༄༅། །བྲམ་ཟེ་པཱ་ཎི་ནི(Pāṇini)འི་པཱ་ཎི་བྱཱ་ཀ་ར་ཎ་ནི་རྒྱ་གར་གྱི་སཾསྐྲྀཏ་བསླབ་པ་ལ་རྩ་བའི་གཞི་འཛིན་ས་དང་། དེས་ཧིན་ཡོབ་སྐད་ཁྱིམ་དུ་སྐད་བརྡ་གཤིབ་བསྡུར་རིག་པ་འབྱུང་བར་སྐུལ་འདེད་བྱས་ཞེས་རྒན་ཅིན་ཞན་ལིན་ལགས་ཀྱི་གསུང་འབུམ་དུ་བཞུགས་སོ། །ཀཱ་ལ་པའི་མདོའི་རྣམ་བཤད་སོགས་སུ། བྲམ་ཟེ་པཱ་ཎི་ནི་ཡིས་སྤྱན་རས་གཟིགས་དབང་ཕྱུག་བསྒྲུབས་ནས་ཞལ་གཟིགས་ཞེས་དང་། གཞན་དུ་ཤི་ཝ་སྟེ་ཞི་བའམ་ལྷ་དབང་ཕྱུག་བསྒྲུབས་ནས་ཞལ་གཟིགས་ཞེས་པ་འབྱུང་བས། ཁོ་བོས་སྔ་མ་ནི་ནང་བས་ཤན་ཞུགས་དང་ཕྱི་མ་ནི་འཐད་ལྡན་དུ་ཁས་ལེན་པར་འོས་སྙམ་མོ། །

__འབྲོམ་རྡོར་གྱིས།[咖啡][干杯][鲜花]

༄༅། །ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་གྱི་
གསུང་བཏུས་ཐོར་བུ་བཞུགས་སོ། །

     བླ་མ་ལས་ཆོས་ཐོས་པའི་ཚད་ཀྱང་ཆོས་ཐུན་རེ་རེ་ཙམ་ཉན་ནས་བློ་ལ་གང་ཡང་འཛིན་རྒྱུ་མེད་པར་སོང་བ་ལ་མི་བྱེད། དེ་ཡང་དང་པོ་ཚིག་བཟུང་བ་ལ་བརྟེན་ནས་སྒྲ་སྤྱི་བློ་ཡུལ་དུ་འཆར། དེ་གོམས་པར་བྱས་པས་དོན་སྤྱི་བློ་ཡུལ་དུ་ཤར་བ་ལ་བརྟེན་ནས་ངེས་ཤེས་དྲངས་པ་ན་ཆོས་དེ་ཤེས་པར་འཇོག ཐོས་པ་བྱས་པའི་དོན་བླ་མའི་ཞལ་ནས་གང་གཟུང་རྒྱུའི་མདོ་རྒྱུད་དམ་དགོངས་འགྲེལ་གྱི་ཚིག་ཟུར་ཙམ་ཡང་མ་ཉམས་ཤིང་། དེ་དང་པོ་རྩོམ་མཁན་གང་ཡིན་དེས་ཇི་ལྟར་བརྩམས་པའི་སྡེབ་སྦྱོར་མ་ཉམས་པར་ཚིག་བློ་ལ་བཟུང་བ་དེ་ལ་ལུང་བླངས་པ་ཟེར་བ་ཡིན། ཇི་ལྟར་བཟུང་བའི་ཆོས་དེའི་དོན་ཐོས་པ་ཙམ་ནས་གོ་བའམ་རྟོགས་པས་མ་མཐའ་ནའང་ཚིག་སྤྱིའི་གོ་བ་ལེགས་པར་ཆགས་ནས་ཚིག་ཁ་ནས་བསྐྱོར་རྒྱུ་ཡོད་དོན་བསམ་རྒྱུ་ཡོད་པ་དེ་ལ་ཐོས་པ་བྱས་པ་ཟེར་བ་ཡིན།
     དཔེ་མེད་མཁས་པ་ཡིན་སྙམ་པ་གང་ཡང་མི་ཤེས་པའི་རྟགས་ཡིན། དབུ་མའི་ཐལ་བཟློག་དང་། དྲང་ངེས་རྣམ་འབྱེད་ཀྱི་སྔོན་འགྲོའི་ཐད་ནས་དཔེ་ཆ་ཁ་ཕྱེ་ལ་ཚིག་རེ་རེ་ཁ་ནས་བསམ་བློ་ཐོངས་དང་དེ་གས་གསལ།
     ས་སྐྱ་པཎ་ཆེན་གྱིས་བོད་འདི་ལ་སོ་ཐར་ལ་གཟུགས་བརྙན་ཙམ་ཞིག་འདུག སྔགས་བྱང་སེམས་གཉིས་ལ་གཟུགས་བརྙན་ཙམ་ཡང་མི་འདུག་གསུངས། དེ་དུས་སུ་དགེ་སློང་གིས་མི་བསད་ན་ཁོས་མི་བསད་པས་དགེ་སློང་མིན་ཞེས་པའི་ཐ་སྙད་ཡོད། ད་ལྟ་ང་རང་ཚོས་ཡུལ་འདིར་དགེ་སློང་གིས་མི་བསད་ན་དེ་ལ་ཆོ་ལོ་ཆེན་པོ་ཞིག་བཏགས་ནས་གྲལ་མགོ་ནས་ཁ་ཐུར་འཁོར་ནས་དཔེ་མེད་ཅིག་ཡིན་སྙམ་པ་མ་གཏོགས་དགེ་སློང་མིན་སྙམ་པ་མི་སྐྱེ་བ་དེ་ཡུལ་འདི་ལ་བསྟན་པའི་གཟུགས་བརྙན་ཡང་མེད་པའི་རྟགས་རེད།མུ་འགོད།

图片
༄༅། །ལ་མོ་ཡོངས་འཛིན་རིན་པོ་ཆེའི་
གསུང་བཏུས་ཐོར་བུ་
བཞུགས་སོ། །
ཡིག་ཕབ་པ། ཤེས་རབ་བསྟན་དར།

སྐྱབས་འགྲོ་རྣམ་དག་ཅིག་སྐྱེ་བ་ལ་གཞུང་ལུགས་ལ་ཐོས་བསམ་རྣམ་དག་བྱས་ན་གལ་ཆེ་སྟེ་སྐྱབས་འགྲོ་རྣམ་དག་ནི་སྐྱབས་འགྲོའི་ངོ་བོ་ཤེས་པ་ལ་བརྟེན་ནས་བྱུང་བས་དེ་ལ་མདའ་འཕེན་པ་ལ་ཐོག་མར་འབེན་ངོས་ཟིན་དགོས་པ་ལྟར་དཀོན་མཆོག་གསུམ་གྱི་ངོ་བོ་དང་ཁྱད་པར་ཤེས་ནས་ཕྱི་རོལ་བའི་སྟོན་པ་སོགས་སྐྱབས་མིན་པར་ངོས་ཟིན་དགོས་པར་སྐྱབས་ཁྲིད་བྱ་དགོས་པའང་དེ་འདྲ་རེད།

སྐྱབས་འགྲོ་རྒྱ་ཆེ་ཞིང་འདིར་མ་འདུས་པའི་ཆོས་མེད། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཡང་སྐྱབས་འགྲོར་འདུས་ཤིང་སྔོན་ཇོ་བོ་རྗེ་བོད་དུ་ཕེབས་དུས་བོད་ཚོས་ཇོ་བོ་ལས་ཉིན་བསྒོམ་ན་ཉིན་འཚང་རྒྱ། ནུབ་བསྒོམ་ནུབ་འཚང་རྒྱ་བའི་ཆོས་ཤིག་བསམ་ནའང་ཇོ་བོས་སྐྱབས་འགྲོ་དང་ལས་འབྲས་སྐོར་ཡང་ཡང་གསུངས་པས་བླ་མ་སྐྱབས་འགྲོ་བར་ཐོགས་པ་འདིའི་སྟེང་ན་མདོ་སྔགས་ཀྱི་གནད་འདུས་ཤིང་སྐྱབས་འགྲོ་ནི་ཤིན་ཏུ་གལ་ཆེ།


发布     👍 0 举报 写留言 🖊   
✋热门推荐
  • 为有效消除病媒生物及其传播途径,更好预防疫情传播,安次区在前期两次集中消杀的基础上,又出动消防车、大型洒水车、雾炮车、迷雾机等专业设备60余台,集中对葛渔城镇区
  • 养花的张馨予很是美好,一个明星把生活过成了普通人的样子,太接地了。 养花的张馨予很是美好,一个明星把生活过成了普通人的样子,太接地了。
  • 【双11河南人购买力全国第八,买得最多的是手机!11月11日00:00~24:00,Z 章牌淘宝直营店“佐罗之剑”全场个人装备满200减20…复制口令打开手机淘
  • #每日一善# #阳光信用# 【带tag 带 带hui字 】【指路不吞必hui】Good night [月亮]ᵕ̈ ๑҉๑҉ 甜甜❤️做个可爱的姑凉[音乐]不
  • ✧ʕ̢·͡˔·ོɁ̡✧ ~ ➰ 按时长大汐汐一周岁生日吖♪ ᵕ̈ʜᵅᵖᵖᵞ ʙⁱʳᵗᑋᵈᵃᵞ ᵀᴼ xixi 一岁一礼 一寸欢喜 ❤️ 童年很短 未来很长
  • 玉兰花开了心里的玉兰花开在暖意洋洋的一天我读书 训练 在生活里见心爱的人群我见女孩子可亲又可爱的 像过冬后飞回来的鸟儿凑过来又凑过来我喜欢她们 她们嘁嘁喳喳的喜
  • 非要把谢谢惠顾四个字都刮干净 才舍得放手,而喜欢这个东西 就是会让骄傲的人低头 让倔强的人服软呀,金牛爱怼人是真的 但只要不触及原则都没事,我们以前说过 金牛想
  • 今天早上的梦更神奇,梦到在写实验报告吧,要写钩端螺旋体结果翻书怎么也翻不着,然后翻着翻着不知道为啥就变成翻pad上面的电视台,主要在播两个电视剧,一个是讲 一个
  • #好诗好词好文章[超话]# 【诗词天地】第039期[作揖][鲜花] 【1】【七律·竹】步乐樵山人韵 诗 /@四平散人 风云几度历韶华,咬定青山足叹嗟。 滴
  • #深夜碎碎念# 我的性格其实不适合做销售 我感觉我适合做财务类工作我是个财迷 大大小小的钱我都要算清楚 所以我一直都有用记账app甚至我会用Excel表统计(我
  • ! 浅浅记录一下在愤怒中度过的那么几个小时补新了,他家经常过没几个小时就改活动,上次没有抢到的姐妹要快啊[怒骂] 【98.8】Swisse 奶蓟草护肝片12
  • 但在剥的过程中,你会不断流泪,剥到最后,你,才知道,洋葱是没心的…#感情占卜# #拥有发光的人生是一种怎样的体验#永远记住:高素质的人,人帮人,帮来帮去帮自己高
  • 版本的推进和不少备受期待的新功能被加入,都证明着熊掌记的初心始终未变,那就是可以继续帮助您「灵活记录,优雅写作」。为了回馈大家对熊掌记的关注与支持,【转发此微博
  • #布*橘兄妹# 我家有俩“吃货”宝宝[吃瓜] 不挑食好喂养 也是名副其实的“睡渣”宝宝[困] 大的从小白天就不睡觉, 好不容易哄睡稍微有点动静就醒 经常二半夜
  • 真的有被感动到呜呜呜今天创业课组队,由于规则比较乱,我们班组少了一个队伍。#大学生##身边的感动##任嘉伦[超话]# ‍♂️#任嘉伦与君初相识# 3月23日 为
  • #变成你的那一天##张新成# 作为一个称职的假粉丝,终于在开播的人第三天才看大成子的新剧[微笑]以及第一天看了第一集,竟然觉得这剧有点糟糕呀……第二天又以假粉的
  • 【蚂蚁金服全面开启农村金融战略 计划三年提供一万亿信贷资金】12月20日,蚂蚁金服宣布,未来三年将联合100家龙头企业,为大型种养殖户提供金融服务;与合作伙伴一
  • 我们现在被太多所谓的超级跑车制造商围绕,但只有少数车的设计和研发是合理的,我和帕加尼先生站在一起时,我觉得Zonda是一辆“合理”的车。另一点让我觉得不错的是进
  • 包工头听到后马上跟我道歉,哎呀大妹子,你看看这事闹的,都怪我,我真不知道你俩是两口子,你长得太年轻了,我真没想到啊,这样吧,我赔钱或者给你换牌子安装好,你决定,
  • 【商品】HOTGO热狗超长待机迷你无线蓝牙耳机 【原价】49.00元 【领券后】34元 【电脑下单】: 【手机下单】:复制这条信息¥Vz130T6yEe4¥打开