2023 ལོའི་རྒྱུགས་སྤྲད་ཀྱི་མཐའ་སྡོམ་ལས་དམན་པ་བདག་ལ་ཨང་དང་པོའི་དང་པོ་ཐོབ་པའི་བྱ་དགའི་དཔང་ཡིག་དེ་རིང་དགེ་སློབ་ལྷན་འཛོམས་ཀྱི་ཐོག་གནང་སོང་། འདི་ནི་བགྲང་བྱ་བཅུ་བདུན་ལ་ཉེ་བའི་རིང་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་ཏེ་འཛིན་གྲྭ་རིམ་བགྲོད་ལས་ཆེས་མཐའ་མའི་རྒྱུགས་སྤྲོད་ཀྱི་ཐོབ་སྐར་ཡིན་པས་བདག་ལ་མཚོན་ན་དགའ་འོས་པའི་གཟི་བརྗིད་དཔང་ཡིག་ཞིག་ཡིན།

ལྒང་རྩལ་བ་གྲགས་ཅན་ཁོ་བྷེ་ཡི་ཁྱད་ཆོས་ལྔ།

1、དམིགས་ཡུལ་གཏན་འཁེལ་ཡོད་པ།
ང་ཚོ་མི་མང་བོ་ཞིག་ལ་མཚོན་ན་མི་ཚེའི་དམིགས་ཡུལ་གཏན་འཁེལ་མེད་པ་སྟེ། གནམ་གྲུ་ཞིག་ལ་མཚོན་ན་འབབ་ས་གཏན་འཁེལ་མེད་ལ་ལྟ་བུ་རེད། དེ་ལྟར། ལོ་རེ་རེ་དང་། ཟླ་བ་རེ་རེ། བདུན་ཕྲག་རེ་རེའི་ལས་ཀའི་འཆར་གཞི་མེད་པའི་རྐྱེན་གྱིས། དེ་རིང་འདི་འགྲུབ་སོང་བ་དང་། སང་ཉིན་འདི་བསྒྲུབ་དགོས་པ་མེད་པར། རང་གི་བསམ་པར་དཀའ་ལས་མང་བོ་ཞིག་རྒྱག་གི་ཡོད་པའི་སྣང་བ་ཡོད་ཀྱང་། དོན་དངོས་ཁྲོད། ཇ་ཁ་ཆང་ཁ་དང་སྟོན་མོ། མདོར་ན་འུར་འུར་ཟིང་ཟིང་གི་ཁྲོད་ནས་མི་ཚེ་རྫོགས་འགྲོ་ཡི་འདུག འོན་ཀྱང་ཁོ་བྷེ་ལྟ་བུ་ལ་མཚོན་ན། སོ་སོའི་དམིགས་ཡུལ་གཏན་འཁེལ་བྱས་ཚར་འདུག ཁོ་བྷེ་ལ་དྲི་བ་དྲིས་ལན་བྱས་པ་ཞིག་ཏུ། ཁོས། ཁོ་ལོ་བཅུ་གསུམ་སྟེང་ནས་འཛམ་གླིང་གི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་རྩེད་འགྲན་པ་ཨང་དང་བོ་བྱ་རྒྱུ་དེ་མི་ཚེའི་དམིགས་ཡུལ་དུ་གཏན་འཁེལ་བྱས་པ་ཡིན་ཟེར།

2、མིང་རྒྱང་རིང་བ།
ཁོ་བྷེ་ལྟ་བུ་ལ་མཚོན་ན། རང་ཉིད་ཕུལ་དུ་བྱུང་བའི་རྩེད་འགྲན་པ་ཞིག་ཏུ་འགྱུར་རྒྱུ་དེ། མི་ཚེའི་དོན་དག་ཅིག་ཡིན་གྱི། ལོ་ཟླ་ཁ་ཤས་ཀྱི་ནང་དུ་འགྲུབ་རྒྱུ་ཞིག་ཡིན་པའི་རེ་བ་རྒྱག་གི་མི་འདུག ཡིན་ཡང་ང་ཚོའི་སྤྱི་ཚོགས་ལ་མཚོན་ན། དཔེར་ན། ལོ་ཆུང་མང་བོ་ཞིག་གི་ཚོང་ལས་གཉེར་ཚུལ་ལ་བལྟས་ན། ཉིན་ཁ་ཤས་དང་། ཟླ་བ་ཁ་ཤས་ཀྱི་ནང་དུ་ཚོང་མ་ཡག་ཚེ། མྱུར་དུ་མཚམས་འཇོག་བྱས་ནས་བྱ་བ་གཞན་པ་རེ་ལ་འཇུ་བཞིན་འདུག འདི་ལྟར་སོང་ན། ཁྱོད་ཀྱི་མི་ཚེའི་ནང་བྱ་བ་གང་ཡང་མི་འགྲུབ། བྱ་བ་གང་དང་གང་བསྒྲུབ་རུང་འགྲུབ་དགོས་ན། དེ་ལ་འབད་བརྩོན་དང་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི། དུས་ཚོད་ཐུང་ཐུང་ཞིག་གི་ནང་འགྲུབ་ཐབས་མེད།

3、འབད་བརྩོན་དང་དཀའ་ལས་རྒྱག་ཐུབ་པ།
ཁོ་བྷེ་ལ་དྲི་བ་དྲིས་ལན་བྱས་པ་ཞིག་ཏུ། ང་ཕུལ་དུ་བྱུང་བ་ཞིག་ཡིན་པ་ནི་ང་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་སོང་བས་མིན་པར། རྩེད་འགྲན་པ་ཚོ་ཞོགས་པར་ཆུ་ཚོད་དྲུག་པའི་སྟེང་ཡོང་གི་ཡོང་སྐབས། ཁོ་བོ་ཞོགས་པར་ཆུ་ཚོད་ལྔ་བའི་སྟེང་ཡོང་བ་ཡིན་ཞིང་། རྩེད་འགྲན་པ་ཚོ་ཕྱི་དྲོ་ཆུ་ཚོད་དྲུག་པའི་སྟེང་ཡུལ་ལ་ལོག་དུས། ཁོ་བོས་ཕྱི་དྲོའི་ཆུ་ཚོད་དགུ་བའི་བར་ལུས་རྩལ་སྦྱངས་པ་ཡིན་ཞེས་བཤད་འདུག ད་དུང་ཁོ་ན་རེ། རྒྱུན་ལྡན་གྱི་རྩེད་འགྲན་པ་གཞན་ཚོས། གཙོ་བོ་རྩལ་ངོམ་རྒྱུ་སྦྱངས་ཀྱི་འདུག ཡིན་ཡང་ཁོ་བོས་ནི། མི་ཚེའི་དམིགས་ཡུལ་འགྲུབ་པའི་ཆེད་དུ། ཆེས་རྨང་གཞིའི་ཤེས་བྱ་ནས་སྦྱངས་པ་ཡིན་ལ། རྒྱུ་མཚན་དེས། ལོ་གཉིས་ཀྱི་གོང་། ཁོ་ཕུལ་བྱུང་རྩེད་འགྲན་པའི་རེའུ་མིག་གི་ནང་ནས་ཨང་ང་བདུན་པ་རེད་འདུག་མོད། ལོ་གཉིས་ཀྱི་རྗེས་ནས། ཨང་དང་བོ་ཆགས་ཐུབ་སོང་ཞེས་ཟེར། རྒྱུ་མཚན་དེའི་དབང་གིས། ང་ཚོས་བྱ་བ་གང་དང་གང་བསྒྲུབ་རུང་། རྩལ་ངོམ་རྒྱུ་ལྟ་བུའི་གཞན་ལ་ངོམ་སོ་བྱ་རྒྱུའི་ཆེད་ཙམ་མ་ཡིན་པར་རང་ཉིད་ཕུལ་དུ་བྱུང་བ་ཞིག་ལ་འགྱུར་རྒྱུའི་ཆེད་དུ་ཡི་ངོས་ཟིན་དགོས།

4、དུས་རྒྱུན་དུ་སློབ་སྦྱོང་བྱེད་པ།
ཁོ་བྷེའི་མི་ཚེའི་དམིགས་ཡུལ་ནི། འཛམ་གླིང་གི་རྩེད་འགྲན་པ་ཕུལ་དུ་བྱུང་བ་ཞིག་ལ་འགྱུར་རྒྱུ་དེ་ཡིན་པས། ཁོས་དུས་རྒྱུན་དུ། རང་གི་མ་འདང་ས་དང་། གཞན་གྱི་ཁྱད་ཆོས། འཕྲོད་བསྟེན་བྱེད་སྟངས་ལ་སོགས་པའི་ཤེས་བྱ་གང་དང་གང་ཡིན་རུང་། འགྲོ་རྒྱུ། འདུག་རྒྱུ། ཟ་རྒྱུ། འཐུང་རྒྱུ། ཉལ་རྒྱུ་གང་གི་སྐབས་སུའང་སྦྱངས་པ་རེད། གལ་ཏེ་ཁྱོད་ལ་དེ་འདྲའི་སློབ་སྦྱོང་གི་དམིགས་ཡུལ་ཞིག་དང་། བསམ་བློ་ཞིག འདུན་པ་ཞིག་ཡོད་པ་ཡིན་ན། འཛམ་བུ་གླིང་འདི་ཁྱོད་ལ་མཚོན་ན་དཔེ་མཛོད་ཁང་ཆུང་ཆུང་ཞིག་རེད་བཤད་འདུག

5、རྒྱུན་འཁྱོངས་བྱེད་ཐུབ་པ།
རྒྱུན་ལྡན་གྱི་རྩེད་འགྲན་པ་མང་བོ་ཞིག་ལ་མཚོན་ན། NBAཡི་ནང་དུ་ཚུད་ནས། སྒོར་མོ་ཅུང་ཙམ་ཐོབ། མིང་དུ་ཅུང་ཙམ་གྲགས་ཚེ། འབད་བརྩོན་བྱ་རྒྱུ་དེ་རྒྱུན་འཁྱོངས་བྱེད་ཐུབ་ཀྱིན་མི་འདུག ཁོ་བྷེ་ལ་དྲི་བ་དྲིས་ལན་བྱས་པ་ཞིག་ཏུ། འདི་ལྟར། ཁོNBAཡི་ནང་དུ་སླེབས་དུས། འགྲན་བསྡུར་བྱེད་དགོས་ས་ངོ་མ་ཞིག་ནི། མའེ་ལྗིག་དང་མའེ་ཁུ་ཆའོ་ཏན་སོགས་ཁ་ཤས་ཤིག་མ་གཏོགས། གཞན་པ་མང་ཆེ་ཤོས་ཀྱིས་བྱ་བ་ཞིག་སྒྲུབ་བཞིན་པ་མ་གཏོགས། རང་གི་མི་ཚེའི་དམིགས་ཡུལ་སྒྲུབ་ཀྱི་མི་འདུག རྒྱུ་མཚན་དེས། འགྲན་བསྡུར་གྱི་ཁོར་ཡུག་ཀྱང་ཇེ་ཆུང་དུ་བུད་སོང་ཞེས་བཤད་འདུག

—— འཕྲལ་མར་བྲིས་ནས་འཕྲལ་མར་སྤེལ།

༢༠༢༤/༣/༡

རྩོམ་པ།

སྤྱི་བཏང་བ་འཆད་པ་དང་རྩོམ་པ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཀྱང་ཡོད་པ་དང་། རྩོམ་པ་ལ་རང་ཉིད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡང་ཡོད། དེ་ལ་སྡེབ་སྦྱོར་གྱི་དབང་དུ་བྱས་ན་ཚིགས་བཅད་དང་། ཚིག་ལྷུག བཅད་ལྷུག་སྤེལ་མ་བཅས་རིགས་གསུམ་དུ་ཡོད་པ་དེ་དག་སོ་སོའི་ངོས་འཛིན་དང་ཁྱད་པར་བཅས་སྙན་ངག་གི་གཞུང་རྣམས་སུ་གསལ་བས་འདིར་མ་བྲིས་ཤིང་། རྩོམ་ཚུལ་རིགས་མི་འདྲ་བའི་སྒོ་ནས་ཕྱེ་ན། ༡.སྙན་ངག

༢.ལོ་རྒྱུས།

༣.སྒྲུང་།

༤.ཁྲིད་ཡིག

༥.གཞུང་འགྲེལ།

༦.མཆན་འགྲེལ། ༧.ཚིག་འགྲེལ། ༨.བསྡུས་དོན། ༩.ལེགས་བཤད། ༡༠.རྩོད་ཡིག

༡༡.དཔྱད་གཏམ།

༡༢.དོགས་གཅོད། ༡༣.ཟློས་གར། ༡༤.དབྱངས་ཡིག

༡༥.མགུར་དབྱངས་བཅས་གཙོ་ཆེའི་རིགས་དང་གཞན་འཕྲིན་ཡིག ཆིངས་ཡིག ཆོད་ཡིག

གན་འཛིན། སྙན་ཞུ། ཟིན་བྲིས་སོགས་དེ་དག་ཚང་མར་རང་རང་གི་རྩོམ་ཚུལ་ཐུན་མོང་མ་ཡིན་པ་ཡོད།


发布     👍 0 举报 写留言 🖊   
✋热门推荐
  • #朴佑镇[超话]##朴佑镇0927回归大发# ┇相关┇210927 UNIVERSE_OFFICIAL更新 朴佑镇相关讯息一则 ❤️AB6IX COMEB
  • #在川西 先是发现了自己从分分秒秒的计划派、踩点游转变成随缘吧、怎么舒服怎么来的佛系游客,这种感觉真好。 平日里爬白云山也喊累的人,为防高反做足了物品准备,到最
  • “半夜三点,他还在给女闺蜜打电话”:再好的关系,也要有分寸感 近来,有一名女读者向LULU倾吐,她大学卒业后想连续读研深造,读完研往后还希望读博,不过她谈了4年
  • 当我看向天光,熹微破晓的样子让我联想到浩瀚穹宇,如果寻觅时空的夹缝回到三年之前,我一定会给自己一个短暂缥缈的拥抱。 日月光华, 旦复旦兮! 我要你见到山河万里,
  • 一颗葡萄有多甜美 用尽了所有的 图腾和语言描写 想一个人有多想念 那又是文字失效瞬间 结一个纪念的绳结 记录你离去后 万语和千言瓦解 升起了慌张的狼烟 我遗落在
  • do鼻子的改变超大的,我是敲喜欢这样的效果!太美啦,完全超出我的预期~ 近期有问到:郑大一附院崔正军,郑大二附院李钢,河南省中医药大学第一附属医院赵绛
  • 1076年那个中秋之夜,苏轼和往常一样,呼朋唤友在超然台饮酒赏月,不免想起弟弟苏辙,有个酒友说起孔家后代孔周翰五年前也曾在这废台上有题壁诗,感慨与亲友十七年的分
  • 中华上下五千年灿烂的历史中,传统文化是一颗璀璨的明珠。 凤凰图书这套中国传统文化共4册,分别是《民间民俗》、《古代神话》、《古代寓言》、《历史名人》。其中寓言
  • 早读:变老,也是人生的一种风景! 有人认为: 光阴似箭,时光不饶人;岁月很贵,日日胜千金。有人认为: 光阴似箭,箭箭让人叹;岁月如刀,刀刀逼人老。 在衰老面
  • #王源[超话]##唯爱王源[超话]#后来啊,他选择了娱乐圈,我选择了继续读书,重庆的风始终吹得到河北,但是普通的我还是追不上耀眼的他。追星大概就是,等他有杂志代
  • 虚心向现实讨叫 生活充斥着无情 通维幸福感道路扑满荆棘 无奈 充满着各种 偏见 嘲讽 成见不会被困难的魔咒束缚 堕落是恶梦的摇篮 用百分之九点九九的努力去
  • 《压铸周刊》早报 2021/7/23 星期五 STOTEK为文灿配套6000T压铸岛定量给汤系统; 重庆顺博拟募资7.5亿元 STOTEK为文灿配套6000T
  • 【山系女神露腰走山坡边围墙 疑做不良示范遭批:别当傻网红】近年来因新冠肺炎疫情爆发,不少人都开始往郊外跑,而环境宽敞的登山运动便成为不少人的首选,随之而来的登山
  • #mulberry# 近日,英国奢华生活方式品牌Mulberry全新店铺已于北京高端零售百货SKP隆重揭幕。Mulberry因独特的当代英伦设计风格闻名于世,
  • 【#淮安洪泽急寻1名新冠次密接者#】据洪泽发布微信公众号,2021年9月28日,洪泽区接到新冠肺炎密切接触者协查函。经排查,1名密切接触者于9月27日06:30
  • 1⃣️皇帝的早餐妈妈要求拍 但毫无例外地早上吃完芒果就会肚子不舒服不知道为什么 而且妈妈知道但还是反复折磨我的肚子 2⃣️麻辣鱼肉馅儿饺子大学城最好吃的饺子馆
  • 适合朋友圈晚安文案|收藏起来姐妹们 点赞超高的20句晚安文案,很暖很治愈,让你安然入睡![心] 1、把时间用在进步上,而不是抱怨上,愿你遇到这样的人,愿你成为
  • 罗一舟粉丝也太幸福了叭 罗一舟杂志 完美时尚表现力 罗一舟雅诗兰黛 黛你去看控场舞台 罗一舟森马 一起接收聪明告白 罗一舟元气森林 元气神气少年气 罗一舟希
  • 直到今天看到这,才明白,原来稀饭不用那么多的米就可以煮出来,小时候羡慕别人的泡面也被标上垃圾食品,还有原来时间过得那么快[悲伤][悲伤]不知道从什么开始,学会了
  • I型我觉得租房真的是一件特别令人头疼的事情,因为你会发现真实的装修,广告说是精装,其实就是简装,说是简装其实就是毛坯,说是毛坯可能就是个地基。D型其实我们大部分