࿑འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།།
བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་།།
སེམས་བསྐྱེད་ཞུས་པའི་བླ་མ་སློབ་དཔོན་དང་།།
དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་དང་།།
རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་།།
བཞོན་ཁལ་སྲོག་གཅོད་འོ་ཞོ་འཐུང་བ་དང་།།
ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ།།
མྱུར་ཏུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག།

དཀར་གསལ་དུང་གི་བཞིན་རིས་ཚུར་ཚུར་དུ་ཕྱོགས་ཚེ།།
གཟུགས་མེད་ཟུང་ལྡན་མདའ་མོ་སྙིང་ཁ་རུ་ཟུག་ཅིང་།།
མཁྲང་ཟླུམ་བྲང་གི་མྱོས་བུམ་དུང་དཀར་འདི་ཆ་གཅིག །
ལེན་འདོད་སྙིང་རླུང་བཙན་པོར་འགོག་ཐབས་ཤིག་མི་འདུག ། https://t.cn/R2WxDzr

བཀླགས་གྲུབ།#局外人#
མོ་ཨར་སོ་ཡི་ཕལ་བའི་མི་ཡི་འཚོ་བ་ནས་རིམ་པར་བརྒྱུད་དེ་དང་པོ།(༡) མོ་ཨར་སོ་ཡི་མ་ཡུམ་སྐུ་གཤེགས་ཤིང་དུར་མཆོད་ཉིན་ལ་མིག་ཆུ་མ་བཏོན་པར་མ་ཟད། དུ་བ་འཐེན་ཅིང་འོ་ཇ་འཐུང་བས་མི་མང་གི་མིག་ལམ་དུ་དྲིན་གཟོ་དང་བརྩེ་བ་བྲལ་བའི་མི་ཞིག་གྱུར་འགོ་ཚུགས།(༢) དུར་འཇུག་གི་ཕྱི་ཉིན་ལ་མ་ལིས་དང་མཉམ་དུ་གློག་བརྙན་ཁང་དུ་གློག་བརྙན་ལ་ལྟ་རུ་སོང་ཞིང་དགོང་མོ་མ་ལིས་དང་ལས་འབྲེལ་བྱུང་བས་མི་མང་གི་ལམ་དུ་འདས་པོར་སྐྱོ་གདུང་གིས་སེམས་ངལ་མི་འཆང་བའི་བུ་སྡུག་གི་སྣང་བརྙན་བཞེངས།(༣)དང་(༤)མོ་ཨར་སོ་དང་ཁྱིམ་མཚེས་རྒན་པོ་ཧྲ་ལ་མ་ནུང་། གྲོགས་པོ་ལེ་མོང་བཅས་ཀྱི་འབྲེལ་བ་ཡིས་མོ་ཨར་སོ་ཡིས་མཇུག་མཐར་ཨ་ལ་པོ་ཡི་མི་དེ་གསོད་པར་སྣ་ཁྲིད་པའི་ཚན་པ།(༥)ཁྱིམ་མཚེས་རྒན་པོ་ཧྲ་ལ་མ་ནུང་གིས་ཁྱི་རྒན་བོར་ཞིང་སེམས་ཁྲལ་ཡོད་ཚད་མོ་ཨར་སོ་ལ་བཤད་ཅིང་མོ་ཨར་སོ་ཡིས་སེམས་གསོ་དང་ཁྱི་རྒན་འཚོལ་ཐབས་བསླབས (༦)མོ་ཨར་སོ་དང་ལེ་མོང་གི་གྲོགས་པོ་མ་སུང་གཉིས་ངོ་ཤེས་སུ་གྱུར་ཅིང་མོ་ཨར་སོ་ཡིས་མི་བསད་ཏེ་ཁྲིམས་ལ་ལྷུང་། གཉིས་པ། མ་གཞི་མི་མང་གི་རྒྱུན་གོམས་སུ་སོང་བའི་ལུགས་སྲོལ་དེའི་འཇལ་ཁྲི་དང་རྒྱ་མའི་ཐིག་ཚད་ཀྱི་“མཐའ་མི”ལ་གྱུར་བའི་མོ་ཨར་སོ་སྔོན་མར་འདྲ་མིན་གྱི་ལྟ་སྟངས་ཀྱིས་འཚོ་བའི་ཟུར་ཁ་རེ་རེ་ན་སྐད་ཆ་འདྲ་མིན་དང་རྣམ་འགྱུར་འདྲ་མིན་ཡོད་ཀྱང་། སེམས་ཀྱི་རང་དབང་ཐོབ་པའི་ཁོ་རང་རང་དབང་གིས་འཚོས་ཡོད། ཐེངས་འདིར་མོ་ཨར་སོ་ལུས་ཀྱི་འགྲོ་འོང་ལ་བཀག་འགོག་ཐེབས་པའི་བཙོན་རར་ལྷུང་དུས་ཁོས་ཇི་ལྟར་རང་དབང་གི་མི་བཞིན་འཚོ་བར་བསམས་ཀྱང་ད་ལྟ་ཡོད་ཚད་ལ་རང་དབང་བྲལ་བ་ཚོར།
ཁྲིམས་འཛིན་པས་འདྲི་གཅོད་དང་ཁྲིམས་ཁང་གིས་དཔང་མིའི་ཚིག་ལ་ཉན་པ་སོགས་ཀྱི་ལས་རིམ་ཡོད་ཚད་ནི་ཞིབ་དཔྱོད་དཔོན་གྱིས་མོ་ཨར་སོ་ལ་སྲོག་ཁྲིམས་གཅོད་རྒྱུའི་བརྒྱུད་ལམ་ཙམ་དུ་སོང་འདུག་སྟེ། ཞིབ་དཔྱོད་དཔོན་དང་ཁྲིམས་འཛིན་ལས་ཁུངས། ཁྲིམས་ཁང་སོགས་ཀྱིས་ཁོའི་ཉེས་པ་ལ་རྩད་གཅོད་བྱེད་སྐབས་སྔ་གཞུག་ཀུན་ཏུ་ཁོ་རང“མཐའ་མི”ཞིག་ཏུ་བཞག་ནས། ཁོ་ཚོས་ཁོ་ནི་རང་གི་མ་ཡུམ་ཚེ་ལས་འདས་རྗེས་མིག་ཆུ་རྡོག་གཅིག་ཀྱང་གཏོང་རྒྱུ་མེད་པའི་སེམས་མེད་གཏུམ་སྤྱོད་ཅན་ཞིག་རེད་ཅེས་ཏེ། ཁོས་མི་བསད་པས་སྲོག་ཁྲིམས་གཅོད་དགོས་སོ་ཞེས་པའི་ཐག་བཅད། དེ་ཡང་བརྩམས་སྒྲུང་དུ“ངས་ཅི་ཞིག་ལ་ཉེས་པ་ཟེར་བ་ཡིན་མི་མོད། ཁྲིམས་ཁང་གིས་ང་ལ། ཁྱོད་ནི་ཉེས་ཅན་ཏེ། ཁྱོད་ཀྱིས་ཉེས་ཆད་ཁུར་དགོས་ཟེར།”ཞེས་པ་བཞིན་མོ་ཨར་སོ་ནི་མི་མང་གི་“མཐའ་མི”དེའོ།།
བརྩམས་སྒྲུང་གི་མཇུག་གི་མོ་ཨར་སོ་དང་ཆོས་པ་གཉིས་ཀྱི་ཁ་བརྡ་ནི་མི་ཚེ་ཡི་ལེགས་བཤད་ཅིག་ཏུ་འདུག་སྟེ། དེ་ལས་ཚན་པ་ཞིག་དྲངས་ན་མོ་ཨར་སོ་ཡིས“ང་ལ་ཅི་ཡང་མེད་པ་འདྲ་མོད། ངས་ང་དང་ངའི་ཡོད་ཚད་ལ་བདག་བྱེད་ཐུབ།”ཅེས་པ་ལྟ་བུ། https://t.cn/RoZ0SSS


发布     👍 0 举报 写留言 🖊   
✋热门推荐
  • 8.26今天好烦啊 有够累挺通知下周上班 一年没有干活了 还挺措手不及的我知道虽然是考上了 但是并不是我喜欢的工作但是也不讨厌 行啊 知足才能常乐嘛无论喜不喜欢
  • [失望]Anyway,这部电影是我的仲夏夜之梦,是我苦涩生活中的一块很甜很甜的糖,糖总会吃完,生活也要继续。[失望]Anyway,这部电影是我的仲夏夜之梦,是我
  • 八月份有感觉自己的生活变得更加开心[坏笑]工作上,碰到了很好很好的老师们,老师们真的对我都好好哇[泪][泪][泪]还碰到了跟我是老乡的胡老师[心]胡老师真滴嘎嘎
  • #渭南要闻[超话]#渭南公安交警提醒您:及时关注天气与路况信息,驾车出行,请“减速、控距、亮尾”“车靠边、人撤离、即报警”! 渭南公安交警提醒您:驾车出行请牢记
  • #恋恋洗衣店##みなと商事コインランドリー##超特急##草川拓弥##西垣匠#讲下全真一气汤,为上热下寒者设所谓上热下寒,也是上实下虚之意,比如很多女性朋友“下肢
  • 这款腕表,拥有冰蓝色盘面,颜值很高,戴上它你就是人群中最靓的仔复刻手表哪个厂做得最好 最好的鹦鹉螺复刻 高仿新海马300刚才我给大家介绍完了几种计时方式,接下来
  • 战肖×《烈酒难饮》 肖北(北京小爷经纪人奶爸受)×盛阳(长红顶流狼狗攻) 4. 墨子陈一边说话,一边将手放在了裆处。 肖北站起身企图躲避他的手,却被墨子陈抵在
  • 记录出生39的人类幼崽“这个世界乱糟糟的,而你干干净净的,可以悬在我的心上,作为太阳和月亮”幸福不是什么都拥有,而是拥有的东西让你快乐一定要记得:把你小家经营好
  • #plog博主日记##生活碎片##运动生活##好好吃饭##亿点曝光计划##和花卷一起快乐减脂#早起真的可以有好多好多时间做好多好多事情,最近睡眠质量又出现了点问
  • #王俊凯[超话]#wjk#联合国环境署亲善大使王俊凯# wjk#从开始到未来,只为王俊凯# wjk#跟着王俊凯益起来# 承从遇见你开始,所有的晦暗都留给过往,凛
  • 百变大空间,不仅拥有超强的装载能力,还有多种模式自由切换,我最喜欢的是新增的大床露营模式,太适合一家子出去玩了。还有鸿蒙智能座舱3.0,不用唤醒就能对话,也可以
  • ”✨“温柔的本质是理性,理性的极致是冷漠”✨“我甘愿退出,只愿你痊愈,你却误以为我渴望那束光,默默撒手人寰,还我一束光影”✨“我无法拦住要走的风,也无法拥抱整片
  • もすたろ老师家主塞的那些珍贵又甜蜜的男高小日常啊[抱一抱][可爱]感谢もすたろ先生!!!另外喜欢的话,请去作者老师的原推点赞和转发,把爱告诉这些老师们吧,谢谢!
  • 可你没有我的允许,便走进了我的心里,就是你的不对了星河璀璨,阳光干净,在人间所有美好的存在里,我总是最爱你✨你上辈子一定是碳酸饮料吧?一天❤一月❤一起❤一年❤一
  • #气象与天文# 根据国际流星组织(IMO)预报,今年英仙座流星雨极大期在8月13日15时-22时,在极大期前后几天也都是可以观测到一定数量的流星。根据国际流星组
  • #比亚迪[超话]##比亚迪汽车[超话]##汽车资讯[超话]##汽车资讯##汽车##比亚迪##新能源汽车#红魔在今天下午开了一个氘锋全场景发布会,接下来全是重点,
  • 系统在直播期间会自动播放这些预先录制好的口播内容,从而使观众感觉像是有真人在为他们讲解。系统在直播期间会自动播放这些预先录制好的口播内容,从而使观众感觉像是有真
  • #齐司礼[超话]##齐司礼# 「山风过竹雨微凉,冷月独忆泼茶声。千年之间,仿佛下了一场永无止息的雨。」 而故事是由晴天开始,所幸最终也以雨过天晴收场。
  • 【#南航摔落空乘神志模糊多处骨折#:仍在ICU病房救治】#南航摔落空乘进入重症监护室# 据现代快报:常州奔牛国际机场,南航一位乘务员从客梯车跌落的消息引发关注。
  • 唯一一次二号线坐到底是因为要去长清区甚至还得转一号线(也是唯一一次坐一号线)动物园逛的好累我记得我跟欣宝去兵小创买西瓜解渴结果满满一屋子人……留存在我手机里的每