རང་རེ་རྣམས་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བ་མཚུངས་མེད་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་སྐྱབས་རྗེ་བླ་མ་མཆོག་སྤྲུལ་འབྲུག་གྲགས་རྒྱ་མཚོ་མཆོག་གིས་སྙིང་ཐིག་ཡ་བཞི་དང་གསང་སྙིང་ཕྱོགས་བཅུའི་མུན་སེལ་མདོ་ཚོགས་ཆེན་འདུས་པ་སོགས་ཀྱི་དབང་དང་ཁྲིད་ལུང་དག་རང་ཅག་སྐལ་ལྡན་རྣམས་ལ་རྒྱ་ཆེར་བསྩལ་ཟིན་པ་ཡིན་པ་དང་། ད་ཐེངས་ཟླ་བ་ལྔ་པའི་ཚེས་སུམ་ཅུའི་ཉིན་ལ་རེ་ཞིག་རྟགས་མཚན་དགེ་བའི་མཚན་མ་དང་བཅས་ཏེ་ཆོས་མཚམས་འཇོག་པ་དང་། སླད་མར་ཡང་ཐེག་ཆེན་གྱི་ཆོས་ལ་མོས་པ་ཡངས་ཤིང་ཚེ་ལུས་གཅིག་གིས་གདོད་མའི་རྒྱལ་སར་མངའ་མཉེས་པར་འདོད་པ་དག་ལ་ཟབ་ཆོས་མངར་མོའི་བདུད་རྩི་བསྩལ་བར་འགྱུར་རོ།།[心][心][心][鲜花][鲜花][鲜花]

ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

࿐ཀྲུང་གོའི་བྱང་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ཁུལ་བཅོ་ལྔའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕུལ་བྱུང་དཔེ་དེབ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་འཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་ཤིང་ཨ་སྨྱོན་བཀྲ་ཤིས་དོན་འགྲུབ་ཀྱིས་རྩོམ་སྒྲིག་གནང་བའི་དཔེ་དེབ།༼དེང་རབས་ཚིག་མཛོད་རིག་པའི་རྣམ་གཞག་གནད་བསྡུས༽ ཞེས་པར་བྱ་དགའ་གནང་འདུག། རྩོམ་པ་པོ་དང་རྩོམ་སྒྲིག་པ་གཉིས་ལ་རྟེན་འབྲེལ་ཞུ།


发布     👍 0 举报 写留言 🖊   
✋热门推荐
  • 然后我就蹦跶着回来啦[嘻嘻][嘻嘻][嘻嘻]小飞侠怎么可以没有红色呢[抱一抱][抱一抱](也不知道咋回事,拍出来有白色光,但是直接看真的很红,红海的那种红[打c
  • 无独有偶,今天一段 “孩童在上海大宁郁金香公园落水”的视频也在网上流传。其实剧组发展是非常有上升空间的也是发展比较广泛的,我总结了以下几点,一起来了解一下吧!
  • 1个心情记录:·睡不着的时候会思考很多问题 有时候总觉得明明之中自有安排·去年住院和暑假的日记回头看感觉好有意思 其实那个时候就是想碎碎念 不经意间记录了好多美
  • 然而,那些体验却对他的生活产生了重要影响,尤其是他对死亡以及死亡与生命关系的想法改变了。4现在还不清楚为什么经历濒死体验后,人的思想会产生如此大的转变,但它起到
  • 最近好像真的有被感受到爱 真的好幸福 王大树突然跟我表白让我真的好惊讶啊 他真的是一个超级超级超级好的男孩子了 但我其实觉得自己好像配不上他的喜欢…因为真的是一
  • 我帮助了的可以看到回报可以有成就感就很好啊我做了我开心我不会后悔那如果做了跟没做一样,对结果没有改变。我也想做这样的人,我也尝试过,但我做不到,因为真心没有换来
  • #阅读# [爱你] #电子书# 《我和你的笑忘书》:#每日一善[超话]#[心]#阳光信用# [心]#每日一善# 【互动指路,不吞必hui】无论人生经历了什么都要
  • (图文出自龙岩学院学生全媒体中心播音部)#王源[超话]##chopard萧邦品牌大使王源##王源牛转乾坤贺春晚##王源2021尽如所期##环球人物专栏王源说#
  • 命中,在感情上是有不利的,适合晚婚,比较渴望完美一点的感情,喜欢热情外向大方也讲理的女生。明后年是有感情信息的,只是也是不如意,难完美,越是在意,感情越是苦恼。
  • 同时,为保护未成年人的隐私和身心健康,请不要传播该类视频,避免给当事人和当事人家庭造成二次伤害。    保护未成年人身心健康,是社会、学校和家庭共同的责任。
  • ”“我啊,我喜欢我没有的东西,而你是那么的遥远。”“你何不忘记他,也许我从未对你说过很多话,但我绝不会不告而别,绝不会枉顾你的心意,绝不会假装看不到你难过,绝不
  • 记一次让人炸掉的实验报告[微笑]要插入的图片乱七八糟的,插入时要改半天格式,最后还要结构设计草图还没画,还有设计思路,当时就只想做一个普普通通的盒子,没啥思路,
  • 而一些之前跟政治绝缘或者立场中立、甚至偏蓝的网红突然转向,转发这些信息,内容无外乎是攻击韩国瑜,或者把民进党做错的事情洗白。【造谣抹黑无底线 蔡当局养了这样一群
  •     黄金走势分析:    日内黄金如预期震荡回修,虽盘中也有一次回弹过程,但仅仅测压至1742附近后又再度走弱,目前黄金欲向着1730附近运行,日内黄金的运
  • #店宝宝创新进步的信号# 店宝宝是由上海店宝宝电子商务有限公司自主研发的一款购物APP,在这一个平台当中,你不仅是一个消费者,也可以成为一名店家,这货源都是由平
  • 忍忍吧,快要过去了……有一颗只想好好生活的心态,人生短暂,想要活成自己想要的生活就是要不断的定个小目标,目标太大真的很难,不辜负身边的所有美好就是随时的小确幸,
  • 见富贵而生谄容者,最可耻;遇贫穷而作骄态者,贱莫甚。毋恃势力而凌逼孤寡,勿贪口腹而恣杀生禽。
  • 人总要咽下一些委屈,然后一字不提的擦干眼泪往前走,没有人能像白纸一样没有故事,成长的代价就是失去原来的样子;其实,早晚有一天你会明白,人除了生死其余的只是擦伤罢
  • #迪丽热巴乔晶晶# ✨#迪丽热巴李长歌# ✨#迪丽热巴吃个彩虹# ✨#迪丽热巴长歌行# ✨#迪丽热巴代言和平精英# ✨#迪丽热巴纪云禾# ✨#迪丽热巴你是我的荣
  •   综上所述,一般来说,当小三的女人都是没有什么旺夫命的,因为这种女人本身就是属于祸害他人的家庭的,而且同时也不顾自己的家庭,这样的人,对他人的害处是很大的,旺