༼ཨ་ལན་མེད་པའི་མཚན་མོའི་འཆར་སྣང་༽
࿑འཛིན་བྱེད་མཁོ་དགུའི་ནོར་གྱིས་དབེན།།
སྨྲ་བྱེད་སྙན་པའི་ཚིག་གིས་དབུལ།།
གང་བསམ་བདག་གིས་མི་ནུས་པས།།
ད་ནི་ཁྱོད་ཀྱིས་གང་མོས་མཛོད།།

ནོར་གྱིས་བསླུ་བའི་བསམ་པ་མེད།།
ཟོལ་གྱིས་སླུ་ཚིག་སྨྲ་གྲབས་མེད།།
སྒྱུ་མའི་འཕྲུལ་ལ་ཁྱོད་སྤྲོ་ན།།
ད་ནི་མིག་ཟུང་བསྒྲིབས་ཏེ་སོང་།།

གསོང་བོར་བརྗོད་ན་ལོག་པར་གོ།
བདེན་མིན་ལེགས་པར་མི་དཔྱོད་པར།།
བརྫུན་པའི་རྟ་ལ་བཞོན་འདོད་ན།།
ད་ནི་གཡང་རོང་ཁ་ལ་རྒྱུག།

ཆུ་ཚོད་ ༣:༠༣ རྨ་པྲཛྙཱ་ནས།

ཉིང་ཁྲི་གྲོང་ཁྱེར་ནང་དུ་དཔེ་དེབ་སྐྱེལ་བཞིན་ཡོད་པས་དཔེ་དེབ་མངགས་ཉོ་གནང་དགོས་ཚེ་ཐད་ཀར་གཤམ་གྱི་དྲ་ཚིགས་བརྒྱུད་ནས་མངགས་ཉོ་གནང་རོགས་གནང་། ཉིང་ཁྲི་གྲོང་ཁྱེར་ནང་ཁུལ་དུ་སྐྱེལ་འདྲེན་གྱི་ཐབས་ལམ་དེ་༼གཏན་འཁེལ་གྱི་ས་གནས་ནས་ལེན་རྒྱུ་༽ཞེས་པ་དེ་འདེམས་རོགས་གནང་ཞུ་རྒྱུ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནང་ཁུལ་ཕུད་པའི་ས་ཕྱོགས་གཞན་ནས་དཔེ་དེབ་མངགས་ཉོ་གནང་མཁན་ཡོད་ཚེ་སྐྱེལ་འདྲེན་གྱི་ཐབས་ལམ་དེ་༼ཕྱིར་སྐྱེལ་༽ཞེས་པ་དེ་འདེམས་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ།

需要林芝市区同城配送书籍的点击下面二维码可以下单,下单时配送方式请选择“定点取货配送”。谢谢!

其他地方需要邮寄的配送方式请选择“外送”。谢谢!

ཉིང་ཁྲི་གྲོང་ཁྱེར་ནང་དུ་དཔེ་དེབ་མངགས་ཉོ་བྱེད་པའི་ཉིན་དེ་རང་ངམ་སང་ཉིན་དེར་སྐྱེལ་ཐུབ་པ་ཞུ་རྒྱུ་ཡིན།

林芝市区内保障下单当天或者次日配送。



༄༅། །མར་པ་བཀའ་བརྒྱུད་པའི་རྒྱལ་གླུ་བདེན་བཞིའི་གྲངས་ལྡན་བཞུགས་སོ། །

玛尔巴噶举派之胜歌四谛具数

༼༡༽སྤྲོས་བྲལ་ཤེས་རབ་འོད་ཀྱིས་བློ་ཡི་མུན་པ་གཏན་བཅོམ་མཛད། །

离戏智光彻破心迷暗,
རྣམ་ཐར་ཞི་བའི་ཏིང་ངེ་འཛིན་གྱིས་སྲིད་རྩེ་མངོན་པར་མནན། །

解脱寂禅按压世间顶
མཐའ་བྲལ་དྲི་མེད་ཡང་དག་ཐུགས་མངའ་སྐྱོབ་པ་མཚུངས་པ་མེད། །

离边无垢具意导师尊
འགྲོ་བའི་ཉི་མ་ཤཱཀྱ་སེང་གེས་དགེ་ལེགས་སྩོལ་མཛོད་ཅིག །

顶礼众生之日释迦狮

༼༢༽བརྒྱུད་པ་གོང་མར་མོས་གུས་མཐར་ཕྱིན་ཐུགས་རྗེའི་བཀའ་བབས་ཏེ། །

祖师成就虔敬大悲宗
ཉམས་རྟོགས་ཤེས་རབ་ཞེ་བཅད་དྲག་པོས་སྒྲུབ་པའི་རྒྱལ་མཚན་འཛིན།

觉证智慧决心树修幢
སེམས་ཉིད་སྐྱེ་མེད་འོད་གསལ་དབྱིངས་སུ་སྣང་སྲིད་དཔེ་ཆར་ཤར།

心性无生明界中显经
ཚེ་ལུས་གཅིག་ལ་མངོན་སངས་རྒྱས་པའི་མར་པ་བཀའ་བརྒྱུད་རྒྱལ།

即身成就玛巴噶举胜

༼༣༽བླ་མས་ལུང་ཟིན་ཡི་དམ་མཁའ་འགྲོས་འབྲལ་མེད་རྗེས་སུ་བཟུང་།

上师受记本尊众摄受,
འདིར་སྣང་འཁོར་བའི་ཕུན་ཚོགས་ཞེ་ལོག་དབེན་པའི་གངས་དཀར་ཁྲོད།

出离此世贡嘎幽静地,
ཚེ་དང་སྒྲུབ་པ་མཉམ་པའི་གདམས་ངག་གནད་ཟིན་རང་བྱན་ཚུད།

修行与寿同等通窍诀,
མཉམ་མེད་བྱིན་རླབས་ཉམས་རྟོགས་དབང་འབྱོར་གངས་དཀར་བསྟན་པ་ཕྱོགས་མཐར་རྒྱས། །

加持觉证自在贡嘎盛。

༼༤༽དེ་ཡི་མཐུ་ལས་མེ་འོབས་འདྲ་བའི་འཁོར་བ་མཐའ་དག་གི །

彼力之故火坑般轮回,
འབྱུང་གནས་སྡུག་བསྔལ་རྩ་བ་བདེ་བར་འཁྲུལ་པའི་མགོ་སྐོར་བློ།

痛苦根源执迷为快乐,
གཏིང་ནས་སྐྱོ་ཞིང་ངེས་པར་འབྱུང་བའི་བློས་བཏང་དྲག་པོ་ཡིས།

心生出离决心舍弃彼,
ཟབ་མོའི་ལམ་སྒོམས་རང་གྲོལ་སྙིང་པོ་རྡོ་རྗེ་འཆང་བརྙེས་ཤོག །

修持深道愿证金刚持。

ཅེས་མཉམ་མེད་མར་པ་བཀའ་བརྒྱུད་པའི་རྒྱལ་གླུ་ཤཱ་ལོ་ཀ་བདེན་བཞིའི་གྲངས་ལྡན་འདི་བཞིན་༧སྐྱབས་རྗེམཆོག་སྤྲུལ་འབོ་གངས་དཀར་རིན་པོ་ཆེ་མཆོག་གི་བཀའ་ཡིས་བསྐུལ་མ་མཛད་དོན་བཞིན། གུས་སངས་རྒྱས་མཉན་པའི་མཚན་ཙམ་གོས་པ་དེས་ ༢༠༢༠ བོད་ཟླ་ ༦ ཚེས་ ༡༣ ཉིན་གསོལ་འདེབས་དང་བཅས་ཏེ་སྦྱར་བའོ།
此无以伦比的玛尔巴噶举派之胜歌四颂四谛具数是在尊贵的贡嘎仁波切的鼓励之下,由持有桑杰年巴名号者于2020年6月13日恭书。


发布     👍 0 举报 写留言 🖊   
✋热门推荐
  • 这是阿弥陀佛做法藏比丘的时候所发的四十八愿中的一个愿力,他说:「等我成佛,所有的十方众生,若有称我名号者,皆生我国,莲华化生,得成阿耨多罗三藐三菩提。一般人认为
  •   其次,金正大作为承兑人,向临沂不确定关联关系的两家贸易公司出具商业承兑汇票,截至2019年12月底,尚有5.45亿元余额,可能构成担保责任;另外,由于金正大
  • 亿邦动力了解到,今年5、6、7三个月,YI Tunnel的月均销售额分别是上个月的三到四倍,来自头部企业的单量飞涨,为美国合作伙伴提供的机器也将在美国正式上线…
  • #北京租房[超话]##北京租房[超话]#北工大潘家园地铁松榆里两居室,蛋壳装修,南北通透,看房随时,全年免费维修,免费保洁,免费转租,免费调房,可押一付一,看房
  • 垃圾分类要想取得成绩,真正达到效果,也必须如此。垃圾分类要想取得成绩,真正达到效果,也必须如此。
  • 我喜欢日出日落的静谧,爱着天空也深爱着你我喜欢清晨钻进我房间的第一缕阳光,却都不及你的笑容灿烂我喜欢日出日落的静谧,爱着天空也深爱着你喜欢你的笑容,喜欢静静的看
  • #赵丽颖1016生日快乐##赵丽颖正能量# 9月未到,颖火虫们已经把生日专楼刷爆,今年我们再开一个赵丽颖30周岁生日表白大楼,目标1314520层,大家都在本楼
  • 二、荨麻疹患者想要减轻、减少发作,可以做以下几件事情:1、轻度的荨麻疹,可以通过喝水缓解轻度的荨麻疹,能通过大量喝水促进过敏源的排出,从而起到荨麻疹“自愈”的目
  • 聂冰原最大的烦恼是,我朋友宠我惯我包容我,就是看我的眼神总像在看二傻子。聂冰原最大的烦恼是,我朋友宠我惯我包容我,就是看我的眼神总像在看二傻子。
  • 近日在接受南都记者采访时,任贤良表示今年将提交一份建议——完善法律法规和社会保障体系,提高再就业老年人的劳动保障,并畅通“老有所为”渠道,通过提供劳动补贴或减税
  • 自在飞花轻似梦,无边丝雨细如愁。——秦观《浣溪沙·漠漠轻寒上小楼》 云散月明谁点缀?天容海色本澄清。——苏轼《六月二十日夜渡海》 夜凉吹笛千山月,路暗迷人百种花
  • 爸,我会的,我答应您,就是您这么一句话,让女儿经受了这么多后,还能坚强的站起来,在外面无论多难多累,女儿耳边总会有您的声音,姑娘人到啥气候都得有精气神儿,所以我
  • 所以每一科考完你都会听到各种各样的声音:【谁谁谁搞到答案了】【谁谁谁这些题都押中了】【哪个考场监考不严可以抄】往往有图有真相,说的有鼻子有眼,对于这一情况,我们
  • #唯爱王源[超话]# [给你小心心]#王源的光阴六言诗# [给你小心心] #王源新专辑源#是不是是宇宙的星只此一家像漫漫长路终于有了驿站像无尽海域终于找到岸边明
  • 最近的日子过得机械且无趣,做什么事情和人说什么话总是类似于一眼望到头,导致我对任何事情或者对话都失去期待,但又觉得本不该这样,坦白说现在的日子大概就是这样,不会
  • 例3. 早退どころか残業だ。例2. 貯金するどころか、急な出費で赤字続きだ。
  • 平时严肃强势的董明珠,温柔地说,“平时很少跟刘强东见面,但是每次见面,我俩都有说不完的话,这么多年都是这样的……”而刘强东也曾经坦言,“上次参观完格力啊,完全懂
  • 我会一直陪伴你,相信你也可以越来越好#赵让 闪亮的日子# ไ #赵让为流浪狗写rap#日记太直白,随笔太空泛,可又想记录生活怎么办?这词不仅含蓄,内容还隐晦,
  • 相比武汉、郑州的高温和暴晒,兰州简直是天堂,这里不是凉快,而是冷。黄河南已经没有低于一万的房子,如果楼盘占据的地理位置再具优势,2万也不能止步的时候,黄河北的价
  • 杭州西湖跑团四周年年会圆满结束很开心加入跑团五月的渣渣能够参与其中感谢团长大人给了一个这么高的荣誉感谢跑团の大神们日常带我跑步感谢自己的努力用65天三个龙井三朵