རྒྱལ་པོ་མྱ་ངན་མེད་ཀྱི་བྱུང་བ་བརྗོད་པའི་སྐབས་སུ་གྷི་རིག་གི་དཔའ་བོ་“ཨེ་ལག་ཟན་ཊར་”དང་ཆོས་འབྲེལ་གྱི་ཐོག་ནས་ཕོ་ཉ་མངགས་ནས་འབྲེལ་བ་བཙུགས་ཡོད་སྐད།ཝིན་ཁྲིན་ཀོང་ཇོ་རྒྱ་ནག་ནས་བོད་དུ་བཙུན་མོ་བརྫངས་པའི་སྐབས་སུ་བོད་པ་དག་གིས་“ཆོས་འབྲེལ་དང་འབྲེལ་མེད་དོན་གཞན་ཡིན་གསུངས་ནས།” “བཙུན་མོ་རྫོངས་པ་ནི་ཆབ་སྲིད་ཀྱི་དགོས་པ་ཁོ་ནའོ”ཞེས་མཁས་པ་གཅིག་གི་ཞལ་རྒྱུན་དང་བསྒྲགས་ནས་མཐའ་ཚིག་བཙན་པོས་བགག་གིན་ཡོད་མོད། རེད་དེ་དེ་ནི་མ་ཡིན་པ་འདི་ནས་རྟོགས་སོ།། རྒྱ་ནག་ལ་མ་རངས་པ་སྟོན་ན་ཡང་། དོན་དངོས་ལ་བཅོས་བསྒྱུར་མཁན་པོར་བདུད་ཨ་བ་གླང་མགོ་ལས་ལྷག་པར་ཅི་འདྲའི་བཙན་པོ་བྱུང་ན་ཡང་བཟློག་པའི་སྐལ་བ་མ་མཆིས། གཞན་དུ་ན་“ཨི་ལག་ཟན་ཊར་”ལྟར་གྷི་རིག་རིག་གནས་དར་རྒྱས་སུ་བཏང་ནས་རྒྱ་གར་ཆུ་བོ་སིན་དྷུའི་ངོགས་སུ་རྒྱ་གར་གྱི་རྒྱལ་པོ་“ཕུ་རུ་སིའི་”དཔུང་ལ་འཐབས་ཏེ། རྒྱ་གར་གྱི་དཔུང་ཆམ་ལ་ཕབ། རིག་གནས་ཀྱི་འབྲེལ་གནས་བཙུགས། མངའ་ཐང་སྟོབས་འབྱོར་བླ་མེད་རྒྱས་པར་མཛད་ཅིང་། ཨེ་ལག་ཟན་ཊར་གྱི་བཙན་རྒྱལ་རྒྱལ་ཁབ་ནས་དེང་གི་ཕ་ཁི་སི་ཐན། ཨ་ཧྥུ་གྷ་ནི་སི་ཐན།  ཐ་ཅིག་སི་ཐན།  ཨུར་ཟག་སི་ཐན།  ཏུར་མན་སི་ཐན།   དབྱིས་རན།  ཨི་རག།  ཨེ་ཅིབ།  སི་རི་ཡ།  ཕ་ལི་སི་ཐན།  ཨི་ཟི་རལ།  ཐུར་ཁེ། པོར་ཅ་ལིས་ཡ། གྷི་རི་སི་སོགས་བཙན་རྒྱལ་དེའི་མངའ་ཁོངས་སུ་བཅུག ། རེད་དེ་གཞུག་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་ཆོས་འབྲེལ་བཙུགས་འདུག་མོད། ང་ཚོའི་མེས་པོ་ཚོས་གསུངས་རྒྱུན་དུ་བཙན་པོ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ན། ཆོས་འབྲེལ་གྱི་ཐོག་ནས་འབྲེལ་བ་བཙུགས་མི་ཆོག་པའི་དགོས་པ་གང་ན་འདུག ལྷག་དོན་ཐང་རྒྱལ་རབས་དང་གུབྟའི་རྒྱལ་རབས་སྐབས་སུ་ལྟོས་བཅས་སུ་ནང་བསྟན་སངས་རྒྱས་ཆོས་ལུགས་ཆེས་ཆེར་རྒྱས་པའི་སྐབས་མ་ཡིན་གྲང་། ཆབ་སྲིད་ཀྱི་དགོས་པ་ཁོ་ནའོ་གསུངས་པ་ནི་ཡང་དག་པའི་བཞེད་ཕྱོགས་མ་ཡིན་པ་སེམས་སོ།།

སྐྱེ་འཆི།

མཁན་ཆེན་བསོད་དར་རྒྱས། ‍‍     

ཚེ་སྲོག་ཅེས་པ་ནི། རོལ་མོ་མཁན་གྱི་རོལ་མོའི་བརྩམས་ཆོས་སུ། རྒྱང་རིང་གི་ཐོག་ཁང་ནས་གྲགས་འོང་བའི་གླིང་བུའི་སྒྲ་གཉོམ་ལ་རིང་བ་དེ་ཡིན་ཞིང་། རྩོམ་རིག་མཁན་གྱི་སྙུག་འོག་ཏུ། མྱ་ངམ་ཐང་ནས་བཞུར་འོང་བའི་དྭངས་བསིལ་གྱི་ཆུ་ཕྲན་དེ་ཡིན། སྤྱི་ཚོགས་རིག་པ་བའི་མིག་ནང་དུ། བར་མེད་དུ་རྒྱུག་བཞིན་པའི་འདོད་སྲེད་ཀྱི་མེ་འཁོར་ཞིག་ཡིན། ཚེ་སྲོག་ཅེས་པ་ནི་སྙན་ངག་གི་ཉམས་ཀྱིས་ཕྱུར་བུར་གཏམས་ཡོད་ཅིང་རི་མོའི་མཚར་སྡུག་གིས་ལྷུག་གེར་གང་ཡོད། ཟབ་དྲགས་ཏེ་གཏིང་མི་དཔོག་པ་ཞིག་ཀྱང་རེད། ས་ལྒང་གི་འཁོར་འགྲོས་དང་བསྟུན་ནས། འགྲོ་བ་མིའི་རིགས་ཀྱིས་ཕྱི་དངོས་པོའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པར་བྱས། ཡིན་ཡང་། ཚེ་སྲོག་གི་ཤེས་བྱ་ནི་གནའ་བོའི་ཨེ་ཅེབ་རིག་གནས་ཀྱིས་ཤུལ་དུ་བཞག་པའི་གསང་བ་རིང་མོ་དང་འདྲ་བར་ནུབ་ཕྱོགས་པ་ལ་བགྲོད་པར་དཀའ་བའི་ས་དོང་ཆེན་མོ་ཞིག་ཏུ་གྱུར།

ཇི་སྲིད་རབ་འབྱམས་པ་ཨེ་ཝེན་སི་ཡིས། སྐྱེ་འཆིའི་གསང་བ་ཐོགས་པ་མེད་པར་བཀྲོལ་བའི་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་བར་དོ་ཐོས་གྲོལ་ཆེན་མོ་བྱ་བ་དབྱིན་ཡིག་ཏུ་བསྒྱུར་ཏེ་པར་བ་ནས་བཟུང་། ནུབ་ཕྱོགས་སུ་འགྲོ་བ་མིའི་རིགས་ཀྱི་རྣམ་ཤེས་རིག་པའི་སྐོར་གྱི་སྟོང་ཆ་གསོ་བར་བྱས། དེབ་དེ་ལ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་དོ་སྣང་ཆེན་མོ་བྱུང་ཞིང་སྐད་ཡིག་དུ་མར་བསྒྱུར། ཤེག་སི་པེར་གྱི་སྙུག་འོག་གི་ཧམ་ལེ་བྲིའི་ཟློས་གར་བྱ་བ་ལས། རྟག་ཏུ་སྐྱེ་བ་དང་འཆི་བ་ལ་བསམ་གཞིག་བྱས་ཀྱང་མཐར་སྐྱོ་གར་གྱིས་མཇུག་རྫོགས་པའི་རྒྱལ་སྲས་དེ་དང་མི་འདྲ་བར། མི་རྣམས་ཀྱིས་སྐྱེ་བ་དང་འཆི་བའི་གནད་དོན་སྐོར་ལ་ད་གདོད་གཟབ་ནན་གྱིས་བསམ་བློ་གཏོང་མགོ་ཚུགས། དེང་རབས་ཀྱི་མི་རྣམས་ཀྱིས་ཇི་ལྟར་འཆི་བ་ལ་གདོང་ལེན་བྱེད་དགོས་ཚུལ་བརྗོད་སྙིང་ཏུ་བཟུང་ནས་ཚེ་མཐར་བྱམས་སྐྱོང་བྱེད་སའི་སྡེ་ཁག་སྤང་ལ་ཤྭ་མོ་བརྡོལ་བ་ལྟ་བུར་མང་པོ་བཙུགས། 

  དེ་དག་ལས་ནམ་དྷ་སི་ཡིས་བཙུགས་པའི་ཚེ་མཐའི་བྱམས་སྐྱོང་སྡེ་ཁག་དེས་ངན་སྐྲན་དང་ཨེ་ཛིའི་ནད་རྙིང་ཕོག་པའི་ནད་པ་རྣམས་ལ་ཞབས་ཞུ་གཙོ་བོར་བསྒྲུབས་པ་རེད། ཁོ་ཚོས་ནད་པ་ཕ་མ་ལྟ་བུར་བརྩི་ཞིང་། ནད་པ་ལ་ནད་ཁམས་འདྲི། སྡུག་བསྔལ་ལ་བདག་གཞན་བརྗེས་ནས་རེ་ཆད་ཀྱི་གཡང་ལས་རེ་བ་འཚོལ་བའི་རོགས་རམ་མཛད།     ཁོ་དངོས་སུ་ཨ་རིའི་གྲོང་ཁྱེར་སིན་ཧྥི་རན་སི་ཁོར་འཆི་ལ་ཉེ་བའི་བྷི་རོ་སིར། ཁོས་བར་དོ་ཐོས་གྲོལ་ལས་བསླབས་པའི་གདམས་ངག་སྟེ། སྡུག་བསྔལ་ལ་མི་འཇིགས་ཤིང་སྡིག་པ་ལ་བག་མི་ཚ་བར་རང་སེམས་ལྷོད་དུ་ཕབ་ནས་སེམས་ཀྱི་རང་བཞིན་འོད་གསལ་བའི་རང་ངོ་ཤེས་དགོས་ཞེས་པ་སློབ་ཏུ་སོང་། ནམ་དྷ་སི་ཡི་བསླབ་སྟོན་གྱིས་སྡུག་བསྔལ་གྱིས་བག་འཁུམ་པོར་སོང་བའི་བྷི་རོ་སིའི་ངོ་གདོང་ག་ལེར་རང་སོར་ཆུད་ཅིང་ལྷིང་འཇགས་ཀྱི་ངང་ནས་ཞི་བར་ཚེ་འཕོས། 

   ནུབ་ཕྱོགས་པའི་མི་རྣམས་ཧང་སང་དུ་འཇུག་པ་ཞིག་ནི། བོད་མི་རྒས་པ་ཕལ་མོ་ཆེ་ཆུང་དུས་ནས་ཇི་ལྟར་འཆི་བ་ལ་གདོང་ལེན་དགོས་པར་སྦྱོང་བརྡར་ལེགས་པོ་ཐོབ་ཡོད་པས་ཚེ་མཐའི་བྱམས་སྐྱོང་སྐོར་གྱི་ཆེད་མཁས་པར་གྱུར་ཡོད་པ་རེད། ཆོས་པ་མང་པོས་དམ་པ་གོང་མའི་གདམས་ངག་མང་པོ་ཐུགས་ཉམས་སུ་བཞེས་ཤིང་། འཆི་བ་ནི་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཤུལ་དུ་བསྐྱུར་ནས་ཐར་པའི་སྐམ་ས་ཆེན་མོར་བགྲོད་པའི་གོ་སྐབས་ཤིག་ཏུ་རྩི། མི་ཕལ་བ་རྣམས་ཀྱིས་ཀྱང་འཆི་བ་ནི་ཚེ་སྲོག་གི་གནས་ཁང་བརྗེ་བ་ཙམ་ལ་ལྟ་བས། ནུབ་ཕྱོགས་པའི་མི་རྣམས་འཆི་ལ་ཐུག་དུས་ཅི་བྱ་གཏོལ་མེད་དུ་འགྱུར་ཞིང་སྨན་པ་གཅིག་པུ་ལ་ར་མདའ་སྦྲན་ནུས་པ་ཙམ་ལ་བསྡུར་ན་དེ་ནི་བསོད་ནམས་ཤིག་ཅི་ལ་མིན། 

   སློབ་དཔོན་པདྨ་འབྱུང་གནས་ཀྱིས། ངེད་བོད་གངས་ཅན་ལྗོངས་ཀྱི་སྐྱེ་བོ་རྣམས་ལ་སྐྱེ་འཆིའི་གསང་བ་ཐོགས་པ་མེད་པར་བརྟོལ་བའི་བསམ་བློའི་གཏེར་ཆེན་མོ་འདི་གནང་བ་ལ་ཐུགས་རྗེ་ཆེ་ཞུའོ། །

འགྲུལ་བཞུད་ཀྱི་རྐང་རྗེ་ལས་ཚན་བཤུས།#索达吉堪布[超话]##gebaxiT[超话]#

རྫོང་སྐུ་འབུམ་ནི་ལྷོ་ཁ་གྲྭ་ནང་རྫོང་སྔགས་གྲྭ་ཡུལ་ནས་ཡར་གྱེན་ལ་རྐང་ཐང་དུ་ཆུ་ཚོད་གཅིག་ཙམ་སོང་བ་ན་དེང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༦༨ ༠ 4680ཙམ་ན་ཆགས་འདུག  གནས་འདི་ནི་གུ་རུ་པདྨ་སཾ་བྷ་ཝས་གནས་སྒོ་ཕྱེ་བའི་གསང་བའི་ཕུག་པ་ཡིན་འདུག  ཕུག་པའི་ཞལ་ལྷོ་ནུབ་ལ་ཕྱོགས་ནས་སེང་གེ་འགྱིང་བ་ལྟར་གནས། དཔང་མཐོ་བས་བྱམས་པ་བཞེངས་པ་ལྟ་བུ་དང་། རྒྱ་ཆེ་བས་གུ་རུ་མཚན་བརྒྱད་ཀྱི་མཛད་འཕྲིན་རྒྱས་པ་ལྟ་བུ། གནས་ཆེན་འདི་ནི་གསང་བདག་ཕྱག་ན་རྡོ་རྗེའི་བླ་རི། སློབ་དཔོན་ཆེན་པོ་ལོ་གསུམ་ལ་སྒྲུབ་པ་མཛད་པའི་གནས། ངོ་མཚར་བརྗོད་ལས་འདས་པ།ཨོ་རྒྱན་ཆེན་པོ་གཡག་ལ་ཆིབས་སྟེ་གནས་སྒོ་ཕྱེ་བར་གྲགས་པའི་གཡག་གི་ཞབས་རྗེས། བྲག་ཕུག་འདིའི་ནང་སློབ་དཔོན་པདྨའི་སྒྲུབ་ཕུག་བྱིན་བརླབས་ཀྱི་ཚན་ཁ་འབར་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཤུལ་དང་རང་བྱོན་བསམ་ལས་འདས། ནང་དུ་སྐུ་འབུམ་རང་བྱོན་བཞུགས། གུ་རུས་གནས་སྒོ་ཕྱེ་དུས་དུག་སྦྲུལ་ཚར་གཅད་པའི་རང་བྱོན། ཨོཾ་ཨཱ་ཧཱུྃ་རང་བྱོན། མེ་ཏོག་པདྨ་ཁ་ཕྱེ་བའི་རང་བྱོན། དུང་དཀར་རང་བྱོན། མུ་ཏིག་དྲ་བའི་རང་བྱོན། མར་མེ་རང་བྱོན། སློབ་དཔོན་ཆེན་པོས་སྲིན་པོ་ཕོ་མོ་དམ་ལ་བཏགས་ནས་གནག་ལྕགས་ཕུར་པ་བསྐྱོན་པའི་རང་བྱོན་སོགས་བསམ་ལས་འདས།ཁྱད་པར་བྲག་ཕུག་གི་སྦུག་ཏུ་དཔལ་ལྡན་ལྷ་མོ་དང་རྣམ་སྲས་ཀྱི་བླ་མཚོ་ཡོད་པའི་རྩ་བ་ཡར་ཀླུང་གཙང་པོ་དང་འབྲེལ་བས་གཙང་པོ་རྦ་རླབས་དུས་ཀྱི་བེ་མ་དངོས་སུ་མཇལ་རྒྱ་ཡོད་སོགས་སོ།།ལྷག་པར་དུ་ཕུག་པའི་སྦུག་ཏུ་སློབ་དཔོན་ཆེན་པོ་ལོ་གསུམ་ཟླ་གསུམ་ཞག་གསུམ་སྐུ་མཚམས་ལ་བཞུགས་སའི་གཟིམས་ཕུག་དབྱིབས་གུར་ཕུབ་པ་ལྟ་བུའི་ནང་མཐོང་ཡངས་སུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་བཞུགས་པ། གུ་རུ་རིན་པོ་ཆེ་སྒྲུབ་པ་ལ་བཞུགས་པས་སྐུ་ལུས་བྲག་ལ་ཐིམ་པའི་རང་བྱོན་སོགས་རང་བྱོན་དཔག་ཏུ་མེད་པ་ངོ་མཚར་བསམ་ཡུལ་ལས་འདས་པ་བཞུགས། ནང་དུ་ངོ་མཚར་གྱི་རང་བྱོན་གྲང་ལས་འདས་ཅིང་རྩ་ཆེའི་གཟིམས་ཕུག་ཤིན་ཏུ་མང་བ། ཕྱི་ལ་རི་བོ་ལྷུན་གྲུབ་རྩེ་དང་པདྨ་རྩེ་ལ་སོགས་སྔོ་ལྗངས་ནགས་ཀྱིས་ཡོངས་སུ་ཁེངས་པ། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་ཅི་དགར་རོལ་བ། བྱ་བྱིའུ་སྣ་ཚོགས་ཀྱིས་སྙན་པའི་མགྲིན་དབྱངས་ལྷང་ལྷང་དུ་སྒྲོག་པ།བྲག་ཕུག་གི་ནང་ནས་དྭངས་གཙང་གི་བདུད་རྩིའི་ཆུ་རྒྱུན་ལྷུང་ལྷུང་དུ་བབས་པ་སོགས་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ཅིང་བྱིན་བརླབས་ཀྱི་གཟི་འོད་ལྷམ་མེར་འཕྲོ་བའི་གནས་མཆོག་ཁྱད་པར་ཅན་ཞིག་གོ།


发布     👍 0 举报 写留言 🖊   
✋热门推荐
  • 我家王凯#王凯# 休整后复工第一天就帅得不要不要的,偶尔呆萌得我三魂不见七魄...本来想说他复工之日是抽奖之时...然而没用的小姐姐被我凯要养我的表白刺激断片了
  • 【 FabulousTime 新品】268(S925银镀金)又是一款我们根据蝴蝶延伸的独立设计款,之前有说过想做紫水晶的款式,确实因为他会带有一点神秘感觉在里面
  • 有目标的人,在感恩;没目标的人,在报怨,因为觉得大家都亏欠了自己。有目标的人,内心安宁;没目标的人,内心茫然,因为在大海里航行中没有指南针。
  • 没拆封的防晒霜当垃圾扔了,还以为是空盒子,还好有个机灵的婆婆给我捡回来了[笑cry][笑cry]儿子太搞笑了,跟我说做了一件好事,他承包了语文老师一个月的早餐,
  • 希望每个人都能在任何任何一个年纪任何一种失意的遭遇下都能拥有重新出发的勇敢和底气,以及对生活的不屈和热爱#和你在一起##情感语录# 1.我后来想了想,我不耽误你
  • 闺蜜私房情缘加盟代理营销分享:No:0137疫情时代,加速互联网普及,让销售易者更易,难者更难。我们衷心地希望到场嘉宾和企业主,可以通过我们的沙龙分享能对全网营
  • 阆中市公安局交通警察大队 2017年9月18日 #南充身边事# [阆中6条街道下月10实行单向通行  乱开车将记3分罚款100元]为提升古城区街道车辆通行能
  • 周二新品:#复古穿搭##夏日穿搭##ootd# 12、Ulla Johnson Malie 复古典雅油画印花收腰连衣裙: 画报款,高级感的油画风印花,风格独树一
  • 床上一直躺到半下午,三点决定起来去新开的丽泽天地逛逛,实在没什么喜欢的品牌,都是很大众化的,跟附近其他商场没差。我觉得还没有丽泽天街有的逛,整个环境也不舒服,门
  • 面对了,是心的强大;放下了,是心的豁达;自在了,是心的家园。面对了,是心的强大;放下了,是 心的豁达;自在了,是心的家园。
  • 老爸老妈还是很帅很美的,但是显然我没有遗传到老妈的大眼睛,老弟遗传了大眼睛无奈把自己吃的太胖已然看不出来眼睛大了[笑cry][笑cry][笑cry],而我也在变
  • 陪伴很温暖,它意味着在这个世界上有人愿意把最美好的东西给你,那就是时间。”生活也会越来越有奔头,自己付出辛勤劳动,同时也为他人带来生活上的便利,问心无愧,身正心
  • 之后接连遇到十个女生 都无法再进一步 再看到前妻找到一个爱她的男人 心酸酸的结局是和同学重遇 听说爱情又来了⋯klhg09 恋爱心理提醒:听说爱情有四个阶段,
  • #陈晓东# 变空中飞人宣传新歌 MV中的女主角变成太太#时间做证# 陈晓东最近可谓是忙的不亦乐乎,频做“空中飞人”来往于上海和香港。近日,陈晓东抵港参加完新歌
  • 好在这几天把我想做的事情都做了,好久没有爬过山了耶,上山的途中看见了一对叔叔阿姨在干饭,怎么说呢,就是突然想结婚生孩子过退休生活了[悲伤]去了一直想去的寺庙,看
  • 无比感谢公司,让我有稳定体面的工作和收入,不是靠这个店吃饭,感觉有的人一听说你开店,就像你要从他口袋里掏钱似的[晕][晕]“我是1978年的,那年我30岁,抱定
  • 女孩子一定要买正确的内衣size呀[允悲]出于某些智障的原因,我一直穿比自己cup小一号的bra…最近终于决心改掉这个不好的毛病,买了34E的bra(之前一直买
  • 4.26 在诊室门口 看到一个和我差不多大的女孩一直在擦眼泪 不知道她后来怎么样了4.27 这几日来来回回 坐火车就像坐公交一样频繁 已经记不清这是这个月第几次
  • ” 没曾想马斯克在下面用中文怼他:“手整体插在口袋里的人过分自信。” 没曾想马斯克在下面用中文怼他:“手整体插在口袋里的人过分自信。
  • #ps5# 写一些话,之前在PS5上打完美末1后难捱激动迅速启程美末2,因为一些众所周知的游戏原因加上工作等因素,进度迟迟搁浅在艾比剧情线的西雅图第二天,终于