སྔོན་དུ་འགྲོ་བའི་གཏམ།

#དཀར་ཟས་རིང་ལུགས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས།#
     དཀར་ཟས་ནི་འགྲོ་བ་མིའི་རིགས་ཀྱི་བཟའ་བཏུང་རིག་གནས་ཁྲོད་དུ་ངོ་མཚར་བའི་དགེ་མཚན་རྨད་དུ་བྱུང་བ་དང་ལྡན་པ་ཞིག་ཏུ་སྣང་སྟེ། ཉམ་ཆུང་གི་སེམས་ཅན་གྲངས་མེད་པ་ཞིག་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ལས་ཐར་ནས་ཚེ་སྲོག་ལ་རང་དབང་གི་བདེ་བས་ཁྱབ་པར་བྱེད་པ་དང་། འཚེ་མེད་ཞི་བའི་ལམ་ལ་ཡོངས་སུ་བསྐྱོད་པའི་འཛམ་གླིང་གི་གང་ཟག་དུང་ཕྱུར་དུ་མ་དང་། ཁྱད་པར་དུ་དེང་རབས་ཀྱི་ན་གཞོན་ཐེར་འབུམ་མང་པོས་དགའ་བའི་ཡིད་ཀྱིས་བསྟེན་པར་བྱ་བ། སུ་དང་གང་གིས་བསྟེན་པ་དེའི་ལུས་དང་སེམས་ལ་ནད་མེད་ཅིང་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་པ། གནམ་ས་རྒྱ་མཚོ་དང་བཅས་པའི་ཁོར་ཡུག་ལ་དྭངས་གཙང་གི་བདུད་རྩི་སྟེར་བར་བྱེད་པ་ཞིག་སྟེ། དེའི་ཕྱིར་སྐྱེ་བོ་ཡོངས་ཀྱི་ཁྱུ་མཆོག་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཛམ་གླིང་ཤར་ནུབ་གཉིས་ཀའི་གནའ་དེང་གི་དམ་པའི་སྐྱེས་བུ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བར་མཛད་དོ། །

    རང་རེ་བོད་གངས་ཅན་གྱི་ཡུལ་དུ་སྔོན་གྱི་དུས་སུ་དཀར་ཟས་རིང་ལུགས་པའི་སྐྱེས་བུ་དམ་པ་དང་། དཀར་ཟས་རིང་ལུགས་པའི་དགོན་པ་སོགས་མང་པོ་ཞིག་བྱུང་མོད། འོན་ཀྱང་དེས་སྐྱ་སེར་གཉིས་ཀའི་གྲངས་ཀ་ལས་ཉུང་ཙམ་མ་གཏོགས་ཟིན་ཐུབ་མེད། དེའི་རྒྱུ་རྐྱེན་གྱི་གཙོ་བོ་ནི། བོད་ཀྱི་ས་ཁུལ་མང་པོ་ཞིག་ན་སྔོ་ཚལ་དང་ཤིང་ཐོག་སོགས་འབོལ་པོ་མེད་པའི་ཁོར་ཡུག་གི་ཆ་རྐྱེན་གྱི་དབང་གིས་ཡིན་པར་འདུག །འོན་ཀྱང་ད་ལྟ་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་བ་བྱུང་བའི་དབང་གིས་དཀར་ཟས་པའང་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད་དོ། །

    དེ་ལ་བདེ་ཐང་དང་ལྡན་པའི་དཀར་ཟས་ཤིག་བསྟེན་དགོས་ན། དེའི་བསྟེན་ཚུལ་ལེགས་པོ་ཤེས་པ་གལ་ཆེ་བས། ད་ལམ་འདིར་ང་ཚོ་ཀུན་ཕན་སྒྲ་སྒྱུར་གླིང་གི་ལོ་ཙཱ་བས་དཀར་ཟས་བསྟེན་ཚུལ་གྱི་གཞུང་འདི་བོད་ཡིག་ཏུ་བསྒྱུར་ནས་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན་པས་དོ་སྣང་ཡོད་པར་ཞུའོ། །

དཀར་ཟས་རིང་ལུགས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རབ་གནས་ཆུ་སྟག་ལོའི་བོད་ཟླ་༥པའི་ཚེས་༡༦ལའོ། །

མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡའ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་སྤངས་དགོས།

སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས།

ཀུན་བླ་མའི་ཞལ་ལུང་ལས།

རང་ལ་རང་དབང་ཡོད་པའི་དུས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས་བླ་མས་ཇི་ལྟར་བསྒོ་བ་བཞིན་ཉམས་སུ་བླངས་ནས་འཁོར་འདས་ཀྱི་འཁྲུན་ཐག་ཆོད་པ་ཞིག་བྱེད་པ་གལ་ཆེ།

ཨོ་རྒྱན་ཆེན་པོས་ཀྱང་།

།མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས། །རྣམ་ཤེས་བར་དོ་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་དྲན་དུས་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་གསུངས།

ལས་བཀོད་བྱ་སྒྲོ་རླུང་འཁྱེར།

ལས་བཀོད་པ་རླུང་ནང་བྱ་སྒྲོ་བཞིན། །
འདི་ནམ་འོང་གར་འགྲོ་ཆ་མེད་དེ། །
དབྱར་ནམ་ཟླ་ཞིག་གི་འཇགས་རིང་ལ། །
དྲོད་བདེ་བའི་སེམས་ངོགས་མེ་ཏོག་འཁྲུངས། །
འཇམ་བསིལ་མོའི་སྙིང་གཏམ་ཆུ་རྒྱུན་འབབ། །
དགུན་བཙག་ཁ་ཞིག་གི་རྒོད་རིང་ལ། །
གྲང་སིག་འདར་རྒོད་པའི་ཕྱི་མིག་ཁྲོད། །
སེམས་མཆི་མའི་འབབ་རྒྱུན་འཁྱགས་པས་བསྡམས། །
ཡིད་དགའ་སྐྱོའི་དྲན་པ་རྒྱང་ལ་སྤུར། །
ལས་ཟེར་བ་ཅི་འདྲའི་ཨ་ཙ་མ། །
ཕྱིས་ལས་དབང་བཙན་པོའི་གོད་ཆག་གི། །
སྡུག་སུ་ལ་མི་འོང་རྩ་གསུམ་མཁྱེན། །

#藏##随笔[超话]# https://t.cn/R08xaRT


发布     👍 0 举报 写留言 🖊   
✋热门推荐
  • 王博都不知自己是用了多大的定力,才没有失控地伸手掐住小赞的脖子,深呼吸了好几次才堪堪压下施虐的欲望,只是小小博的起立完全没有压制住,就这么把裤子顶了起来,刚刚好
  • “‘新品牌计划’启动以来,拼多多收到了数万家制造企业递交的申请,其中有很多不是品牌代工厂,但具备优质产能,还有一些已经有了创新品牌探索”陈秋透露,品牌是中国制造
  • 等我很老很老了如果我的祖孙辈们问起:“祖奶奶,你的手指头为什么老是抖啊?台姐想说,千万不要相信这些虚无缥缈的公司了,他们把目标全放在学生人群,年轻姑娘,宝宝妈妈
  • 【老子·第四十三章】 天下之至柔,驰骋天下之至坚。无有入无间。 吾是以知无为之有益。 不言之教,无为之益,天下希及之。 天下最柔弱的,驾御、驰骋于天下最坚强的。
  • 遇到经济问题的时候,喊祖国万岁,有了管理的条条框框又开始反叛,香港就像是一个叛逆的孩子……视频当中的女孩撕掉海报我觉得没问题,辩论更没问题,有人说,她可以在旁边
  • 【温周】 不负 十 龙温×人絮 HE 梗来源小舅妈的MV《人龙传说》,授权见图 大纲有变 ———— 十 周子舒看着温客行的身影消失在夜空中,忽然想起自己
  • 哨向AU慢热、细腻的刻画主cp,副cp梅杂,卡卡、投桃报李泽……刻画地十分细腻,每位人物都有难以掩盖的闪光点,很贴合她们的性格(个人感觉)……不会半途而废、一往
  • 医保谈判砍下的每一分钱,都是让群众“看好病”的进步医保谈判与集中采购的确极大改善了“看病贵”问题,这是站在患者的角度考虑问题。猫咪也超爱和它互动的呢哈哈哈哈推荐
  • 胆怯且勇敢,拥有很多的面相……#众生百态##记录生活##茶室#杨绛先生说:“一个体面的中年女性,是在烟熏火燎之后依旧能保持善良爱美的秉性,花谢了,修剪好枝叶,叶
  • 过去的金工匠人顺应金属本身的特性进行创作,对所做之事有近乎极致的专注,所谓“技近乎道”。【宏出品®️】本真金工•创作孤品 《天外来客》外来文明是人类一直探索的问
  • #每天记下三件开心的小事# Day 421⃣️ 同事和我分享了凌波门的日出美景 我和她分享了昨天拍的日落 想去水上看看日出诶2⃣️ 终于看到莱农清醒了耶 远离
  • 我喜欢了你四年,四年过去了,你还是一样的火(真的好后悔为什么没有早点认识你,没有早点喜欢你~)而且就在今年7月17号办了自己的第一场演唱会,哈哈哈哈哈我去了,因
  • 朋友,我并且恐怕,说到最后,我只得收受你的影响,因为你那句话已经凶狠地咬入我的心里,像一个有毒的蝎子,已经沉沉地压在我的心上,像一块盘陀石,我只能忍耐,我只能忍
  • 记者组织展开调查】近日,德国慕尼黑火车站一幅悬挂的广告引起了人们愤怒,原因是其配文为“欢迎乌克兰小鸡来到德国”。”Booking.com的一名发言人在推特上刊文
  • 偏方工作室每天都有最新走访收集的偏方与大家分享保证真实有效如果您身体不适如果您到处求医无果我可以给您提供能治好病的偏方不收任何费用直至痊愈同时也希望您把身边有效
  • #刘宇宁开始推理吧##摩登兄弟[超话]#‍ᶫᵒᵛᵉᵧₒᵤ@摩登兄弟刘宇宁 。。。。你踩着漫长星辰的光而去,我在人海之中遥望你触不可及的背影,却在你回眸的刹那,万
  • 在台湾接受采访说的是这个地区[憧憬],香港澳门的杂志拍摄还跟中国的工作人员姐姐喝下午茶。最上去加冰,微醺的S:之后什么都不做也可以吧N:可以的,就是会有这种情况
  • 城市的浪漫 其实就在身边 好爱丽晶酒店的这片静谧之所❤️ 夏日的花园绿树成荫周末和家人来到丽晶酒店一层的户外花园,难得的低温仲夏日,在这样一处景致迷人的绿洲空间
  • 4,海珠区,因境内的海珠石而得名。7,黄埔区,因境内的黄埔村得名。
  • (劝修念佛法门)圆瑛法师讲述   世间有人。发心念佛。不明念佛旨趣。或问之曰。汝精进念佛。所求何事。则答之曰。为修来世。如是之人。就是愿头打错了。我佛所以立此念