ཡིག་ནོར་འདི་དག

རྩོམ་པ་པོ། འཇུ་སྐལ་བཟང་།

ཁོ་ཚོས་ཡིག་ནོར་བྲིས་བཞགཡིག་ནོར་འདི་ཚོ། ང་ཚོའི་མུན་པ་རེད། འུག་པ་རེད།ཁྭ་ཏ་བཞིན་ཨག་སྐད་འཛེར་འཛེར་འབྱིན་གྱིན་འདུགསྡིག་སྲིན་བཞིན་ཡན་ལག་ཤིགས་ཤིགས་འགུལ་གྱིན་འདུག གོས་སྲུབས་སུ་འཚང་བའི་སྲོ་མ་བཞིན་བསལ་དུ་མེད་པར་འདུགདེ་ཚོས་ང་ཚོར་སྐྱི་གཡའ་རུ་འཇུག་བཞིན། ཞེ་མེར་དུ་འཇུག་བཞིན།ཟུག་རྔུ་སྐྱེད་བཞིན།  དངངས་སྐྲག་སློང་བཞིན་འདུགཡིག་ནོར་ཚོས་གཞུང་ལུགས་ན་གཡེང་རྐྱལ་བྱེད་ཀྱིན་འདུགབསླབ་བྱ་ན་གཡོ་སྟོན་བྱེད་བཞིན་འདུགརྩོམ་རིག་ན་བཅོས་འཛུམ་སྟོན་བཞིན་འདུག  ལོ་རྒྱུས་ཀྱི་འགག་མདོ་ན་རྩོད་གཞི་སློང་གིན་འདུག་ཅིང་།མཚམས་ཁང་གི་སྒོ་དྲུང་ནས་ལོག་སྟོན་བྱེད་ཀྱིན་འདུགཐ་ན་སྨན་རྐྱལ་དུ་འཛུལ་ནས།ཤི་གསོན་གྱི་གྱེས་སོ་ན་བརྡ་ལོག་རྒྱག་གིན་འདུགམདོར་ན་ཡིག་ནོར་དེ་ཚོས་ཆོས་ལོག་འཆད་ཀྱིན་འདུག་ལ།སྲིད་ནོར་དུའང་འཁྲིད་ཀྱིན་འདུགའདུག་སྟེ། ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞགགཞུང་ཡིག་ན་ཡིག་ནོར་བྲིས་བཞགཐམ་ག་ན་ཡིག་ནོར་བྲིས་བཞགསྒོ་བྱང་ན་ཡིག་ནོར་བྲིས་བཞག  ཡིག་ནོར་གྱི་སྙན་ཞུ་ལ།  ཡིག་ནོར་གྱི་ཆོག་མཆན་འགོད་ཅིང་།ཡིག་ནོར་གྱིས་ལག་བསྟར་བྱེད་ཀྱིན་འདུག                                         ད་ལྟ་དེ་ཚོ་ཡམས་ནད་བཞིན་ག་སར་ཁྱབ་ཟིན།ནམ་མཁའ་ནས་འབབ་ཀྱིན་འདུགགྲོང་མཐའ་ན་ཉུལ་གྱིན་འདུགལྷས་འདབས་སུ་རུལ་བཞིན་འདུགང་ཚོས་ཁ་ནས་ཡིག་ནོར་ཟོས་ཟིན།ང་ཚོའི་རྒྱབ་ཏུ་ཡིག་ནོར་གྱོན་ཟིན།ད་ལྟ་ང་ཚོ།ཡིག་ནོར་དང་ཁ་འབྲལ་ཐབས་མེད་པར་གྱུར་འདུག  ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞགང་ཚོའི་གཙང་པོ་དང་ལོ་རྒྱུས་ཀྱི་མགོ་ཁུངས་ནས།ཡིག་ནོར་གྱིས་རྙོག་གིན་འདུགམཐོ་སྒང་གི་རུས་སྒྲོམ་ཧྲིལ་པོ་ཡིག་ནོར་གྱིས་ཟ་གིན་འདུགཡིག་ནོར་ཚོ་མའི་མངལ་དུ་ཞུགས་ཟིན་པས།རིགས་རྒྱུད་ཕྱི་མ་ཚོ་རྙོག་འཐོམ་མེར་བཏང་འདུགཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག               ཨ་ཁ་ཁ།ཁོ་ཚོས་ངའི་ཆེས་གཅེས་ཐང་ཆེ་བའི་རུས་མིང་དེ།ཡིག་ནོར་གྱིས་བྲིས་བཞགངའི་དུར་བྱང་ལ་ཡིག་ནོར་བཏབ་བཞག

གངས་རིའི་དཔའ་བོར་ཕུལ་བའི་སྨྲེང་ཚིག །

མཐའ་ཁ་བས་བཀླུབས་པའི་གངས་ལྗོངས་ན།
དབུས་རི་བོ་གྲུ་འཛིན་ཀུན་ལས་བརྗིད།
དེ་མཐོང་བའི་མོད་ལ་ཡབ་ཆེན་དྲན།
ཡབ་ཆོས་ཀྱི་རྒྱལ་མཚན་ལྷང་ངེར་དྲན།

དྲིན་ཆེ་བར་ངེས་སོ་དྲིན་པོ་ཆེ།
ཁྱེད་བཞུགས་པའི་དུས་ཀྱི་རང་རེའི་ནི།
ཁ་རྩམ་གཟན་ཡིན་པས་ཞག་གཅིག་ཡོད།
ངོ་གདོང་དམར་ཡིན་པའི་རྟགས་གཅིག་ཡོད།

དུས་ད་ལྟ་རང་རེའི་ཡུལ་དེ་ན།
ཡབ་ཁྱེད་ཀྱི་བཀའ་སློབ་བསྐྱུར་ནས་གདའ།
རིགས་གཅིག་གི་འདུ་ཤེས་བོར་ནས་གདའ།
དེ་མཐོང་ན་བུ་ངའི་སྙིང་རྩ་འདར།

སྙན་ཚུར་ལ་གསོན་དང་དྲིན་ཆེན་ཕ།
དུས་ལན་གཅིག་སྐྱོབས་དང་སེམས་ཀྱི་ལྷ།
བུ་གཅིག་པུར་ལུས་པའི་སྡུག་སེམས་དག
ཡབ་ཁྱེད་ལས་བརྗོད་ས་གཞན་ཡོད་མིན།

དུས་ད་ལྟ་རང་རེའི་སྟོད་སྨད་ན།
ཆོས་མགོ་ན་བཞུགས་པའི་བླ་མ་དང་།
རིག་ཆུ་གཏེར་འཁྱིལ་བའི་རིག་གནས་པ།
ནང་རྩོད་ཐག་མ་ཆོད་ཐོམ་ནས་འདུག

ཡང་དེ་ཙམ་གཅིག་པུ་ག་ལ་ཡིན།
ཁྲི་མཐོན་པོ་བཞུགས་པའི་བླ་མ་འགའ།
མི་ཁྲེལ་མེད་དག་གི་གཏམ་འཁྲུལ་ཏེ།
ནང་གྲུབ་མཐའི་རྩོད་པ་སློང་གིན་གདའ།

ཚུལ་དེ་འདྲ་མཐོང་བའི་བུ་ཆུང་ང་།
སེམས་སྡུག་གིས་གདུང་བ་ཚད་མེད་ལ།
ཡབ་སྐུ་ཉིད་དྲན་པའི་གདུང་བ་དེ།
མིག་འཆི་མ་བཏང་བས་གོ་ཆོད་མིན།

ལར་ད་དུང་གངས་རིའི་ཁྲོད་འདི་ན།
མགོན་ཁྱེད་ཀྱི་བཀའ་སློབ་བརྩི་མེད་དང་།
རང་ཕ་སྐད་བསྐྱུར་ནས་རང་རློམ་གྱིས།
རང་མཁས་པ་ཡིན་པའི་རང་མདོག་སྟོན།

ཚུལ་འདི་འདྲ་མཐོང་བའི་བུ་ཆུང་ང་།
སྙིང་དབུས་ན་ལུས་པའི་རྨ་ཁ་དེ།
སླར་ཚ་ཟུག་བཏང་ནས་ཚད་མེད་ཀྱིས།
སྐྱབས་རེ་ས་ཁྱེད་ལས་གཞན་མིན་འདུག

ཡང་ལན་གཅིག་དགོངས་དང་དྲིན་ཆེན་ཕ།
ཡང་ལན་གཅིག་གཟིགས་དང་སྐྱབས་ཀྱི་མགོན།
དུས་དེ་འདྲ་སོང་བའི་གངས་ལྗོངས་ཀྱི།
དུས་མ་འོངས་བྱ་བ་ཅི་འདྲ་རེད།

ཡང་ལན་གཅིག་སྐྱོབས་དང་དྲིན་ཆེན་ཕ།
ཡང་ལན་གཅིག་འདྲེན་དང་སྐྱབས་ཀྱི་མགོན།
ངེད་མགོ་ནག་བོད་མིའི་ལས་དབང་འདི།
དུས་མ་འོངས་བྱ་བ་གང་ན་འདུག

དུས་དེ་རིང་ཞུས་པའི་སྨྲེང་ཚིག་འདིས།
ཁྱོད་གསང་མྱུལ་ཟེར་ནས་སྡིགས་ཀྱང་ཆོག
ཁྱོད་ངོ་ཚ་ཟེར་ནས་འཕྱ་ཡང་རུང་།
རིགས་གཅིག་ལ་བཅངས་པའི་འདུ་ཤེས་ཡིན།

དེ་གསན་པར་ཨེ་བྱུང་དྲིན་ཆེན་ཕ།
དེ་མྱོང་བར་ཨེ་བྱུང་རིགས་ཀྱི་དགོན།
དེ་མཐོང་དུས་སྡུག་པར་བྱུང་ལགས་སམ།
དེ་མྱོང་དུས་ཕམ་སེམས་བྱུང་ལགས་སམ།

ཟླ་ཚེས་དགེ་བར་སེར་སྐྱ་བསོད་ནམས་སྟོབས་རྒྱས་ཀྱིས་ཕ་བླ་མ་དྲན་དྲག་སྟེ་ཐབས་གཞན་ཅི་ཡང་མ་རྙེད་པས་གདུང་བས་བྲིས། ། https://t.cn/Rp7W8xr

བདེན་གཉིས་ཟུང་འཇུག་གི་དཔའ་བོ།།
སྟག་སེང་ཁ་སྤྲོད་ཀྱི་དཔུངས་ཤུགས་ཅན།
གཞི་ལམ་གྱི་བདེན་པ་བསྡར་ནས།
མི་མཐུན་གཡུལ་རྒྱལ་གྱི་མཚོན་བྱར།།
རྣོ་ངར་རལ་གྲི་ཡིས་རྫུན་སྐུད་བཅད།།


发布     👍 0 举报 写留言 🖊   
✋热门推荐
  • 一场高考失利毁了时代少年团的21年的暑假,朱雀哪吒寓意卷土重来的重要回归跳得乱七八糟,有些人的心早就不在团里了,这种种加起来也没见你们进行整改团体集训。#李木戈
  • ”幼子冷小平回忆,编写《郧县志》时,父亲发现许多史书上对“郧县”名字的由来介绍不正确,民间也有不少误传。他曾多次建议父亲多休息,可老人总说“表钟犹响针难停,太阳
  • 解忧杂货店 ®,欢迎来到解忧杂货店,专业为您解决生活所需。凡凡微信:Cc20801108.欢迎常来哦~ 我这个【加盟制度】超级好玩❗500个城市5000家店最
  • #任嘉伦请君# #任嘉伦陆炎# #哈曼大中华区品牌代言人任嘉伦# #爱仕达品牌代言人任嘉伦##任嘉伦etro品牌大使# 任嘉伦,你的一颦一笑,一举一动,都深深
  • 处理办法:宫寒引起的手脚冰凉一般是气血不足,可以多吃些补气血的食物,如红枣、阿胶、桂圆、当归等,还要每天用热水泡脚,坚持一段时间就会发现效果。很多女性朋友天生体
  • 家里人都说我可以边工作边准备考研,脱产考研万一在考不上压力很大什么的,我想的是就剩半年时间了时间本来就紧迫,而且我考的是文科类的,每天都需要大块的时间进行大量的
  • 开大声量,戴上耳机,我才听到这么多细节,副歌段的和声,是仙乐吧,太好听了华晨宇牛逼!没想到她还能苦中作乐,称“耳机质量是真好,都这样了仍可以滋儿滋儿的出音乐”。
  • 适合睡前发朋友圈的文案[心] 1、生活再遭,也不妨碍你越来越好 2、世界治愈的是愿意自渡的人 3、别太难过,这个世界就是针对心软的人呀 4、所有动听的话
  • ✝️转[小红花]并艾特三位小伙伴,过300转发里揪一人假发一顶(仓库随机)转[小红花]并艾特三位小伙伴,过600评论里揪一人衣服一件(仓库随机)转[小红花]并艾
  • 转发揪1人送随机社团胶带整卷】#撒米上新#撒 米 今日 shou 发▷萌茶茶IP周边 可随意贴在任何光滑物体表面,随心所欲DIY[彩虹屁]快来制作你的独一无二
  • 量子技术产业化是一项十分伟大且艰巨的事业,为了让更多科学家的力量汇集,国仪量子以长相干时间、高保真度、多比特量子操控为核心目标,发展全球领先的量子精密测量技术、
  • 买了点好价跟好物[打call]简单总结下illa katie在我脸上还行 不会像笨蛋 lover不行 四个字 放过我吧 我跟橙色永远不和解艾杜纱眼影软软糯糯的
  • #原神[超话]#趁大伙都在抽卡来大超发个互关 不知道会不会有人看到[doge]bg人,现在除了原神还玩粥/绘旅人/星露谷/warframe,会喜欢所有靓仔,硬
  • 此时不打,更待何时[奋斗]招聘| 时尚买手 – 兼职 (远程办公)Wissee, Inc (万悉科技公司)总部位于美国西雅图。#英国留学# #小博主的领地# #
  •   研究团队此次模拟任务以伊特鲁里亚黎明女神Thesan命名,分析了早期宇宙中的相互作用,其内容是迄今最详细的,涵盖体积也最大,为早期星系的特性以及来自这些星系
  • #北京租房# 【北辛安 精装两居室 两家合租 随时入住】北京市6号线金安桥,合租+二居室+主卧,房租是2400元/月,可以租12个月,付款方式是押一付一,让你租
  • 今天社区电商+分享经济遍地开花的时候,腾讯-软银集团-联想集团联合投资楚楚推,接下来会发生什么呢[疑问]很多人都知道社交电商是趋势,我只想说:看懂了趋势,在实力
  • #我正在追的剧#《警察荣誉》好久没有一部国产剧让我全程不会去想演员演技,只是沉浸在剧情里。哪怕在争议的“和稀泥”话题里,也没有一边倒地将问题简单化,而是平等呈现
  • 据悉,这一环节之所以选择点亮慢跑道,是酒店希望与所有宾客一起在优质的自然生态环境和新品所营造的环保场景中,共同点亮健康的生活方式。随着潺潺的民乐演奏声起,生态墙
  • 向大家推荐这款茶的理由,是因为好喝便宜,同时还具备滇红鲜明的特性,非常适合作为日常口粮茶。3.我向大家推荐这款茶,倒不是因为这款古树红的“古”。