སྡོང་ལོ་ཐག་ཐག་ས་རུ་ལྷུང་བར་ཁ་བ་འབབ་པའི་གཡབ་མོ་འམ། །
སྨྲེང་གླུ་ལེན་གྱིན་བྱིའུ་ཆུང་རྒྱང་སྐྱོད་རླུང་དམར་ལྡང་བའི་སྔ་ལྟས་སམ། །
གང་ལྟར་ད་ནི་གནམ་གཤིས་གྱུར་འདུག་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག །
སྟོན་འབྲས་ཕོག་ཏེ་ངལ་གསོར་འཁོད་པའི་ལྗོན་ཤིང་དག་ཀྱང་ད་ནངས་ནི། །
ཁུར་ཆེན་མ་ཐེག་ཡལ་ག་ཆག་ཅིང་མགོ་བོ་ས་རུ་ཐུག་ལ་ཁད། །
ཤུལ་དུ་ལྷག་པའི་བྱ་བྱིའུ་རྣམས་ཀྱང་འབབ་སྟེགས་མི་རྙེད་གང་སར་རྒྱུ། །
ཨ་ཙི་མ་བོས་མགྲོན་དུ་ཕེབས་པའི་དགོན་ཟླ་དེ་ཡི་རྔམ་གཟེར་ལ། །
ཁང་པའི་སྦུག་ཏུ་སྐྱིད་ཉལ་བྱེད་པའི་ཁོ་བོ་ཅག་ཀྱང་གྲང་འདར་ཤོར། །
དེང་སྨྱུག།

ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང༌།
།པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང༌།།
སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས།།
སྔ་འགྱུར་རིག་འཛིན་རྣམས་ལ་གསོལ་བ་འདེབས།།

གཅེས་པའི་མི་ལ་རྩུབ་མོས་ཚིག་མ་འཆོར།།
མཐུན་པའི་གྲོགས་ལ་གཡོ་སྒྱུས་སེམས་མ་འཆང་།།
དུང་བའི་མི་ལ་རྫུན་མས་གར་མ་འཁྲབ།།
ཀུན་ལ་བརྩེ་བའི་བྱང་ཆུབ་སེམས་འདི་སྒོམ།།

✋热门推荐