࿐འཇུ་མི་ཕམ་ལས
འདི་ན་གྲུབ་མཐའི་ཚུལ་དང་ཐེག་པའི་གཞུང་།
རང་འདོད་ཕྱོགས་སུ་ལྷུང་བས་རྣམ་པར་དཀྲུགས།
ཁྱོད་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གིས།
དབང་བྱས་ཕྱོགས་མེད་གཟུ་བོའི་ལམ་ལ་རྒྱུ།

࿐ ཁྱེད་དྲན།

སྲིབ་བྲལ་དུང་ཐིག་སྙན་གྱི་གསེང་མིག་བཀང་།།
མདུང་མའི་རྒྱལ་མཚན་ལྕང་ལོ་སྨུག་པོས་ཤན།།
ཟུར་གསུམ་ཕུར་བུས་སྐུ་ཆིངས་ལྷོད་ཆ་བརྒྱངས།།
འཁོར་བའི་རྟེན་འབྲེལ་མཆིམས་ཕུའི་བྲག་ཐེབ་ཟད།།
ཀློང་ཆེན་རྡོ་རྗེའི་མེ་ཏོག་འབྱེད་པའི་ཁར།།
ལྟ་བས་ཅོག་བཞག་ཆོས་ཉིད་རྗེན་པར་གླན།།
རིག་པ་གཅེར་བུས་འོད་གསལ་ཉི་མ་ལྡེས།།
དེ་ནི་རིང་ཐུང་མཚམས་ཀྱིས་མ་ཆོད་ཀྱང་།།
སྨྲ་བརྗོད་སྐྱིལ་ཀྲུང་ཞིག་པའི་ལོགས་ན་ཡོད།།

____ ཁྲི་ལྗང་མྱུག

࿐ དེ་རིང་ནི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་གསང་ཆེན་རྙིང་མའི་བསྟན་པ་མཛེས་པའི་གདུགས་དཀར་པོ་མཚན་ནས་བརྗོད་པར་བཀའ་བ་དོན་གྱི་སླད་དུ་སྨོད་པ་༧ཀུན་མཁྱེན་ཆེན་མོ་རིག་འཛིན་འཇིགས་མེད་གླིང་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཡི་བགྲང་ཆ་༢༢༥འཁོར་བའི་རྗེས་དྲན་འདས་མཆོད་ཆེན་མོ་ཁེལ་ཡོད་པས་གདུལ་བྱ་བ་རྣམས་ཀྱིས་དད་འདུན་མོས་གུས་ཀྱི་ཀློང་ནས་གསོལ་འདེབས་དང་ཚོགས་བསག་སྒྲིབ་སྦྱང་ཀྱི་ལས་ལ་ཅི་ནུས་ཀྱི་འབད་པར་འཚལ[合十][合十][合十]
ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར༎
དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད༎
འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ༎
འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས༎
གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༎
གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ༎
སྐལ་མེད་བདག་ལ་རེ་ས་ཁྱོད་ལས་མེད།།
ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས༎


发布     👍 0 举报 写留言 🖊   
✋热门推荐
  • 又一个英雄机组!台风中倒飞直升机救船员!大片都不敢这么拍!
  • 外籍女子火车霸座 高铁三霸座再添一外援
  • 北京地铁10号线早高峰一男子躺占4个座
  • 新闻晚餐|广东一敬老院院长侵吞巨额扶贫款 敛财细节曝光
  • 一问一答丨张馨予,霍建华,刘昊然,胡先煦、李兰迪,吴秀波、许晴,郑元畅
  • 深圳将成为直辖市?深圳市政府辟谣!
  • 多地传出楼市转冷降价消息,深圳楼市迎促销旺季?
  • 梅西投票C罗~ 爱情都是盲目的
  • EZ重做升级,或为完全重做!W技能可发射激光并标记印记。
  • 陈意涵挺孕肚跑步 37分钟跑5.5公里
  • 印度24小时变脸惹恼巴基斯坦 巴呼吁印停止傲慢|巴基斯坦|印度|伊姆兰_新浪新闻
  • 取消商品房预售制?开发商们要慌了
  • 支付宝给“金融人士”打理,悲剧了……
  • 商品信息被全部清空!无印良品拒绝工商抽检
  • 8点1氪:京东股价收盘大跌 10.6%;滴滴投入 1.4 亿加强安全客服团队建设;6.5 寸 iPhone XS 曝光
  • 遭父亲虐待绑阳台 3岁男童饿到皮包骨抓排泄物吃
  • 华夏银行募资300亿补血 定增价格与股价倒挂严重
  • 美国最狠报复!伊朗大阅兵遭袭,数人死亡!
  • 五仁月饼翻身!一举跻身月饼界最受欢迎的三大口味之一
  • 王思聪穿大裤衩到朋友公司,却被保安拦住,保安:你是谁的司机?