“ལས་བྱེད”ཀྱི་མིང་གཞན་ལ་བཏགས་ཁྱི་ཞེས་བྱའོ། །

“ལས་བྱེད”ཅེས་པའི་ཐ་སྙད་འདི། “ལས”ནི་མི་ཆེ་གེ་མོ་གང་ཞིག་ལས་གང་ལ་འཇུག་པའི་བྱ་བ་དང་། “བྱེད”ནི་ཇི་ལྟར་བྱེད་པའི་ངོ་བོ་མཚོན་པའི་བྱ་བའི་མིང་ཞིག་ཡིན། སྤྱིར་ན་ཐ་སྙད་འདི་ཁྱབ་རྒྱ་ཧ་ཅང་ཆེ། དབུལ་ཕྱུག་གྲལ་རིམ་མེད་པར་བཀོལ་ན་ཆོག དཔེར་ན། ལས་ཅི་ཡིན་བྱེད་མཁན་ཚང་མར“ལས་བྱེད” དུ་སྨྲ་ཆོག ཕྱུགས་འཚོ་སྐྱོང་མཁན་ལ་ཕྱུགས་ལས“ལས་བྱེད” དང་། ཞིང་རྨོ་འདེབས་བྱེད་མཁན་ལ་ཞིང་བའི“ལས་བྱེད” ཅེས་བརྗོད་ཆོག རྒྱ་ཡིག་གི(干部)ཞེས་པ་ནི་ཐོག་མར་ཉི་ཧོང་བས་སྤྱད་ཅིང་གྲལ་རིམ་མཚོན་པའི་ཐ་སྙད་དུ་བཀོལ་བས་ཁྱབ་ཆུང་བར་བྱས་ཡོད། གསལ་པོ་བྱས་ན། རྒྱལ་ཁབ་ཀྱི་ལས་ཀ་བྱེད་མཁན་གཅིག་པུ་ལ“ལས་བྱེད” ཟེར་བས་མཚོན་པར་ནུས། དེ་བས་གྲལ་རིམ་ཤུགས་དྲག་པའི་ཡུལ་དུས་གང་དུ་དེ་ལ་དགའ་མོས་སྤྲོ་གསུམ་ཡོད་ལ། ལྷག་ཏུ་དབང་དད་ཆེ་བའི་མི་དག་གིས“ལས་བྱེད” ཅེས་པའི་ཐ་སྙད་འདི་ཐོགས་པར་འབད་ཅིང་འབུངས་ལ་མངོན་འདོད་ཀྱིས་རྒྱུག་ཅིང་འདུར། དབང་དད་པ་དག་གིས་རང་ཉིད་ཀྱི་མཚན་སྙན་སྲུང་བར་བྱེད་པའི་ཐབས་ཤིག་ཏུའང་འདོད།

རྒྱ་མིས་གནའ་དུས་སུ་ཡི་གེ་འདོན་པ་ནི“ལས་བྱེད” ཉན་པའི་དོན་དུ་ཡིན་ལ“ལས་བྱེད” ཉན་དུ་འཇུག་རྒྱུ་ནི་དཔོན་ས་སྙེག་པའི་དམིགས་འབེན་གཙོ་བོར་བཟུང་བས་གྲལ་རིམ་གྱི་བག་ཆགས་མཐུག་པོ་དེ་ནད་ཡམས་བཞིན་དུ་མཆེད། དེ་བས་ད་ལྟ“ལས་བྱེད” ཅེས་ན་གྲལ་རིམ་མཐོན་པོའི་རིགས་སུ་གཏོགས་པའི་མི་སྐོར་ཞིག་ཏུ་འདོད།

གནད་འགག་གི་སྐབས་སུ“ལས་བྱེད”ནི་མི་མང་གི་འཐུས་ཚབ་ཉན་དགོས་པ་ཇི་བཞིན་པན་ཆེན་བཅུ་བ་མཆོག་གིས་རེ་བ་ནན་མོ་བཟུང་ཡོད། འོན་ཀྱང་ད་ལྟ་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཉམས་ཞིབ་བྱས་འོང་ན་འདུ་ཤེས་གསུམ་པའི་དཔེ་གསོན་པོ་ཞིག་ཡོད་པ་ནི“ལས་བྱེད”ལས་གཞན་ནི་རྙེད་པར་དཀོན། ལྷག་ཏུ་ད་ལྟ“ལས་བྱེད” ཅེས་ལབ་ན་རང་སྐད་རང་ཡིག་རྨེག་མེད་དུ་བཅོམ་དང་འཇོམས་པར་རམ་འདེགས་ཀྱིི་རོལ་མོ་དཀྲོལ་བའི་ཕག་པ་ཁྱུ་དང་ཁྱུ་བཅས་གྲོག་ཚང་བཞིན་བརྡོལ་བར་གྱུར་དང་འགྱུར་བཞིན་པ་དེའོ། །
“ལས་བྱེད”ཅེས་ན་རྒྱལ་ཁབ་ཀྱི་ལས་བགོས་ལྟར་ཡུལ་དུས་ལ་མཐུན་པར་ལས་ཀ་བྱེད་མཁན་ཞིག་དང་། ཁྲིམས་ལྟར་ལས་སུ་འཇུག་པ་ཞིག་ལ་བྱ། ཡང་ན། ལས་ཀ་རྒྱུ་འབྲས་ལྟར་ལས་མཁན་ཞིག་ཡིན་ན་ཆོས་འཇིག་རྟེན་གཉིས་ཀར་མཐུན་པ་ཞིག་ཡིན། དེ་བཞིན་རྒྱལ་ཁབ་ལ་མཐུན་ཞིང་མི་མང་ལ་ཡང་མཐུན་མོད། འོན་ཀྱང་དེང་གི“ལས་བྱེད”ཅེས་ན། ལས་རྒྱུ་འབྲས་སྣོག་མཁན་བརྒྱ་ཆའི་མང་ཤོས་ཟིན་ཡོད། གསོ་ཕག་ལྟར་བཟའ་རྒྱུ། གཉིད་རྒྱུ། གཏང་རྒྱུ་ལས་ལྷག་མའི་ལས་ཀ་ནི་ཟླ་ཕོག་གི་མཐོ་དམའ་དང་མང་ཉུང་གླེང་ནས་ཉི་མ་གཏོང་རྒྱུ་དེའོ། །
“ལས་བྱེད”ཅེས་ན་ས་གནས་མི་མང་ལ་ལས་བྱེད་མཁན་ཞིག་ཏུ་བསྐོས་པ་ཡིན་མོད། ད་ལྟ“ལས་བྱེད”ལབ་ན་ས་གནས་མི་མང་ལ་བཤུ་གཞོག་བཅའ་མཁན་འདི་ལས་ལྷག་ཅིག་རྙེད་རེ་སྐན། དེ་ལས་ལྷག་པའི་ལས་ཀ་ཞིག་ཡོད་ན་ས་གནས་མགོ་ཁྲིད་དག་གི་རྐུབ་ལྡག ལྕེ་ནར། མགོ་སྒུར། བྲལ་དུ་འདུར་རྒྱུ་དེའོ། །
“ལས་བྱེད”ཅེས་ན་སྐབས་དང་བསྟུན་པར་སྲིད་ཇུས་དྲིལ་སྒྲོག་དང་གོ་སྐབས་དམ་འཛིན་བཅའ་རྒྱུ་དེ་ཡིན་མོད། དེང་གི་དུས་ན་དབང་བསྟུན་རྒྱུ་བསྟུན་གྱི་ལས་གང་ལའང་ཡ་ཡ་ལགས་ལགགས་མཆོད་ནས། བཏགས་ཁྱི་ཞིག་ལྟར་ཧེབ་ལང་ཞིང་གཉིད་ཁུག་གི་མེད་མཁན་གྱི་ཡི་དྭགས་སྐོར་ཞིག་ལས་དཔེ་གསར་བ་རེ་ཡོད་ན་ཞབས་མཆན་དུ་འགོད་རྒྱུ་མ་བརྗེད་རོགས།

“ལས་བྱེད”ཅེས་ན་ལས་ལ་འབད་མཁན་དང་ངལ་རྩོལ་ལ་སྣེ་འཁྲིད་མཁན་ཞིག་ཏུ་བཏགས་མོད། ད་ལྟ“ལས་བྱེད”ཅེས་ན་བཏགས་ཁྱི་ལྟར་འབ་ཅེས་ཟུག་པར་ཡང་འཇིགས་ཤིང་སྐྲག་ལ་འདར་ཞིང་ཞུམ་པའི་སྒོ་ཕྱུགས་ཀྱང་སྲུང་མི་ཐུབ་པའི་ཁྱི་དང་ཁྱིའི་ནང་གི་ཐ་མ་དང་ཐ་མས་ཀྱང་ཐ་མ་དེའོ། །

“ལས་བྱེད”ཅེས་པ་བཏགས་ཡོད་མིང་རྐྱང་ཙམ་དུ་འདོད་མོད། བཏགས་ཡོད་མིང་རྐྱང་ཙམ་པོ་འདིས་ནི་སྒྱིད་ལུག་གི་བསམ་བློ་སྐྱེད་ཅིང་སྲིང་ལ། བག་འཁུམས་ཀྱི་འདུ་ཤེས་སྙོར་ཞིང་གསོ་བའི་རྒྱུ་ཚོགས་མ་འདུས་པ་མེད་པ་བཏགས་ཡོད་མིང་རྐྱང་ཙམ་པོ་ཀུན་རྫོབ་སྣང་བར་ཡོད་ཡོད་དུ་སྣང་བའི་འཕྲུལ་སྣང་འདིས་ཐམས་ཅད་ཀྱིས་དབང་དུ་ཧབ་འཐོབ་བྱེད་ལ། དབང་ཐོབ་ན་གཞན་རྡོག་པས་བརྫི་བར་ཡ་ང་དང་འཇིགས་སྣང་ཡེ་ནས་འབྱུང་བར་དཀའ་བའི་ཉམས་སྣང་སྟེར། རྒྱུ་འབྱོར་འཐོབ་པར་སུ་ཡང་དགའ་མོད། དགའ་བ་དེ་ཡང་ཚད་ལས་འདས་ཤིང་ཐལ་གྱིས་ལྷུང་བའི་ཉེན་ཁ་ནི་ཡི་དྭགས་ཞེས་པའི་མི་མ་ཡིན་དེ་འདི་ལས་སྡུག་པོ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཞིག་ཀྱང་ཞར་ནས་འབྱུང་། འདི་ཡང་གྲལ་རིམ་རིག་གནས་ཀྱི་བག་ཆགས་བགོས་དང་བགོ་འགྱུར་གྱི་ཉེན་ཁ་འདི“ལས་བྱེད”དག་གིས་སྔུན་བསུས་ཤིང་སྣེ་ཁྲིད་པ་ནི་སྨྲོས་མ་དགོས་པའི་རིགས་སོ། །ལས་སོ། །

ཕྱི་ལོ༢༠༢༤ལོའི་ཟླ༢པའི་ཚེས༡༨ཉིན་རང་ཤག་སྣང་བ་སྐྱིད་པའི་གུར་ཁང་ནས་གསོན་པོར་འབོད་པ་གང་དེས་སུག་བྲིས་སུ་བཏབ་པ་སྨན་དང་དུག་གང་དུ་འདོད་ན་དུ་དེ་ཡི་རྒྱུ་ཚོགས་སུ་གྱུར་ཅིག་གུ

#བོད་འགྱུར# སྐྱེ་བོ་ཞིག་གི་བརྡར་ཤ་གཅོད་པའི་ནུས་པ་ལ་བརྟག་དགོས་ཚེ། གཙོ་བོ་དེའི་བརྡ་འཕྲིན་གྱི་འབྱུང་ཁུངས་སྣ་མང་ཅན་ལ་བརྟག་དགོས། སྙིང་རྗེ་བའི་སྐྱེ་བོ་གྲངས་མེད་ཅིག་ནི། དུས་ཡུན་རིང་པོར་སྣ་གཅིག་གི་བརྡ་འཕྲིན་ཁྲོད་གསོན་ཡོད་པར་མ་ཟད། དེའང་གཞི་ནས་འཁྱོག་ཅིང་ལོག་པའི་བརྡ་འཕྲིན་ཞིག་ཡིན། འདི་ནི་མི་རྣམས་རྨོངས་ལ་རང་རྟོན་ཅན་དུ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ། ། ——ཨ་མཱ་ཏེས་ཡཱ་སིན།
考察一个人的判断力,主要考察他信息来源的多样性。有无数的可怜人,长期活在单一的信息里,而且是一种完全被扭曲、颠倒的信息,这是导致人们愚昧且自信的最大原因。——阿玛蒂亚·森 ​ ​​​

༈ གསེར་བྱ་ཁྱུང་ཆེན་ནམ་མཁའི་དབྱིངས་ནས་འགྱིང་། །
མཚན་དང་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ། །
མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས། །
འདན་སྲས་དཔའ་བོའི་རྟགས་མཚན་སྲིད་ན་མཐོ། །

༢༠༢༤ -༡ -༡༠


发布     👍 0 举报 写留言 🖊   
✋热门推荐
  •          举个例子,我年轻的时候儿呢,曾经谈了一个男朋友,开始我对他很着迷,后来有一天想要分手,是我提出来的分手,因为觉得他不够热情,对同事都比对我热情
  • 然后我回去找没有找到但是那辆车子还在那里,后面在app上查询编号也对[泪]吴阿姨说,哇你的包丢了但是你情绪好稳定[允悲]我说因为口红是intoyou的只有三十块
  • ” leader:“[摊手]”2.BB给我讲了西游记的寓意“上下五千年都逃不出手心”“这一生就是在不断的重复,能不能把你那重复的人生干的有意义”“妖精是菩萨派
  • 历届省委省政府坚持一张蓝图绘到底,始终将加快“引大济湟”工程建设作为答好新时代答卷的重大政治责任,高度重视、高位推动,协调解决了工程建设资金、运行管理机构设置、
  • #折腰# 。#刘宇宁蒋俊豪# 。
  • 而且由于山海经本身22篇章缺失了4篇章,我们甚至都没法确定《海内经》究竟在整个山海经的位置如何,所以简单把它归于《大荒经》是不负责任的做法。暧昧到我一度以为男主
  • 「灯彩」花灯是中国传统农业时代的文化产物,其历史悠久,既有酬神的功能,又有娱乐的价值,以独特的工艺而闻名,造型精巧、色彩鲜艳、图案富丽,为佳节喜日增光添彩,祈求
  • 不必紧绷着表情去一个新的环境,好像不拿出百分百完美的姿态就会错失些什么。这里很微妙的一点在于,当现实世界中的我们后悔着自己的冲动,平行时空的我们可能正在为最后一
  • 对方是不是真爱你,你会有“感觉”01:事事有回应,时刻有陪伴不要因为一个人的甜言蜜语而交付一生的幸福和心安,在与人相处中,语言大多是虚假的,少有价值与珍贵,很难
  • 除了崩溃就是崩溃男朋友一开始定了惠州17.53的火车票到广州,3.多放学之后就出校门打车去车站,(学校到车站大概半个小时的路程)一直塞车塞车,快到火车开的时间了
  • 另一种是你放下了这个假我,放下我执,了悟缘生即空,缘起即空,缘灭仍然是空,了解一切法无生,单刀直入地契入佛的妙心,这个就是出世间的人,你拥有的就是真我。要做凡夫
  • 2、葡萄酒都是酸涩若说出这种言论的人,绝大多数是小白一枚,这种对第一观感印象的确没有错,但当你喝过足够多的葡萄酒,每一口都去细细品鉴的时候,葡萄酒的魅力才会充分
  • 从人性美方面我宣布这一局,泰骑胜6⃣:田柾国粉丝英文名叫kookie,读起来像cookie,有点致敬师妹牛犊子的爆单,都是一家人蹭蹭怎么了?赛那排名第四位,1-
  • 他复出的时候坚强的唱着《其实我还好》我跟台下的王栎xin一样哭的喘不过气现在的他已经不是当年的笨蛋帅哥了,他跟王栎xin的关系也没有当年那么亲密了,时间真的很无
  • #spaceweather天文酷图##天文酷图# 【太阳表面细节和突出物 20231003055134】Leigh Westerland 于 2016 年
  • [awsl]心理学:一个男人的鞋子,暴露了他的素养穿搭,是一种独特而又强有力的表达方式,它能够准确地传达一个人的性格和个性特点。”通过观察鞋子可以看得出一个人的
  • 這次場地泥坑哇哇,但看在你邀請到我很喜愛的音樂人就不批你了。但我想美麗是不會有人抗拒的[可愛]現場看到你們認真工作的身影好美,便沒忍住按了快門。
  • ”崔是被朋友邀请来喝下午茶的,没成想到了才发现是个骗局,其实是相亲局,直接走了实在不礼貌,想着解释清楚再走,看见熟悉的面孔,又改变了主意,继续聊下去了。“一些羞
  • 林晓兰严立恒林晓兰严立恒(最新章节无弹窗)全文笔趣阁阅读[awsl][飞机][笑cry]93mfu ?书名:《林晓兰严立恒》林晓兰严立恒 ?主角:林晓兰严立
  • KSG见面会--今屿选手应援公告|总有人山高路远为屿而来|你说,我在听“睁开眼 找到了相交点跨越山海也要相见”秋风凉爽,正值赏之时,众“星”汇聚,9月24日请来