༢༠༡༧ ལོར་ཨ་ཁུ་ལགས་ཀྱི་མདུན་ནས་རྗེ་ཙོང་ཁ་པས་མཛད་པའི“རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི”འཆད་ཁྲིད་ཅིག་ཉན་སྐལ་བྱུང་། ཉིན་དེར་གསུང་པའི་གསུང་དུམ་ཞིག་ད་རུང་དྲན་ངོས་སུ་འདུག་སྟེ། “དལ་འབྱོར་དོན་ཆེ་བ་ཞེས་པས་གོ་སྐབས་ཀྱི་རིན་ཐང་དང་། འཆི་བ་མི་རྟག་པ་ཅེས་པས་དུས་ཚོད་ཀྱི་རིན་ཐང་སྟོན”ཞེས་པ་དེའོ།།[合十]
ཡབ་རྗེ་པདྨའི་ཐུགས་ཀ་གསང་བའི་རུམ།།
ཆོས་ཚུལ་དབྱིངས་ཉིད་སྤྲིན་བྲལ་བདེན་པའི་གྲོ།།
དགོས་འདོད་སྤྲང་ཕོར་སློང་བའི་འཁྱམས་པོ་ངར།།
སྐད་ཅིག་ད་ནས་སྩོལ་ཅིག་བདག་གི་མགོན།།
ཆོས་ཚུལ་དབྱིངས་ཉིད་སྤྲིན་བྲལ་བདེན་པའི་གྲོ།།
དགོས་འདོད་སྤྲང་ཕོར་སློང་བའི་འཁྱམས་པོ་ངར།།
སྐད་ཅིག་ད་ནས་སྩོལ་ཅིག་བདག་གི་མགོན།།
སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ལག་རྩལ་གཉིས་གཞི་གཅིག་ལ་འཛོམས་ན་ལྟད་མོ་འདུག སྲོལ་རྒྱུན་གྱི་ཡིད་བརྙན་མང་པོ་ཞིག་འདི་ལྟར་ཚོན་དང་རི་མོའི་ལམ་ནས་བཞེངས་འདུག [咖啡]
✋热门推荐