༼སེམས་ཀྱི་གཏིང་རུམ་ནས་ཞི་འཇགས་སུ་མ་སོང་བའི་ཆུ་ཕྲན་གྱི་རླབས་སྒྲ།༽

—— སྔར་འདྲིས་ཀྱི་མི་ཞིག་ལ་གུས་ཕུལ།

དེ་རིང་ང་ཡོད་སའི་གླིང་འདིར་རླུང་བུ་ཡང་མོ་ཞིག་གིས་འཆར་ཡན་ལྟ་བུའི་ལོ་མ་དེ་དག་ཡང་ཡང་དེད་ལ། སེམས་ཀྱི་ཚད་མེད་པའི་མཛེས་སྡུག་ཡོད་ཚད་ཀྱི་བསྡུས་གཟུགས་ཏེ། དབྱར་ཁ་ལྟ་བུའི་དུས་ཚོད་དེ་ཡང་རིམ་གྱི་བརྒལ་ཏེ། བརྩེ་བ་དང་རྨི་ལམ་ཉམས་པའི་སྟོན་ལྗོངས་སྐྱ་བོ་ཞིག་ལས་ཅི་ཡང་མ་མཐོང་། དུས་ཚོད་རིང་པོ་ཞིག་ལ་བརྩེ་བ་མཉམ་གཤིབ་ཀྱིས་དཀའ་སྡུག་རིང་དུ་སྤྱད་པའི་གྲོགས་པོ་ཁྱེད་བློ་ངོ་ལ་ཤར་ཚེ། ད་ལྟའི་མདུན་ལྗོངས་ཀྱི་གནས་བབས་འདི་ནི་ང་ལ་མཚོན་ན་རེ་ཐག་དང་ཁ་དོག་ཅི་ཡང་མེད་པའི་རྨི་ལམ་ཞིག་དང་ཅི་ལ་མི་མཚུངས། ཕ་གའི་ཤིང་སྡོང་གི་ཡལ་གའི་རྩེ་མོ་ལས་མཐོང་བའི་བྱ་བྱེའུ་རྩེད་འཇོ་ལས། ཁྱེད་དང་འུ་གཉིས་ཀྱི་ནར་སོན་གྱི་ལོ་ཟླ་དེ་དག་ཡིད་ལ་དབང་མེད་དུ་འཁོར་འོང་ལ། བློ་རྟབ་རྟབ་པོར་ཁྱེད་ནི་ངའི་གམ་ན་ང་ལ་དྲན་ཚུལ་མང་པོ་ཞིག་ཆུ་མིག་བརྡོལ་བ་ལྟར་ལབ་ཡང་། དཔྱད་པ་ཞིབ་མོར་བཏང་ནས་དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ། ང་ལ་མཛའ་བ་ལྷག་ཏུ་རྒོད་པའི་ཁྱེད་ཀྱིས་ང་ལ་བསྐྱུར་ཡོད་པ་ནི་འདས་སོང་གི་ལོ་རྒྱུས་ཁོ་ན་ཡིན་པ་རྟོགས་དུས། གཞི་ནས་སྐྱོ་གདུང་གི་སྨུག་པ་ཞིག་གིས་སེམས་ཀྱི་རི་བོ་ལ་ཁད་ཀྱིས་དཀྲིས་ཡོང་། ད་ལྟའི་ཁྱེད་ནི་ལང་ཚོ་དང་བཀྲག་མདངས་ངོམ་པའི་གསར་སྐྱེས་གཞོན་ནུ་ཞིག་ཡིན་པ་ལས་གཞན། བརྩེ་བ་དང་དུང་བ་ཡི་ཕྱུག་པའི་བརྩེ་དུང་རྒྱལ་སྲས་ཞིག་ཡིན་པའི་ངེས་པ་ཡང་མི་སྟེར་པ་ག་ལ་ཡོད། ཡང་ན། ཁྱེད་རང་འཇིག་རྟེན་འདི་ལ་ཞེན་པ་ལོག་སྲིད་ནའང་ཐང་མོད། གང་ལྟར་ང་ལ་མཚོན་ན་ཡིད་དཔྱོད་ཁོ་ནས་ཁྱེད་ཀྱི་འཚོ་བའི་རྨི་ལམ་ལ་བསམ་བློ་གཏོང་སྲིད། འདས་སོང་གི་རྨི་ལམ་མང་པོ་ཞིག་ནི་ད་ལྟའི་འཆར་ཡན་དང་བསྡུས་བརྗོད་ཀྱི་ཀློང་ནས་རེ་ཞིག་བག་འཁུམ་པར་གྱུར། བཟློག་མེད་དུས་ཀྱི་རྟ་ཕོ་ནི་གཙང་བོ་བཞིན་མི་སྡོད་སྔོན་དུ་བརྒྱུགས་ཀྱང་། ང་དང་ཁྱོད་ཀྱི་བྱིས་དུས་ཀྱི་ལོ་ཟླ་ནི་ལྷད་མེད་ཀྱང་དྭངས་ཤིང་གཙང་ལ་བརྩེ་བ་དང་ཡིད་ཆེས་ཀྱིས་ཁེངས་པས། དེ་དུས་ཀྱི་རྨི་ལམ་ནི་སྟོན་ཟླ་བརྒྱད་པའི་ཟླ་བའི་མཛེས་པ་བཞིན་ཡིད་ཀྱི་གཙང་ངོགས་ན་མཛེས་པར་ལྷམ་ཡོད། སྔོན་ཆད་ཀྱི་ཁྱེད་ནི་གཞན་གྱི་མིག་ནང་ནས་སྤོ་ཐུང་ཐུང་ཅན་ཞིག་ཡིན་ནའང་། ངའི་མཐོང་སྣང་དུ་གྱུར་བའི་ཁྱེད་ནི་གུ་ཡངས་དང་བློ་སྤོབས་ཆེ་བ། དཀྱེལ་ཡངས་ལ་དཔྱོད་ཤེས་ཆེ་བ། བློ་དང་རིག་པ་དང་མྱུར་གསལ་ལྡན་པ་ཞིག་ཡིན་པ་ནི། ཁྱེད་དང་འདྲེས་ལོབས་སུ་གྱུར་ནས་ལོ་ཁ་ཤས་སོང་རྗེས་ངམ་ངམ་ཤུགས་ཀྱིས་རྟོགས། རང་དང་ཆ་རྒྱུས་མེད་པའི་མི་ཞིག་བརྟག་པ་ལ། མི་མང་ཆེ་བ་ཞིག་ནི་ཡིད་དཔྱོད་ཁོ་ན་ཙམ་གྱིས། གང་ཟག་དེའི་ཆོས་དང་འཇིག་རྟེན་གཉིས་ཆར་ལ་མཐུན་མི་མཐུན་བསམ་བློ་བཏང་ནས་ལུས་སེམས་གཉིས་ཀྱི་སྤྱོད་པ་ཀུན་མཐུན་ཡིན་མིན་ཐག་གཅོད་བཞིན་ཡོད། ང་ཡང་དེ་བཞིན་ཡིན་ལ་ཁྱེད་ལ་ལྟ་ཚུལ་མི་ལེགས་པ་བཅང་མཁན་གྱི་གང་ཟག་དེ་ཚོ་ཡང་དེ་བཞིན་ནོ། མི་སུ་དང་སུ་ཞིག་ལ་མཛའ་གཅུགས་ཆེ་བའི་གྲོགས་པོ་ཞིག་ཡོད་དུས། སོ་སོར་བྲལ་བའི་དུས་ནི་ཕྱིར་དྲན་དང་སྐྱོ་གདུང་མོད་པོ་ཞིག་ལས་རང་ཉིད་ཀྱི་གྲོགས་པོ་དེའི་བསྡུས་གཟུགས་གསར་བསྐྲུན་བྱེད་པ་ཡིན། མཇུག་མཐར་ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་ཁ་གཡང་དང་བཅས། དབྱིངས་ནས།

སྙིང་ཉེ།

རྨ།

ཕྱི་ཡི་མཛེས་སྤྱོད་ལ་ཡག་འདུག་ངས་མི་གླེང་། །
ནང་སེམས་གཤིས་ག་རང་ཡག་ན་དེ་གའི་ཆོག།
འཇིག་རྟེན་མཛེས་མ་ཡི་དཔང་པོར་གྱུར་ན་ཡང་།།
ང་རང་ཁྱོད་རང་ལས་སུ་ཞིག་དགོས་མ་མཆིས།།

ཞག་དང་ལོ་ཟླ་ཡི་དྲན་པ་ངས་མི་གླེང་། །
ཞེ་འདྲེས་པགས་འདྲེས་ཞེས་བཤད་པ་ངས་མི་བཤད།།
གོ་ལ་ཟླུམ་པོ་འདི་ཆགས་འཇིགས་བྱུང་ཡང་རུང་།།
ཁྱོད་ཞེས་འབོད་པ་ཞིག་མེད་ན་ང་མི་ཆོག།

ང་མཛའ་ཁྱོད་མཛའ་ཡི་གླེང་མོར་ངས་མི་བཤད།།
ཞེ་འདང་ཤབ་ཤུབས་ཀྱི་གཏམ་རྒྱུད་ངའི་གླེང་།།
ཡ་ཆུང་དྲན་པ་འདི་རྟོགས་ཐབས་མེད་གྱུར་ཀྱང་། །
ཁྱོད་ཉིད་བརྗེད་པ་ཡི་དམ་བཅའ་ངས་མི་འཇོག།

དགའ་མའི་དུས་ཆེན་ལ་ཁྱོད་རང་དྲན་ཡོང་ཐལ། །
དགའ་སྐྱོ་ཟུང་འབྲེལ་ཉིན་ཁྱོད་ཉིད་དྲན་ཡོང་ཐལ། །
མི་ཚེའི་ཐབས་ག་འདི་ཆད་རུལ་མཐའ་བར་དུ།།
དྲན་གདུང་ལྦུ་ཆང་གིས་ཁྱོད་ཉིད་སྒུག་ནས་ཡོད།

རྙིལ།

ངོ་གཉིས་མས།
བརྩེ་བའི་དམུ་ཐག་ཆད་པའི་ཚེ་ཐོག་འདི་ནས། །
ཁ་ཐག་རིང་བའི་ཚུལ་གྱིས་བར་ཐག་འཛིན་སོང་། །
ཆུང་གྲོགས་སྙིང་ལ་རྗེ་བོ་བློ་ཁ་ལོག་སྟེ། །
འདུ་ཚོགས་སེམས་སྡིག་ལྕི་མོ་ང་ལ་བསྐྱུར་ནས། །
གོམ་པ་རྟབ་རྟབ་བརྫིས་ནས་གཞན་ཡུལ་བུད་སོང་། །

ན་ཚོད་ཆུང་བའི་དུས་ཀྱི་ཕྱིར་དྲན་མོག་མོག །
སྐར་ཁུང་ཁ་ལ་འགྲེང་ནས་ཞབས་བྲོ་རྩེད་ཀི །
འུ་གཉིས་བྱིས་པའི་སྐབས་ཀྱི་དུངས་སེམས་རིང་མོ། །
མ་འོངས་འཚོ་བའི་ཁྲོད་དུ་ཨེ་ཡོང་མི་ཤེས། །
ཡོང་རུང་ད་ལྟའི་བརྩེ་སེམས་ཡོད་མིན་མི་ཤེས། །

དེད་ཀྱིན་དེད་ཀྱིན་རྒས་པའི་གྲོང་ལ་འགྲོ་ཁུ། །
འཚོ་བཞིན་འཚོ་བཞིན་སྐྱེ་བ་འདི་ཉིད་རྫོགས་དུས། །
དུངས་བ་ཧ་ཅང་ཟབ་པའི་རི་ལུང་འདི་ནས། །
འུ་གཉིས་ཡང་བསྐྱར་འཕྲད་པའི་སྟབས་ཁ་ཨེ་འགྲིག །
སྟབས་ཁ་འགྲིག་རུང་དུངས་སེམས་ཡོད་མེད་མི་ཤེས། །


发布     👍 0 举报 写留言 🖊   
✋热门推荐
  • ”『但是你失约了。!
  • 但“张同学”的出圈难以复制,而真正在乡村赚到钱的大多是把直播当做新农具的“真农人”。【独特视角看乡村,新农人靠直播致富】互联网的出现提供了快速的沟通方式,易操作
  • 五行阴阳类像 一个八字就是一个太极,干支阴阳五行是总纲。 太极分阴阳,五行分阴阳,水为阴,火为阳。 水为消极,为疾病,为悲伤,火为积极,为健康,为喜乐。 
  • & 为鬼主打卡 & 所有人都在骂反派,只有我一个在直呼“好耶”~ 我的认同理由很简单:只有这种不折手段的“人”才能赢到最后,也只有这类“人”才
  • 虽然后来唐高宗李治和武则天为刘洎平反了,但刘洎是典型的作死,李世民杀他也不是毫无道理。当时的褚遂良是李世民《起居注》的记录者,他并没有将刘洎所说如实告知李世民,
  • 还清楚的记得,第一次关注你的时候,你还是如此小小的一只,那时候的我就已经开始关注你了,真的好喜欢好喜欢你!少年为热爱停驻,就该万众瞩目✨正如歌词所说:我重生涅
  • 最近能让小张开心的事情,就是中秋放假了。不过等到这些小孩子打完电话都安静的时候,小张默默的拿出来了自己的手机,点开了视频通话,说了一声:“爸爸我到家了,快点出来
  • 思念是真的如影随形,无意间就会想起,生活如常,我也又恢复了快乐的能力,但是每一天总有几分钟的时间属于思念她。尤其又到了这个你离开的季节,特别是临近你离去的那天。
  • 快十天没有出机构的门了,今天出门去超市买水果,看着路上车水马龙的,恍如隔世,我和这个世界格格不入。大早上被整无语了事情是这样的 我加了一个农学考研群偶然间看到有
  • 我追星从来都是佛系追星,当作自己的激励和信仰,周边代言也都是量力而行,杂志我也都会买生活费也并不是大富大贵,每每到月底都会断签,加上大学新生活的不适应和疲惫,心
  • 暗瘡謬誤4|自行用果酸類護膚品就得陸凱兒醫生表示,理論上使用市面上發售的果酸類護膚品可舒緩暗瘡問題,因為醫療換膚(Chemical Peeling)療程都會用到
  • ⑤今天晒了日光浴【宝妈】①换凝胶昨天遵医嘱,护士长来给伤口换了药(促进疤痕愈合的,叫创愈宁,护士长说她家孩子当时脸上磕了就用这个愈合伤口的,可能比这个贵点)②排
  • #LOVE LOVE LOVE- 蔡依林[音乐]#你的距离和我只差零点几毫米我的睫毛像在剪辑你一言一行我能感应彼此心跳是一样频率满分爱情透过念力距离又拉近恋爱百
  • 对我这样刻板木讷的人来说下雨得分暴雨和细雨,若是暴雨,则是落魄书生拐带富家小姐的私奔把戏,若是细雨,便是两个微醺的人漫步无言的奇妙光景可我只是一个人,那雨是什么
  • 可以为你做的事很少,默默的喜欢你,看剧看综艺,很喜欢在电视上在很多地方看到你,但又不希望你被讨厌,希望大家都可以看到你的好 希望所有人的可以喜欢你,虽然知道不可
  • 按照惯例,小木屋的新年活动如期而至地和大家见面啦~快来为你最爱的老师送出福气满满的新年祝福吧~参与要求:1.自本微博发出之日起至 ,评论本条微博,为你最爱的老师
  • 那就是我们今天所说的这对在年龄上相差13岁的夫妻于震和新月了,可年龄问题丝毫没有影响两个人的生活和感情,要说到两个人的爱情,那就不得不会想到新月22岁的那一年,
  • 复古小方表、明星同款、孔雀石表盘,精致不凡,焕发自然优雅之美,戴着高端上档次!6、去掉腹部脂肪。
  • 下半年一直很想下楼 一直靠对小盆小碗的爱还有对SV的期待撑着 看越来越水的物料 看刻意分开的舞台 我放在心尖上费了好大努力很珍贵的东西明明他就在那里却一直得不到
  • !随着每一次的体重增加或减少,乳房内的脂肪体积也会随之变化,也就会发生和上面一样的问题。