༄༅༅། །ཕ་མའི་མདོ་བཞུགས་སོ།།
རྒྱ་གར་སྐད་དུ། པི་ཏྲྀ་མ་ཏྲྀ་སུ་ཏྲ། བོད་སྐད་དུ། །ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་ དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བསྐུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ནའང་མཐོ་རིས་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕ་མའི་མདོ་རྫོགས་སོ།། །།

རྡོ་རྗེ་རྣམ་འཇོམས་གཟུངས།
摧破金刚陀罗尼

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །
一切诸如来
 མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡིས།།
威力总集者
རྡོ་རྗེ་ཁྲོ་བོའི་སྐུ་ལྟམ་པར། །
显现忿怒相
རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།
礼赞摧破尊

ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ།
南满赞扎,班匝卓达雅,合勒合勒,帝查帝查,班达班达,哈纳哈纳,阿么爹吽呸

ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ། །
杨柳胜宫殿
གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་ཉིད།།
密咒明咒主
ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །
降伏一切魔
གསང་བདག་རྡོ་རྗེ་འཛིན་གྱི་བཀྲ་ཤིས་ཤོག །
密主愿吉祥

任运 译

-ལོ་ཆེན་རིན་ཆེན་བཟང་པོ།
ཁོང་ནི་མངའ་རིས་གུ་གེའི་སྙུང་ཝཾ་རཏྣ་ཞེས་པར་སྤྱི་ལོ958ས་རྟ་ལོར་བལྟམས། དགུང་ལོ་བཅུ་གསུམ་པ་སྤྱི་ལོ970ཆུ་རྟ་ལོར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། ཁ་ཆེར་ལན་གསུམ་བྱོན་ཏེ་པཎྜི་ཏ་ཤྲཱདྷ་ཀ་ར་ཝརྨ་དང་། ཀ་མ་ལ་གུཔྟ། ཛི་ན་མི་ཏྲ་སོགས་པཎ་གྲུབ་བདུན་ཅུ་དོན་ལྔ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ལ་མཁས་པར་གྱུར།

དགུང་ལོ་ཞེ་དགུ་པ་སྤྱི་ལོ1006མེ་རྟ་ལོར་པཎྜི་ཏ་ཟླ་འོད་བཟང་པོ་དང་། བྷི་ན་སེ། ཀ་མ་ལ་རཀྵི་ཏ་ལས་བསྙེན་པར་རྫོགས། མངའ་བདག་ལྷ་ལྡེ་བཙན་གྱི་བླ་མ་མཛད་དེ་ལྷ་ལྡེས་པུ་ཧྲངས་གཞེར་གྱི་གནས་གཞི་ཕུལ་བར་གཙུག་ལག་ཁང་མང་པོ་བཞེངས། ཤེར་ཕྱིན་ཕྱོགས་དང་། ཡོ་ག འདུས་པ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཅིང་། ལྟ་བ་དབུ་མ་པའི་ལུགས་ལྟར་བསྐྱངས་པ་འདི་ནས་བཟུང་བོད་དུ་གསང་སྔགས་གསར་མ་འགྱུར་འགོ་ཚུགས། ལྷ་བསྙེན་དང་གཏོར་མ་བརྒྱ་རྩ། སཱ་ཚ། ཡན་ལག་བདུན་པ། ཏིང་འཛིན་གྱི་དབང་རྣམས་བྱེ་བ་རེ་དང་། འཇམ་དཔལ་མཚན་བརྗོད་སཾསྐྲྀ་ཏའི་སྐད་དང་། བོད་སྐད་དུ་འབུམ་ཕྲག་རེ། གཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་བཅས་བཏོན་ཅིང་། ཡོ་གའི་བསྟན་པ་དར་རྒྱས་སུ་མཛད།

དགུང་ལོ་གྱ་ལྔའི་སྐབས་ཇོ་བོ་རྗེ་མངའ་རིས་སུ་བྱོན་སྐབས་དང་པོར་ཇོ་བོ་རྗེར་ཕྱག་མ་མཛད་ཀྱང་ཕྱིས་སུ་ལྷ་ཁང་གི་ལྷ་རེ་རེ་ལ་བསྟོད་པ་རེ་རེ་མཛད་པ་ལ་དད་ནས་མཇལ་ཏེ་གདམས་ངག་གསན་ཅིང་། ཇོ་བོས་སྒྲུབ་པ་ལ་བསྐུལ་བས་སྒྲུབ་ཁང་གི་སྒོ་གསུམ་རིམ་ལ་དམ་བཅའ་གསུམ་བྲིས་ཏེ་རྩེ་གཅིག་གིས་སྒོམ་མཛད་པས་གྲུབ་པ་ཐོབ་སྟེ་མཐར་དགུང་ལོ་དགུ་བཅུ་གོ་བརྒྱད་པ་རབ་བྱུང་དང་པོའི་སྤྱི་ལོ1055ཤིང་ལུག་ལོར་སྐུ་གཤེགས།

ལོ་ཆེན་རིན་ཆེན་བཟང་པོ་ལ་སློབ་མ་མང་དུ་ཡོད་ཀྱང་ལོ་ཆུང་ལེགས་པའི་ཤེས་རབ། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲབ་པ་གཞོན་ནུ་ཤེས་རབ། གྱི་ནོར་ཛྙ་ན་དང་བཞི་ལ་ཐུགས་ཀྱི་སྲས་བཞི་ཟེར། པུ་རངས་པ་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། དགུང་པ་དགེ་བཤེས། མར་ཡུལ་བ་དཀོན་མཆོག་བརྩེགས་བཞི་ནི་ལོ་ཆེན་དང་ལོ་ཆུང་གཉིས་ཀའི་སློབ་མ་ཡིན་ནོ། །

ལོ་ཆུང་གྲགས་འབྱོར་ཤེས་རབ་ནི། ལོ་ཆེན་རིན་ཆེན་བཟང་པོའི་སློབ་མའི་གྲས་ཡིན་པ་ཁོང་གིས་ཀྱང་ཚད་མ་དང་། མ་རྒྱུད་བདེ་མཆོག་གི་སྐོར་བསྒྱུར་བ་སོགས་འཕྲིན་ལས་ཆེ་ཞིང་། ལ་ལས་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཁྱེའུ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཕེབས་པའི་གྲས་སུ་ཁོང་ཡང་ཡོད་པར་བཞེད།


发布     👍 0 举报 写留言 🖊   
✋热门推荐
  • 有需要的宝子们 可以去我的咸鱼康康 我刚开始玩儿 我家里东西实在实在实在是太多了[泪][泪] 要清一清 保证衣服包包护肤品都是正品 但是价格都很低哈哈哈 我实在
  • 我拍了所有光线下的衣服照片和视频,都没所谓褪色。从袋子就可以看出很新,从来没拆。
  • @正官庄海外旗舰店 来了――守护健康,抢爆款第二件0元!2.23-2.26@ATTENIR艾天然海外旗舰店 来了――「“卸”后少女心」樱桃小丸子重磅联名限定卸妆
  • 我说,弟妹怀孕我做月子又不矛盾,而且我们还可以相互交流经验,可是妈妈语重心长地和我说,姑嫂两个长时间住在一起会有矛盾,我不是不愿意帮你伺候月子,我是怕你和你弟会
  • #王俊凯纯悦品牌代言人# wjk#王俊凯电影断桥#执于一念,将受困于一念;一念放下,则自在于心间。不要再在夜里咀嚼生活中的碎片,时时清扫心田,才是最通透的活法。
  • #任嘉伦[超话]# ღღ#任嘉伦请君# rjl#任嘉伦陆炎# ღღ#任嘉伦2022再创嘉绩# ★我给你科普一下鸭子的种类❣️ ★可达鸭 小黄鸭 扁嘴鸭 ★
  • 第2天, 我又看了看“徐大花”“咖喱手艺”等老师的视频,复刻人家的是完全不可能的,人家那些小孩儿都老好看了,灵动的不得了,那头发一丝一丝的,处理的特别好。玉
  • 没有办法的时候继续求抖森救自己,实在没有办法只能这样让抖森救自己,最后一个人是和马为自己考虑,不能再多了所以最后一个人是和马,我完全爱的是甜茶……我真的没有办法
  • 今年壬寅,两寅冲申,驿马逢冲,且忌神财星被冲,干支杀印相生,就有希望找到收入还算可以的体面工作。不见正财,七杀、偏印、偏财在天干,年月杀印相生,因此,你能自己当
  • #告五人##上海疫情#博物馆“代言人”第二弹:来自东方明珠的IP“五人团”脱胎自魔都最高建筑的“白先生和夜小姐”雅俗共赏的“馄饨皮”小小英雄代言人“安安”最后一
  • 群里一个性格很好的小哥有一点喜欢他,虽然他在群里说过他要去给女朋友做饭了。昨天刚回第一天就好忙 去了车行付了R8剩下的定金 希望能拿到车(我排第五 从来都运气那
  • 南岳下二世马祖一禅师法嗣百丈怀海禅师洪州百丈山怀海禅师者,福州长乐人也。姓王氏。丱岁离尘,三学该练。属大寂阐化江西,乃倾心依附,与西堂智藏、南泉普愿同号入室。时
  • 道法中有许多的法术及方法,可以帮助人在追求,事业及名利中,减少阻碍,如调整阳宅风水布局,坟墓风水,开财门,补财库,扩大财库,补贵人运、化小人等等,增加有利自己的
  • 【探店分享】大众点评蛋挞TOP1-芳叔店,出新品啦~带大家感受一下“芳叔”源自1966年,50年时间专注做港式小吃,备受大众欢迎,先芳叔推出新品#仙蜜雪挞#,蛋
  • 一个从未谋面的父亲,为了让40多年未谋过面的女儿,“人生之路更便捷”而给她特意设计了一条路,这条路上,他不仅给了女儿40年缺席但不曾缺失的爱,甚至还给了女儿爱人
  • 13.柴米油盐酱醋茶,人间烟火也有趣14.倘若遇到想要走到一起的人,不妨时不时一起出去散散步15.人生忽如寄,莫辜负茶、汤和好天气16.温柔的晚风一定会吹散许多
  • 男方丁巳日生人,唉吆喂,也是感情不顺的命啊,此命又劫财透出入劫财格局,婚姻不稳定,克妻无疑,有时候离婚是为了更好的保护双方,辛丑时生人,情人星到位,对你来说有好
  • 这部剧播出到现在已经有很长一段时间了,之前看的时候真的是没有发现剧中居然有这么多颜值高的演员们,最近翻出来看才发现竟有林允儿,真的是意外的惊喜呢,当时看这部剧只
  • [给力][给力][给力]想入玫瑰系列的别错过了~(玫瑰系列任何产品都可以,戒指,耳钉,项链,珠子)☞澳洲正品♛皇冠代购☜【[赞啊]淘宝小店:小潘西澳洲直邮代购】
  • 工竣不联系商务还带落难人cp元素如果算虚假营销,那我就是合理维权谢谢这位山宝宝的提醒,没关系,我的力量如果小,我就多努力,起码带动我这几千的followers不