སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།། སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།། རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།། 

ལུང་ཤར་རྡོ་རྗེ་ཚེ་རྒྱལ།
སྤྱི་ལོ་༡༨༨༡ལོར་འཁྲུངས། སྤྱི་ལོ་༡༩༤༠འདས།

ཕོ་བྲང་དམར་པོའི་གཟི་དཔལ་མཇལ་བའི་སྙན་དབྱངས་པདྨ་དཀར་པོ།

སྨུག་ཞགས།

རིན་ཆེན་ནོར་བུའི་བང་མཛོད་པོ་ཏ་ལར། །
སྔོན་དུས་ཆོས་རྒྱལ་ལོ་པཎ་དེ་དག་གིས། །
ཐབས་མཁས་སྤྱོད་པ་རྒྱ་མཚོའི་མཐུ་གྲུབ་སྟེ། །
ཤེས་རིག་ཆོས་ཀྱི་རྔ་བོ་བརྡུངས་ཡོད་སྐད། །

ཐུགས་རྗེ་བརྩེ་བས་སྤྱན་རས་འཕགས་མཆོག་གིས། །
ཞིང་འདིར་བཀོད་ལེགས་ཕུན་ཚོགས་བྱས་པ་ལ། །
ལྷ་ཡི་བུ་དང་བུ་མོ་ཐམས་ཅད་ཀྱང་། །
དགྱེས་འཛུམ་ཟླ་བ་དཀར་པོ་འདི་རུ་ཤར། །

སྲིད་འདིར་བསོད་ནམས་དཔལ་གྱིས་ཉེར་ཕྱུག་ཅིང་། །
རབ་མཛེས་ལྟ་ན་སྡུག་པའི་གནས་མཆོག་ཅེས། །
གྲགས་སྙན་བ་དན་དཀར་པོ་མཐའ་དབུས་ཀུན། །
ཁྱབ་པའི་དབྱར་སྐྱེས་རྔའི་སྒྲ་ངལ་མེད་གྱུར། །

སྤྲུལ་པའི་གནས་མཆོག་རི་བོ་གྲུ་འཛིན་ཞེས། །
རབ་དམར་མདངས་ལྡན་བརྒྱ་ཕྲག་དུ་མའི་ཕྲེང་། །
ཚར་དུ་བསྟར་འདྲ་མཛེས་ཀུན་སྤུངས་པའི་མཁར། །
སྙན་པའི་དྲི་བཞོན་ཐང་དཀར་མཁའ་རུ་བསྐྱོད། །

ས་གཞི་པད་དཀར་ལྟེ་བ་རབ་ཏུ་བརྗིད། །
མ་བཟོས་བཀོད་ལེགས་རི་མོ་མཛེས་ཤིང་སྡུག །
མཐོང་བས་ངོམས་མེད་དགའ་བདེའི་དཔལ་ལ་འབྱོར། །
སྲིད་གསུམ་མཛེས་སྡུག་གཅིག་ཏུ་སྤུངས་པའི་གནས། །

མ་བཏབ་མེ་ཏོག་ཚོམ་བུ་རྣམ་པར་མཛེས། །
མ་བསྐུལ་རྐང་དྲུག་བུང་བ་གཤོག་རྩལ་ཅན། །
མ་བོས་གེ་སར་རྩི་མངར་འཐུངས་ཤིང་གཡོ། །
མ་བསྒྱུར་སྔོ་སངས་དཔྱིད་ཀྱི་དཔལ་འདིར་མཛེས། །

མ་བྱས་ལྷ་ཡུལ་ལྟ་བུའི་ངོ་མཚར་ཅན། །
མ་བྲིས་མཛེས་པའི་རི་མོ་གང་སར་བཀྲ། །
མ་ཕུབ་འཇའ་ཡི་འོད་བཞིན་བཀྲག་མདངས་རྒྱས། །
མ་འཕྲོག་ཀུན་གྱི་དཔལ་སྤུངས་པོ་ཏ་ལ། །

སྐལ་གསུམ་འཆི་མེད་གནས་ཀྱི་མཚར་སྡུག་ཀུན། །
རབ་ཏུ་བརྐུས་པའི་རང་མཚང་དྲན་པའི་ཚེར། །
ཡུལ་འདིའི་སྔོ་སངས་ནོ་འཛིན་དཔལ་མོ་ཡང་། །
ཕ་རོལ་གནས་མལ་བཙལ་དུ་བྲོས་པར་དོགས། །

ཨུཏྤ་ལ་དང་ཀུ་མུ་པད་མ་དཀར། །
མ་ལ་ཡ་དང་གངས་དཀར་ཏི་སེ་སོགས། །
འཇིག་རྟེན་ཁམས་འདིར་མཛེས་པའི་མེ་ཏོག་དང་། །
བརྗིད་ལྡན་རི་བོ་ཀུན་ཀྱང་ཁྱེད་ལ་མཆོད། །
2023-6-3ཉིན་སྨུག་ཞགས་སུ་འབོད་པས་དབུས་ལྷ་ལྡན་ནས་ཤར་མར་བྲིས།

གཞུང་ལུགས་གཏེར་རྒྱ་བརྡོལ་བ་ལེགས་ཚོགས་བཤེས་གཉེན་ཉི་མ་ལས།།
བྱང་སེམས་འོད་མདངས་རབ་རྒྱས་ཐུགས་ཀྱི་བརྩེ་བས་ལེགས་སྐྱོངས་ངང་།།
བདག་ཡིད་དུག་གསུམ་རྩ་བ་དགེ་ལས་ཡོངས་བསྒྱུར་སྐུ་དྲིན་གྱིས།།
ལེགས་བྱས་ལྡིང་ཁང་སྙན་ཚིག་རྒྱ་ཕིབས་སྒྲོན་པར་འགལ་བ་ཅི།།[鲜花][鲜花] https://t.cn/Aip4ibeJ


发布     👍 0 举报 写留言 🖊   
✋热门推荐
  • 若是美好,叫做精彩。[奥特曼][音乐][圣诞老人]又搞完两项大工程哈哈哈 自己安装了椅子和衣服收纳 明天下班回来安桌子 现在就差清理空调窗户 换窗帘钩 铺地毯和
  • #1128天花式表白我善良可爱的弟弟易烊千玺# 弟弟早上好~跟你分享雨后的花和青桔呀[嘻嘻]天晴了,感觉今年七月中旬以来见过太阳的次数两只手指头都能数的过来[笑
  • #星汉灿烂 月升沧海# 【我叹 人生苦短 荒唐事不休 我盼孤身纵马 笛声漫天 四海任我游】仅在了解剧情时听到这首歌就有点难过 这就是程少商那个向往自由 爱恨分明
  • 过桥类:银行、AMC、信托、担保公司,融资租赁,要求:交易结构清晰,有批复,有底层资产,有明确还款来源,企业基本面无过多经济纠纷,资料齐全,能把控账户,最快两天
  • 这几天我的票一直懒洋洋的,我都快把模型的事忘了,七八月份的时候至少模型还能动一动,9月这几天真的是……死鱼一般。昨天还在抱怨自己撩妹失败,今天就来了,不过人家段
  • 【55岁领科教育总裁、世联行联合创始人梁兴安不幸坠崖身亡[蜡烛]】领科教育集团总裁、领科教育集团上海校区校长梁兴安,于5月3日在赴四川省凉山州考察支教项目过程中
  • 5、你不是这个世界的中心,你对于别人来说不重要,别人没有那么多眼光放在你身上,都是你自己的想象。11、过去不真的属于你,未来也不真的属于你,每个人真正拥有的,只
  • 来领抖音推荐 《医妃倾城》楚灵萧景云 《陆少的娇妻人格有点多》安千柠陆沉枭 《魏清漪庞跃》又名《庞跃魏清漪》 《夏暖暖傅司寒》又名《傅司寒夏暖暖》 《25055
  • 过了一会儿,老人又回来,对张良说:“汝子可教也,五日后清晨到此与我相会”。”等到第五天,鸡叫之前,张良便来到桥上,谁知老者又先到了,生气的说:“为何还是来迟?
  • 把杯子送我我用两箱酸奶和你换好不好好不好[泪][泪][泪]我知道xlc也有单独卖这款小蓝杯的,但搭配dd代言的就是不一样[污]好比一杯普通的爱情水和ggdd喝过
  • 】最近市场来回震荡,作为老基民的我,感觉也要被“震麻了”!分批买入的实质是做长期投资,可类比为投资中的基金定投(定期定额)模式,而“搭配存在”应用在定投中,就是
  • ”//../?=%%%%%%%%%%%%%%%%%%%%%%%%%%「成年人的四大恐惧」云阳大车驾校子曰:“君子之于天下也,无适也,无莫也,义之与比。”#内华达
  • 我有一个自创歌单叫Why I Love The Moon 歌单名来自于我四年前最喜欢的一首歌 后来每年度个人收听率最多的歌 也会放到这个歌单里 昨晚从第一首歌开
  • 那,曾经的那颗繁星,是还在继续的发光发热,还是已经隐去并去寻找自己的新起点了呢?我是真的很想继续跟你天下第一好,但是距离与时间是所有感情里面最大敌人。
  • 图图蹲我脖子上吹干的时候我盘着的头发都给我就散了,扯掉了好几根[允悲][允悲][允悲]再过几年我的图图能不能变成人给我养老啊....那我就可以安安心心孤独终老了
  • 有关热爱生活的朋友圈文案 ❶ “最近真的很开心 生活步入正轨 我恢复了原来的样子 日子真的是可以温柔又闪亮” ❷ 经历了兜兜转转的重逢是场浪漫 ❸ 就在一次次日
  • 世界纷纷扰扰,别被扰乱了心,迷失了心,而没能明白这一显明朴素的道理: 人忙碌一生,为的只是一份快乐。人生在世,快乐和痛苦本就分不清,我只求它货真价实。
  • 送出这几瓶水,可能对于小伙子来说,只是举手之劳而已,但是在大爷的心里,却感受到了春天般的温暖,我们都知道环卫工人都是干得脏活累活,可能他们刚做完了工作,想喝口
  • 在快节奏的生活工作中让自己慢下来,定期放空自己:一晚独处的月夜,一段徒步的小道,一本精彩的小说,两三知己的畅谈……甚至是豁然开朗的那一刹那间的顿悟,都是我们心中
  • [哇][哇][哇] ​​​能发出来吗[泪]可能还得麻烦大家自行翻转了,有一点点敏感词。地位低下的鼓手mile×身份高贵(之后因某些原因更加高贵)的舞者apo,h