འདུ་འཛོམས་ཀྱི་འཚང་ཀ་རྒོད་པའི་འཇིག་རྟེན་ན། སྐྱིད་སྡུག་གི་འཁོར་ལོ་བར་མེད་དུ་འཁོར་ཀྱིན་འདུག་ནའང་། མི་རེ་རེས་རང་འདོད་ཀྱི་རྟ་ཕོ་ཞོན་ནས་ཐང་ཆེན་ནས་རྒྱུགས་པ་ཚོད་མེད་རེད།

ངག་འཇམ་པོས་ཁྱོད་རང་བདེའམ་ཟེར།
ཞེ་སྨྲེང་ཞོར་ཤིན་ཏུ་དྲན་ཡོང་ཟེར།
ཆར་བ་སམ་སིམ་འབབ་པའི་ཕྱི་དྲོ་དེར།
ཁྱོད་རང་གྲོང་ཁྱེར་གཞན་ཞིག་ན་ཡོད་ཟེར།

————G•G

【སློབ་ཕྱིའི་གསོ་སྦྱོང་གི“བདེ་འཇགས་འཛད་སྤྱོད”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།】སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི“གཉིས་འཕྲི”བཅོས་སྒྲིག་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཞིང་ཆེན་སློབ་གསོ་ཐིང་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་དང་ཁུལ་ཁག་གི་འཛད་སྤྱོད་པའི་མཐུན་ཚོགས་དང་སློབ་གསོ་ཅུས་ལ《སློབ་ཕྱིའི་གསོ་སྦྱོང་གི“བདེ་འཇགས་འཛད་སྤྱོད”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

སློབ་ཕྱིའི་གསོ་སྦྱོང་གི“བདེ་འཇགས་འཛད་སྤྱོད”ཆེད་དོན་བྱ་སྤྱོད་ཀྱིས“གསོ་སྦྱོང་གི་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སློབ་ཕྱིའི་གསོ་སྦྱོང་གི་སྤྱི་ཕན་ངོ་བོ་མཐའ་འཁྱོངས་བྱེད་པ”དང་། “སློབ་ཕྱིའི་གསོ་སྦྱོང་གི་གྲོན་བསྡུའི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་མའི་ཁྱིམ་བདག་གི་གྲོན་འཇལ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ”། “སློབ་ཕྱིའི་གསོ་སྦྱོང་གི་འཛད་སྤྱོད་རྩོད་གཞི་གང་མགྱོགས་ཀྱིས་སེལ་ནས་སློབ་མའི་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ”། “སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་བདེ་འཇགས་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ”། “བདེ་ཐང་དང་བདེ་འཇགས་ཀྱི་འཛད་སྤྱོད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ”། “སློབ་ཕྱིའི་གསོ་སྦྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། རིག་ཚན་པའི་གསོ་སྦྱོང་གི་གཙོ་གནད་ཀྱི་འགོ་ཁྲིད་ཀྱི་གཙོ་གནད་གསོ་སྦྱོང་ལས་འགན་ཞིབ་ཕྲ་བཟོ་བ”བཅས་གཙོ་གནད་ལས་འགན་དྲུག་ལ་དམིགས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བཅས་བྱས་ཡོད།

ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། སློབ་ཕྱིའི་གསོ་སྦྱོང་ནང་སློབ་ཡོན་མཐོ་དྲགས་པ་དང་ཁེ་སྤོགས་ཚད་ལས་བརྒལ་བའི་བྱ་སྤྱོད་ཐོན་རྒྱུ་སྔར་བས་བཀག་འགོག་ཐུབ་རྒྱུ་དང་། “གྲོན་དངུལ་ཕྱིར་སློག་དཀའ་བ”དང“དངུལ་ཁྱེར་ནས་བྲོས་འགྲོ་བ”སོགས་ཀྱི་གནད་དོན་ཁྱོན་ཡོངས་ནས་སྔོན་འགོག་བྱས་ཏེ་སློབ་མའི་ཁྱིམ་བདག་གིས་ལུགས་མཐུན་ངང་གྲོན་དངུལ་ཕྱིར་སློག་གི་རེ་ཞུ་ཐག་གཅོད་ནུས་ལྡན་བྱེད་པ། ཐོབ་ཐང་མེད་པ་དང་སྤུས་ཚད་འགན་ལེན་མེད་པ། བདེ་འཇགས་འགན་ལེན་མེད་པ་བཅས་ཀྱི་རིག་ཚན་རིགས་ཀྱི་མངོན་མེད་གཞན་འགྱུར་གྱི་གསོ་སྦྱོང་མཐའ་གཅིག་ཏུ་འགོག་པ། སློབ་མའི་ཁྱིམ་བདག་གི་འཛད་སྤྱོད་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སེམས་བདེ་དང་བློ་བདེ། སེམས་སྐྱིད་བཅས་ཀྱི་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་འཛད་སྤྱོད་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་རེད།

ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མུ་མཐུད་དུ་འཛད་སྤྱོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་དང་ལས་རིགས་མཐུན་ཚོགས་སོགས་སྒྲིག་གཞི་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཉམ་འགུལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད། །


发布     👍 0 举报 写留言 🖊   
✋热门推荐
  • #日本料理[超话]# 先付: 茶碗蒸,新鮮紫菜的鮮很能喚醒味蕾。 低溫慢煮八爪魚,口感軟糯,想多吃幾口。 太刀魚天婦羅,雖然用紫菜包著,接過來還是有點燙手
  • 有人留言(图1),我单独发帖子出来。回复如下: GG说中文和说英文,你觉得他哪个状态更放松、更自然、更舒服?尤其是他在接受记者采访的时候。肯定是说英文让他更自
  • 杂食党啥都磕。5.再次问你,为什么当众撒谎说担心我不想出柜?
  • 希望大家多多关注火锅店发布的任务,一起积极打卡,完成与朱志鑫第一的约定投入的感情不同,声音的聆听方式和传达方法也会随之改变总之我是全神贯注地在表演若这首歌曲能宛
  • #我的电影#二字打头第一年走完了去年的愿望实现了一部分剩下的就算了吧今年没有愿望得到和失去的都太多太快对所祈望的也不再抱幻想了怪自己怪太多事情与时机怪到现在好
  • 也可以说当时寺庙里的和尚们养活了他,若是没有这一段时光,恐怕就没有未来的皇帝陛下了,所以朱元璋要比其他皇帝更加亲近佛教,毕竟也算是有着养育之恩存在。佛教地位的尊
  • #超度婴灵虹树先生# 婴灵的范畴包括:主动或被动流产、出生后夭折的孩子,因为没有户籍归属,城隍土地不认可不能按照正常的轮回流程,安排转籍所以他们无依无靠,时间
  • #onf[超话]##李昌润[超话]##E-TION# #温柔笑眼李昌润##人间仓鼠李昌润# [210522] visitkorea.us更新[Discover
  • 这篇文章的主旨是在说伤痛的情绪是艺术和文学的一大主题,读者能在文学中得到内心深层的共鸣和关照。戏外大家都在笑,只有俊子听的一脸苦涩笑不出来心疼他。
  • 看他在酒吧忙里忙外,还时不时玩玩吉他,虽然辛苦,却是把时间浪费在了自己喜欢的事情上。他是个保荐人,酒吧是他业余做的事情。
  • 目前墙面的装修多采用墙漆和壁纸,但现在市面上存在的墙面装饰材料也有许多新型材料。选购tips:硅藻泥材料天然,在不同方面也有其不同的优秀性能,所以在装修时,消费
  • #综艺节目谁红谁上错了吗#没法说,伪装者的时候王凯靳东不火,就做了个自我介绍就下去了,后来火了也没去大本营,李易峰龚俊也都做过背景板,都是我有好感的艺人,当时看
  • 从她出行的穿着打扮,就能看得出来这个女人从骨子里透露出来的自信,她为我们国家夺得了不少荣誉和金牌,人家不追求名牌,经常穿个几十块钱的东西就出门买菜,这也能证明她
  • 抽个海哲告诉我今天艾漫多少!抽个海哲告诉我今天寻艺多少!
  • 准备拉着她把所有战提到过去过的地方打卡一下,激动的心颤抖的手[色]虾虾们有什么建议吗?第一次去不太懂,地铁啥的都用什么刷啊,我们这里都是支付宝上的出行码[奥特曼
  • “禾下乘凉梦”会有很多优秀的后辈去实现,同时勉励自己也要做平凡发光的人。 一个其实离我很远的人他生活在课本里 电视里 各种报道里可功绩却深入在一家一户无人不晓这
  • [鼓掌]前排的三位男生,分别是张译、李晨、陈思诚,大家的肤色都好黑(可能是当时拍照镜头原因)陈思诚五官算是三人中最耐打的![挖鼻]前排的三位男生,分别是张译、李
  • #袁隆平逝世# 忍不住不感性,从昨天下午看到袁爷爷的视频,听到这种音乐就忍不了,人都是有感情的啊,即使没见过,但依旧深深的被这种全身心奉献,一生的时间都专注于一
  • 今年戴墨镜第一天[允悲][笑而不语][嘻嘻][笑哈哈]#今日贴纸打卡##我的妈妈最可爱# #今日贴纸打卡##今日贴纸打卡# 昨晚被冻醒坐起来盖被子竟然就睡不着了
  • 包容力✨以及手的表现之美✨在我心中麻路桑就是《阿波罗迷宫》(求再演)的米歇尔、《白夜传说》的盖伊这样。不仅仅是可爱,更是真正的男孩子!