འཆི་མེད་ཀྱི་ལྷུག་རྩོམ་ནི་སྐབས་རེར་གསོས་སྨན་དང་འདྲ་ལ་ལན་རེར་ཉལ་ཐ་དང་མཚུངས།ངའི་འཚོ་བར་འོད་སྣང་སྦྱིན་པ་མི་ཉུང་ཞིང་ནང་སེམས་རབ་ཏུ་རྨས་པའང་ལན་གཅིག་མིན།

མུན་ནག་གི་རླབས་རིས།

མགོ་ལོག ཨ་ལགས་ཆོབ་ཚེ།
རླབས་ཕྲེང་སྐྱོམས་པའི་རྒྱ་མཚོ་ལ།།
​ཀོ་གྲུ་གཏོང་བར་སྤོབས་མིན་ཡང་།།
​ལས་ཀྱི་གཟུགས་མེད་ཨ་ལོང་དུ།།
​ངེད་ཅག་དམ་ལ་བཅིང་བ་ལགས།།

གཏམ་ཞིག་ལུད་དེ་སྙིང་ལ་ཕོག།
རི་ཆུ་འགུལ་ཙམ་བྱུང་བ་འདྲ།།
དུས་ཀྱི་མུན་པའི་མེ་ལོང་དུ།།
ངེད་ཅག་ཉེས་མེད་བཙོན་པ་ལགས།།

ཀྱེ་ཧུད་འཁོར་བའི་ལན་པོ་ཆེ།།
ཆོས་ཉིད་རྒྱལ་མོའི་སྡང་མིག་དག།
མེ་སྟག་ལས་ཀྱང་མེ་སྟག་སྟེ།།
བརྗོད་དུ་མ་སོང་ཐབས་མ་བྱུང་།།

ཟད་དུ་མེད་པའི་འཁོར་བའི་རླབས།།
རྟག་ཏུ་མེད་པའི་སྣང་བའི་ཁམས།།
སུ་ལ་མ་ངེས་ཀློང་ན་འཕྱུར།།
དགའ་སྡུག་བར་མའི་ལྷས་ན་འགུལ།།

དངོས་སམ་ཤུགས་སུ་གཏོང་བྱེད་པའི།།
ཁྲོ་འཛུམ་དཀར་ནག་གདོང་གི་ཉམས།།
ང་ལ་ཡོད་དེ་ཁྱེད་ལ་ཡོད།།
ཀུན་ལ་ཐུན་མིན་ཆོས་སུ་འགྲུབ།།

བོད་རྒྱལ་ལོ་༢༡༥༡-༢-༡༩ཉིན་ཁང་རྙིང་དུ།


མདང་ང་ཚོ་ཡུལ་ཉག་རོང་ཡུལ་གྱི་མཁས་པ་ཆེན་པོ་ཚེ་རིང་རྒྱ་མཚོའམ་བྱ་ཚེ་རིང་མཆོག་ཞལ་མཇལ་བྱུང་སྟེ། བཀའ་མོལ་རིན་ཐང་བྲལ་བ་དུ་མ་གནང་བྱུང་བར་སྙིང་ནས་དགའ་བ་ཞིག་བྱུང་། ཁོང་གིས་ཕ་ཡུལ་ཉག་རོང་གི་སའི་ཆགས་ཚུལ་སོགས་ས་ཁམས་རིག་པ་དང་། མདོ་ཁམས་སྒང་དྲུག་གི་དབྱེ་བ་ཕྱེ་ཚུལ་སྐད་བརྡ་རིག་པ་དང་བསྟུན་ཏེ་ཡིད་དྲངས་པ་ཞིག་གསུང་བྱུང་བས་ཡིད་སྨོན་གཏིང་ནས་སྐྱེས། མཚམས་མཚམས་སུ་ལོ་སྣེ་ཟླ་སྣེ་མཐུད་དེ་ཤོག་མཐའ་ཞིག་མཉེས་པ་ལས་མཁས་པ་ཁོང་འདྲ་བ་དག་དང་ལྷུན་དུ་བཀའ་མོལ་དུས་ཚོད་ཕྱེད་ཙམ་གྱི་བློ་སྐྱེད་ཆེ་བ་འདུག་སྙམ་པའི་ངེས་ཤེས་ཤིག་ཀྱང་སྐྱེས། མ་ཟད་བདག་གི་ཡུན་རིང་དུ་སེམས་ལ་བཅང་ནས་བསྒྲུབ་འདོད་པའི་བྱ་བ་རེ་ཟུང་ལའང་སྐུལ་ཅག་དང་རོགས་དན་རྒྱ་ཆེན་གནང་ཆོག་ཅེས་གསུང་གི་དབུགས་དབྱུང་བླ་མེད་གནང་སོང་། [合十]


发布     👍 0 举报 写留言 🖊   
✋热门推荐
  • 但当我想把草莓和苹果一起吃的时候……[doge]只喜欢吃苹果的A骂我,说我不专一,并对我喊口号说:“苹果独美!(啊难道还没完蛋嘛[并不简单]我喜欢吃苹果,也喜欢
  • 曾经的我也不怎么喜欢赵丽颖,觉得她很不会说话,也并不漂亮,但是后来我特别喜欢她,并不是盲目的追风,而是在了解其成长过程以后还依然喜欢她。我作为女主的话,真的很喜
  • 报料微信关注:ihxdsb,报料QQ:3386405712】以上内容(包括图片及视频)为创作者平台"快传号"用户上传并发布,本平台仅提供信息
  • #gidle宝藏女团# ❤️#gidle百变魅力# 【INS】220501 两点出逃更新娃相关打开耳膜今天耳膜窃贼的主人公是首次以个人出道的组合(G)I-DLE
  • 范氏曰:「韶盡美又盡善,樂之無以加此也。子曰:上好礼,则民易使也。
  • 7.你一定是没有沸腾过 才会在俗气的爱情里疯魔。8.爱来爱去才发现其实不爱的时候最开心。
  • 4月25日,荆州两湖农产品交易物流中心水果批发市场一商户告诉南都记者,凌晨1时许当地下起暴雨,早上到达市场时,“水涨得蛮狠,到小腿了。(湖北之声记者周梦 通讯员
  • 第四点:多吃黑色的食物,中医讲吃黑补肾,另外秋冬季节养精蓄锐,早睡早起,晚上泡脚,也是很好的养肾方法。今天奇遇记今天染六个半小时头发的时间差不多是我昨天睡觉的点
  • #任嘉伦[超话]# 山高路远 晨光作伴 我的手心只剩一瓣玫瑰… 不,不止一瓣 在你展唇一笑的时候 我的心早就是整座玫瑰园了 @任嘉伦Allen ☕️#任嘉
  • #陪安东尼度过漫长岁月[超话]# 《青》想起上次收到《绿》带有你签名的那本是17年的六月 我还在读书 转眼间这么多年啦在这无限漫长的岁月里始终带着那些你给我的
  • 喜欢的|2022年文房具屋大赏杂志文具圈应该都很熟悉的大评选~虽然官网也会公布,但还是每一年都会买杂志看,里面会更详细的介绍得奖产品。今年感觉得奖的也很有意思呀
  • 好想你呀方好看[泪]那个展眉也好看,皱眉也好看的方应看 那个谈笑翻湖海,持杯劝星辰的方应看 那个枪尖仍有热血的方应看 那个若我沉下了,你不要抓住我的方应看 那个
  • 当然因为是中日合拍 也有特摄片的技术特点 总的来说和欧美90s赛博朋克又是不一样的风味和走向说到硬核手机的话,那AGM手机一马当先,加上眼瞅着马上就要过年了,不
  • 这个菩萨是三乘菩萨,念老括弧说,「法报二身,经无量劫必可悟证」但是现前不行,「但当下尚非其分,故下云非我境界」不是我的境界。  印祖《文钞》云:如来一代时教,所
  • 机缘巧合因创和炙热入河,小马是微博大号关注的第一个小偶像,群主是B站关注的第一个小偶像,她们组队的时候特别开心,期待她们有好的舞台,来日方长[冰墩墩]有时候渣男
  • 希望澳方个别官员本着负责任的态度和公正客观的精神,停止就疫情进行政治操弄,多做有利于全球共同抗击疫情的事。深圳卫视记者:16日,澳大利亚外长佩恩称,部分国家正利
  • ” 小夭的眼前昏暗,什么都看不清,思绪顺着颛顼的话飞回了一切刚刚开始时,极久远的过去,可又清晰得宛若昨日:“我被九尾狐关在笼子里时,一直想着你……你没认出我时…
  • 【捷途大圣公布车型信息 昆仑架构打造 或于第三季度上市】捷途是由奇瑞控股集团于2021年1月22日推出的全新产品序列,以高颜值+大空间的产品理念,在市场上收获
  • ” “会,后来它们死在了流言蜚语里”28.愿喜怒哀乐不再被掐头去尾29.“我的人生大抵是一部美食纪录片吧”30.“中途下车的人有很多 你不必耿耿于怀”31.希望
  • (三)社区社区发现或接到行程卡带星号人员报备后,应排查其旅居史情况,对7天内有A、B类地区旅居史的人员落实分类管控措施。医疗机构、学校、养老机构、宾馆、酒店、民