འཇོལ་སྒེག་མྱོས་བུམ་མཛེས་པའི་གཞོན་ནུ་མ།།
སྤྱན་གྱིས་ཟུར་མདའ་བདག་ལས་མ་གནང་ན།།
ཁྲ་མོ་སུམ་བཅུའི་འཛུམ་མདངས་མཛའ་མོ་དེ།།
ཀུན་གྱི་མིག་ལ་བསྟེན་པ་མཛེས་བྱེད་ཡིན།།
—ཞོགས་ཆུ།
སྤྱན་གྱིས་ཟུར་མདའ་བདག་ལས་མ་གནང་ན།།
ཁྲ་མོ་སུམ་བཅུའི་འཛུམ་མདངས་མཛའ་མོ་དེ།།
ཀུན་གྱི་མིག་ལ་བསྟེན་པ་མཛེས་བྱེད་ཡིན།།
—ཞོགས་ཆུ།
མཛེས་སྡུག་ལྡན་པའི་ཁྱེད།
ཁྱེད་ནི།
སྐྱེ་གཟུགས་མཛེས་པས།
ང་ཡང་ལྐོག་ནས་ཁྱེད་ལ་དགའ།
དྲང་མོར་བཤད་ན་ང་ཁྱེེད་ལ་དགའ་བ་སུས་ཀྱང་མི་ཤེས།
ངས་ཁྱེད་ལ།
ང་ཁྱེད་ལ་དགའ་ཞེས་སྨྲས་ན།
ཁྱེད་ལ་དྭངས་ལེན་བྱེད་འདོད་ཡོད་མེད་མི་ཤེས།
གང་ལྟར་ངས་ཁྱེད་ལ་ང་ཁྱེད་ལ་དགའ་ཞེས་བཤད་ན་འདོད།
འོན་ཀྱང་།
ངས་ལྭ་བ་དམར་པོ་འདི།
བློས་བཏང་མ་ཐུབ་པའི་རྐྱེན་གྱིས།
ང་ཁྱེད་ལ་དགའ་ཞེས་པའི་ཚིག་འབྲུ་དག་གླེང་མ་ཕོད་པ་ཡིན།
——ཞོགས་ཆུ།

ང་ཚོ་འཕྲད་པ་བཟང་ཡང་ཆོག་ལ་ངན་ཡང་ཆོག
འུ་གཉིས་མཐུན་པོ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་།
ང་ལ་མཚོན་ན།
ཁྱེད་རང་འཇིག་རྟེན་འདིར་གསོན་ཡོད་ཚེ།
དེ་ནི་ཆེས་བཟང་བའི་ལེགས་སྐྱེ་དེའོ།།
འུ་གཉིས་མཐུན་པོ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་།
ང་ལ་མཚོན་ན།
ཁྱེད་རང་འཇིག་རྟེན་འདིར་གསོན་ཡོད་ཚེ།
དེ་ནི་ཆེས་བཟང་བའི་ལེགས་སྐྱེ་དེའོ།།
✋热门推荐