧的特点,笑死,简单来说就是看似主角是个英雄般的角色,但他自身总有一些方面有缺陷,有可能是
  • 广州小组6战全败,进球0,失球24,亚冠连败纪录刷新到12场,亚冠连续13场不胜。广州小组6战全败,进球0,失球24,亚冠连败纪录刷新到12场,亚冠连续13场不
  • #成都猫咪领养[超话]#999小偿领养布偶海双妹妹,未绝育,疫苗齐全,已做驱虫,骨架大,性格温顺,随便摸摸抱抱,吃的不多,不会乱跳桌子,会求摸摸,我刚接手一周,
  • 想要什么新颜色,也可以在评论里许愿哦[求关注]人气高的款,会安排上再贩的计划表中~少量#现货掉落# 通知~#白茶入梦蝴蝶酥# 2团,共8色部分款式补款结束,有少
  • 因为虽然市场在前进,时间在前进,但人性不会变,人们对金钱的贪婪不会变,人们想征服自然和市场的慾望不会变。生活所有的好,不是仰慕别人的生活,而是在一片宁静的岁月里
  • 7月9日,在评卷工作人员和投档录取工作人员不辞辛苦、持续奋战,各方齐心协力、共同努力下,广州比原计划提前3天完成评卷、校验、模拟投档等各项工作。(凌传飞 商红涛
  • 另外就是食伤太旺,对待感情也是会比较任情,不能善于管理自己,比较喜欢追求自由爱情,那么往往这时被有心之人利用。另外就是食伤太旺,对待感情也是会比较任情,不能善于
  • 图源见水印#微博新知博主#近段时间折叠屏大火,很明显这一品类的手机,已经成为了厂商之间抢占高端的新赛道~在主流的四款机型当中,包括三星Z Fold3、华为Mat
  • 几年前,我的理想很大,心气很高,充满无限希望,慢慢的,时间溜的很快,独留下我在原地徘徊,处处碰壁,现实击碎了理想国度,生命毫无生机,有时候觉得自己真的没什么机会
  • 福利多多,有意向,有需要工作的直接联系人事部(小豆丁 13922345523微信同号)这里就是见证缘分的开启,需要好工作的可以联系鹿希. 17827099443