#འཚོ་བའི་གོ་ཐོས།#
༧ སྐྱབས་རྗེ་དབལ་མང་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས།

དེ་ཡང་ཀློག་སློབ་པའི་ཐོག་མར་ཀ་ཁ་སློབ་དགོས་པ་ལྟར།
བཀའ་པོད་ལྔའི་བརྡ་དོན་ལ་སྦྱངས་པའི་ཐོག་མར་བསྡུས་གྲྭའི་རིགས་པ་སླ་རིམ་ནས་སྦྱངས་དུ་འཇུག་པ་ནི།
ལས་དང་བོ་བ་རྣམས་གཞུང་དོན་ལ་འཇུག་སླ་བའི་ཐབས་མཁས་གནད་ཆེན་པོ་ཡིན་པར་གོ་དགོས།

བསྡུས་གྲྭ་སྦྱང་པ་ན།
ལྟ་བ་གཏན་ལ་འབེབས་པའི་འགོ་ཚུགས་པ་ཡིན།
ཐ་སྙད་ཚད་གྲུབ་འཇོག་པའི་འགོ་ཚུགས་པ་ཡིན།
བདེན་མེད་དང་བདེན་གྲུབ་སོགས་ཕན་ཚུན་སྤང་འགལ་གྱི་དགག་སྒྲུབ་གཏན་ལ་འབེབས་པའི་འགོ་ཚུགས་པ་ཡིན་གསུངས་སོ།

རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ཚད་མའི་འོད་བརྒྱ་འབར་བ་ལས།
བསྡུས་གྲྭའི་ཁས་ལེན་གྱི་རིགས་པ་ནི་བོད་ཀྱི་འཁྲུལ་བ་བརྒྱ་ཕྲག་ཟློག་བྱེད་ཡིན་གསུངས་པ་ནི།
དེ་འདྲའི་ཁས་ལེན་སོང་ཚུལ་གྱི་ཞིབ་ཆ་མ་འདྲེས་པར་ཤེས་པ་གལ་ཆེ་བའི་དོན་དུ་ཤེས་དགོས་སོ།

བསྡུས་གྲྭའི་རིགས་པ་རྣམས་དབུ་མའི་ལྟ་བ་རྙེད་པའི་ཐབས་མཆོག་ཡིན་ཞེས།
༧ འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་ཞལ་སྔ་ནས་ལས་ཐོས་ཏེ།
རྗེ་ཉིད་ཀྱི་བསྡུས་གཞུང་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས།
ཁྱད་པར་གཞི་དང་མ་འབྲེལ་སྤྱི་ལྡོག་མ།།
རྣམ་པ་གཞི་མེད་སྐྱེས་བུའི་དོན་མིན་ལོ།།
ངེས་བཟུང་མེད་ལ་མེད་ཅེས་སྨྲ་བ་ཡང་།།
མི་རུང་མིང་ཙམ་དབུ་མའི་འཕྲུལ་འདེགས་ཡིན།།
ཞེས་གསུངས་པ་ལྟར་རོ།

འཛིན་མཚམས་མི་རྙེད་པའི་ཚིག་འཁྲི་བ་ཆེ་བ་ནི་དོན་དམ་དཔྱོད་བྱེད་དུ་སོང་ནས།
ཀུན་རྫོབ་མ་རྙེད་པའི་དབང་གིས་ཡིན་ཏེ།
བདེན་གཉིས་ལས།
ཇི་ལྟར་སྣང་བཞིན་དངོས་པོའི་ཕྱིར།།
འདི་ལ་དཔྱོད་པ་མི་འཇུག་གོ།
ཞེས་གསུངས་པ་ལྟར་རོ།
བསྡུས་ཚད་ཀྱི་རིགས་པ་ནི་དབུ་མའི་ལྟ་བ་ཁོ་ནར་མ་ཟད།
ནང་རིག་པའི་གཞུང་དོན་ལ་གལ་ཆེ་བ་ཡིན་ཏེ།
བསྡུས་མཚན་སོགས་ཀྱི་བརྡ་དོན་དང་།
དེའི་སྟེང་ནས་སྒྲུབ་དང་སུན་འབྱིན་ཡང་དག་ལྟར་སྣང་གི་ཁྱད་པར་འབྱེད་མ་ནུས་ན།
གཞུང་ཆེན་མོ་གང་གི་དོན་ལ་རིགས་པ་བཞིའི་སྒོ་ནས་དཔྱད་ཚུལ་ཤེས་དཀའ་བས་སོ།

ཉིན་འདི་དག་ལ། ངས་མཚམས་མཚམས་སུ་དྲན་ཡོང་བ་ནི། འདས་པོ་ཁོང་གི་སྒྲུང་ཐུང་། ༼གངས༽དང་༼སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ༽དེ་གཉིས་རེད། སྔོན་ཆད་སློབ་གྲྭ་ན་ཡོད་དུས། ཚོགས་ཐུན་སྐབས་སུ། སློབ་དེབ་ཀྱིས་ཁོང་གི་བརྩམས་སྒྲུང་དེབ་ལ་ཕྱི་ཐུམ་འདྲ་བ་ཞིག་བྱས་ཏེ་ལྐོག་ལྐོག་སུད་སུད་ཀྱིས་བཀླགས་མྱོང་པའི་ལོ་ཟླ་དེ་དག་རེད། ད་རུང་གློག་བརྙན་༼གཡང་མདའ།༽རེད། ༼དབུགས་ལྒང་༽རེད། ད་ནི་གཏམ་རྒྱུད་ཁྱད་མཚར་པོ་ཤོད་མཁན་གྱི་སྐྱེས་མཆོག་ཁོང་། ང་ཚོ་དང་གྱེས་ཏེ་སླར་ཡང་འོད་ཀྱི་ཀོང་བུར་ཐིམ་སོང་། ཇི་ལྟར་བསམ་ན་དེ་ལྟར་ཕངས་པ་ལ་ཨང་།

#ཕ་སྐད་མ་ཡིག་རང་གི་བླ། #
®
*******
མཐའ་འཁོབ་ཀྱི་ཕ་ས་དོག་མོ་འདིའི།
རྐང་ལམ་ཕྲ་མོ་དེ་ས་ལམ་སྐྱ་བོ་ནས་རྒྱ་ལམ་ནག་པོ་དང་།
ལམ་རྐང་གི་གཅོད་པ་ནས་འཁོར་ལོའི་བསྒྱུར་བའི་འབྱུང་འགྱུར་ཁྲོད།
ཁྱོད་ཀྱིས་ལེ་བར་ཅི་ཙམ་རྐང་གིས་བཅད་མྱོང་ལ།
ཅི་ཞིག་བསྒོམ་བཞིན་ཅི་ཞིག་བློས་བཏང་ནས་བགྲོད་པ་སུ་ཡིས་ཤེས།
ད་ནི་ཁྱེད་རང་འདི་ལྟར་གློ་བུར་དུ་བཞུད་སོང་བས།
ཤ་ཁྲག་གི་ཟུར་ཟའི་ཚིག་གི་སྐུལ་མ་དང་བརྩེ་བའི་མིག་མདངས་རྣོན་པོ་ལ་ཕྱིར་དྲན་བྱེད་ཐེངས་རེར།
མཐའ་འཁོར་དུ་གྲང་ཤུར་ཤུར་གྱི་རང་གི་གྲིབ་གཟུགས་མ་གཏོགས་ཅི་ཡང་མི་འདུག་སྙམ།
ཡིན་ཡང་ངའི་མིག་ལམ་དུ་སྣང་བ་ནི།
དག་ཞིང་གི་གནས་མཆོག་དེ་ན་བདེ་བའི་ཉི་མ་ཞི་འཇམ་གྱིས་དགོད་ཀྱིན་འདུག་ལ།
དམར་སྨུག་གི་རྒྱབ་གཟུགས་གསོན་པོ་དེ་ཡང་ཉི་འོད་དང་བསྡེབས་ནས་དགོད་སྒྲ་ལྷང་ལྷང་གིས་མདུན་ནས་མདུན་དུ་བསྐྱོད་ཀྱིན་འདུག
བསམ་བསམ་ན་དམར་སྨུག་གི་རྒྱབ་གཟུགས་དེར་ལྐོག་གྱུར་དང་མངོན་སུམ་གྱི་གཤིས་ཀ་ཤིག་ཡོད་ལས་ཆེ།
དེ་ལྟ་ན་དེས་ང་ལ་ཅི་ཞིག་གསལ་འདེབས་བྱེད་ཀྱིན་ཡོད་ལ་ཅི་ཞིག་འབོད་སྐུལ་བྱེད་ཀྱིན་ཡོད་དམ།


发布     👍 0 举报 写留言 🖊   
✋热门推荐
  • 个人浅见,纯属娱乐,同意的请点点关注#王心凌##国学##传统文化##道教##肖宇梁被召唤的少年# 怎么说呢,浅浅说一下自己的感觉前半部分很现实,单亲母亲带着自闭
  • 我想这可能是一搏对哥哥的一种保护方式(其实暗地里偷偷在保护“哥哥”)他们两位一直都是非常优秀认真、努力向上的人,不要说娱乐圈了,在我们日常生活中,能有这么真诚的
  • 【#分众传媒上半年净利下降51%# ,#互联网行业广告投放减少7成#是主因】互联网“大厂”们日子难过,已经反映到了广告传媒行业的业绩上。【#分众传媒上半年净利下
  • 作为群众文化品牌活动,第十五届中国西部民歌(花儿)歌会,以“庆祝党的十九大,弘扬中华传统文化”为主题,分为开幕式、 2场民歌专场比赛、1场“花儿”专场比赛、闭幕
  • 效果:即时效果是有的,下半部分脸尖了不少,医生说要三个月才能最大效果疼痛感:本人觉得不痛,比热玛吉舒服太多,怕痛的可以打前让护士小姐姐给敷麻药,刀头感觉稍微强烈
  • 做完不青不肿,不拆线,并可以达到永久的效果,避免了手术漫长的恢复期,并且可以修复失败双眼皮,后期恢复好不留任何痕!#一针两点双眼皮##广州双眼皮培训##韩式纳米
  • 但是不能经常哭鼻子哦,我们stay会心疼的,你那么好,一定不舍得让我们stay心疼的对吧,所以要多笑哦,菲菲宝贝笑起来真的很可爱呢真的真的很感谢你在我生命里出现
  • 也并非爱过的人,就不能做朋友了。有分享欲并不代表喜欢,只是刚好我想说,你也有时间听。
  • 8.“报者,天下之枢铃,万民之喉舌也,得之则通,通之则明,明之则勇,勇之则强,强则政举而国立,敬修而民智。5.“在中文作家里我欣赏韩非的冷峻,庄子的放肆,柳宗元
  • 一日,道人告诉老太太,你家中有一风水宝地,待你百年之后一定要葬于此地,那么将来你的子孙做官之人,有一升芝麻那么多。果然,她死后的第一代后人就有九人考中进士。
  • 信息没有停止点,一旦刷到有趣的文章、信息、图片、视频,大脑就会释放多巴胺信号让你产生期待:往下刷会有更多新鲜好玩的内容。2、持续不断地吸引用户注意力依据信息能激
  • YOSHIKI さんがネリアさんの為に「ENDLESS RAIN」をピアノ演奏‼️二宮和也 さんはネリアさんが住む淡路島へ…☀️国技館のステージで生披露!24小
  • #钟辰乐[超话]# #钟辰乐实力主唱# 210507 mtvasia更新辰乐相关一则 @KHCHENLE not only is @NCTsmtown_
  • #葆婴USANA-Doris##健康养生#末日老巴残烛吹灭之弥,仍不忘爱美之心,唯美不舍的价值投资,以失败而告终。给大家分享一些小知识~如果你来大姨妈,如果你经
  • 三,提供$2,000美金脐带血福利。四,每两年$1,000美金体检福利。
  • 目前对于事故与辅助驾驶系统的关联度尚无定论,车辆当时是否开启了辅助驾驶功能也还未确定,但仍在网络上引起热议。但一个早已被抛出的话题,却至今仍无答案:当车辆的控制
  • 蜂蜜的绝佳吃法是这三种,养胃、护肝、润肺,身体更受益】吃蜂蜜,注意这三点01忌用热水冲泡蜂蜜中的营养素在高温作用下易被破坏,其中的酶也会失去活性,既损失营养又破
  • そこで2022年6月23日から6月30日まで、ねとらぼ調査隊では「牛丼が一番おいしいと思うおすすめの牛丼チェーン店はどこ?リーズナブルで提供までの時間が早く、手
  • #孤岛采油厂举办会计基础知识培训班 #为进一步高质量完成财务共享中心相关承揽业务,1月15日上午,采油厂在培校阶梯教室举办会计基础知识培训班。 中国石化胜利油田
  • 但目前,如何拓展金砖国家同非洲的合作还没有特别明确的计划。中非合作|南非各界期待厦门金砖会晤为非洲发展带来机遇视觉非洲国际在线报道(中国国际广播电台记者 朱宛玲