འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས།

མ་འོངས་པའི་དུས་ཀྱི་སློབ་མ་ང་དང་མ་འཕྲད་སྙམ་དུ་ཡིད་གདུང་བ་རྣམས་ཀྱིས། ངས་བརྩམས་པའི་མདོ་སྔགས་གཉིས་ཀྱིས་ལམ་རིམ་ལ་ལྟོས་ཤིག་དང་། ང་ཕྲད་པ་དང་ཁྱད་པར་མེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ཏེ་གཅིག་ཏུ་དྲིལ་ནས་བཤད་པ་ཡིན། ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང་བ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བསྩལ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོ་རུ་གསལ། དེ་བས་མཆོད་པ་ཐམས་ཅད་ཀྱི་མཆོག་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཡིན་པ་ང་ཚོས་ངོ་ཤེས་དགོས།

ལོ་བཞི་རེའི་ནང་ཐེངས་གཅིག་རེ་མ་གཏོགས་མེད་པའི་འཛམ་གླིང་བུམ་པ། ད་ལོའི་ཁ་ཐར་འཛམ་གླིང་བུམ་པ་ནི་སང་ནུབ་ནས་འགོ་བརྩམས་ཏེ་ཉིན་ཉེར་བརྒྱད་ཀྱི་རིང་དུ་རྒྱག་རྒྱུ་རེད། ཁྱོན་རྒྱབ་ཁབ་སོ་གཉིས་འདུག འདི་ནི་འཛམ་གླིང་བུམ་པའི་ལོ་རྒྱུས་ནང་ཤར་དབུས་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་སྤེལ་བ་ཐོག་མ་དང་ཡ་གླིང་ནས་སྤེལ་བའི་འཛམ་གླིང་བུམ་པ་ཐེངས་གཉིས་པ་དེ་ཆགས་འདུག ཁ་ཐར་གྱིས་ཐེངས་འདིའི་འཛམ་གླིང་བུམ་པར་ཨ་སྒོར་དུང་ཕྱུར་༢༢༠༠བཏང་བདུག་པར་བཤད་ལ་འདི་ནི་འཛམ་གླིང་བུམ་པའི་ལོ་རྒྱུས་ནང་ཟད་གྲོན་ཆེས་མཐོ་བའི་འཛམ་གླིང་བུམ་པ་དེ་ཡིན་པར་མ་ཟད་འཛམ་གླིང་བུམ་པའི་ནང་ཞུགས་མ་མྱོང་བའི་རྒྱལ་ཁབ་ཅིག་ནས་འཚོགས་པ་དེ་ཐོག་མར་ཆགས་འདུག ཀྲུང་གོ་དང་བསྡུར་ན་ཁ་ཐར་རྒྱལ་ཁབ་ཀྱི་སྤྱིའི་རྒྱ་ཁྱོན་བཀང་ཀྲུའུ་ལྟ་བུ་ཞིག་མ་གཏོགས་མེད་ལ་རྒྱལ་ཁབ་སྤྱིའི་མི་གྲངས་ཀྱིས་ཕལ་ཆེར་ཀན་སུའུ་ཞིང་ཆེན་གྱི་མི་གྲངས་ལྟ་བུ་ཞིག་ལས་ཟིན་གྱིན་མེད།⚽️

གངས་ཅན་ལྷ་གཡག་རྟགས་མ་གསར་གཏོད་པ། རྒན་མི་འགྱུར་ལགས་ཧྲང་ཧེ་ནས་བསྡུས་པའི་མཚོ་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཀྱི་རིགས་གནས་རིན་ཐང་གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་འདུག་པས། ཡིད་ཆེས་རེ་བཞག་དང་བཅས་བགྲོ་གླེང་དེའི་ཐད་གཏོང་གི་མགོ་རྔ་ཆ་ཚང་ལ་གཟབ་ནན་གྱིས་མཉམ་ཞུགས་བྱས་པ་ཡིན། ཁོང་ལ་རེ་བཞག་མཐོ་བ་ནང་བཞིན་དུ་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་མང་བོ་ཞིག་ཆེས་ཡིད་ཆེས་ལྡན་པ་དང་སྤོབས་སེམས་ཆེན་པོའི་ངང་ནས་མི་རིགས་གཞན་རྣམས་ལ་ངོ་སྤྲོད་མཁོ་སོད་པ་ཞིག་བྱས་སོང་བས། ཐད་གཏོང་འགྲམ་གྱི་རང་ཉིད་ལ་ཡང་རང་མི་རིགས་ཀྱིི་སྐྱེ་ཁམས་ཁོར་ཡུག་གི་རིན་ཐང་དང་རིག་གནས་རིན་ཐང་བསམ་ནས་ང་རྒྱལ་སྐྱེས་ཡོང་བ་ཞིག་ཆགས།

བོད་ཀྱི་འབྲོག་པ་ཚོའི་ཕྱུགས་ཟོག་འཚོ་སྐྱོང་གི་བྱེད་ཐབས་འདི་ལས་ལྷག་པའི་ཆེས་མི་གཤིས་རང་བཞིན་ཅན་དང་། སྐྱེ་ཁམས་རང་བཞིན་ཅན། བདེ་ཐང་རང་བཞིན་ལྡན་པའི་འཚོ་སྐྱོང་བྱེད་ཐབས་ཞིག་འཛམ་གླིང་གི་ས་གནས་གཞན་གང་དུ་ཡང་རྙེད་ཐབས་མེད་པའི་གལ་གནད་དེ་ཡང་། གཏིང་ཟབ་པའི་ལམ་ནས་ངོ་སྤྱོད་ཕུན་སུམ་ཚོགས་པ་གནང་བར་མ་ཟད། བོད་དང་རང་བྱུང་གི་དབར་དང་། ཕྱུགས་ཟོག་དབར་ལ་མི་རིགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་འབྲེལ་བ་སྟེ། བོད་པ་ཚོས་ནི། ཆུ་འགོ་རེ་རེའི་ནང་ལ་ཀླུ་རེ་གནས་པས། ཆུ་ལ་སྦགས་གཙོག་བཟོ་མི་རུང་བ་དང་། རི་བོ་རེ་ལ་གཞི་བདག་རེ་གནས་པས། རི་ལ་གཏོར་སྐྱོན་བཟོ་མི་རིགས་པ། ད་དུང་མཚོ་ལ་མཚོ་སྐོར་དང་རི་ལ་གནས་སྐོར་བྱས་ཏེ། རང་བྱུང་གི་རི་ཆུ་གནས་གསུམ་ནི། རིག་གནས་ཀྱི་ལྟ་བའམ་བླ་མ་མེད་པའི་དད་འདུན་ཞིག་དང་འབྲེལ་ཏེ། སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། སྒོ་ཟོག་དག་ཀྱང་དྭངས་ཤིང་གཙང་བའི་ཆུ་བོ་དང་མེ་ཏོག་སྣ་བརྒྱ་བཞད་པའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ན་རང་དབང་ལྡན་པའི་ངང་ནས་འཚོ་སྐྱོང་བྱེད་ཀྱིན་ཡོད་ཅིང་། མཐར་ཐུག་སྒོ་སོག་དག་བཤས་བཙོང་བྱ་སྐབས་སུ་ཡང་། མ་ཎིའི་དབྱངས་རྟ་དང་འགྲོགས་ཏེ། གསོལ་འདེབས་ཀྱི་ཀློང་ནས་ཉེས་པའི་འདུ་ཤེས་དང་བཅས་བཤས་བཙོང་བྱེད་པ་ལ་སོགས་ཀྱིས་མཚོན་པའི་བོད་རང་གི་ནང་སེམས་ཀྱི་རིན་གནས་ཀྱི་རིན་ཐང་ཁྱད་མཚར་མང་བོ་ཞིག་ཡོད་པ་དེ། དམིགས་བསལ་རྩལ་འདོན་གྱིས་ངོ་སྤྲོད་ཕྲ་ཞིང་ཞིབ་པ་ཞིག་གནང་སོང་། འདི་ལྟར་མི་རིགས་གཞན་གྱི་སྟེགས་བུའི་སྟེང་རང་མི་རིགས་ཀྱི་རིག་གནས་རིན་ཐང་ནི། ཡང་དག་པའི་ཐབས་ལམ་བརྒྱུད་དེ། ཤིན་ཏུ་གཏིང་ཟབ་པའི་སྒོ་ནས་སྒྲོག་སྤེལ་བྱེད་པའི་བྱ་བཞག་འདི་ཉིད་ཀྱི་ངོ་སོ་བསྟོད། འདི་དང་འདི་ལྟ་བུ་ལས་ལྷག་པའི་རང་རིགས་ལ་ཞབས་འདེགས་ཞུ་སྟངས་གཞན་ནི་ཅི་ཞིག་མཆིས། ཕོ་རབ་ཁོང་ལ་སྙིང་ཐག་པ་ནས་དད་གུས་བླ་མེད་སྐྱེའོ།། ཅི་བྱས་ལམ་འགྲོར་ཤོག


发布     👍 0 举报 写留言 🖊   
✋热门推荐
  • 嗨 我是小孙 我来啦‍♀️今天上午我们去辽厦门鼓浪屿 天气热到我无法形容 脚走到没有知觉 啊小妹还是一直拉着我嘿嘿厦门这几天都很热嘛 天天都是三十多度热死人了
  • !天堂伞,提前看看 1.【前1500名74.9】五折口袋水果伞 (bssrYBzwf5q) 2.【前1000名74.9】五折口袋涂鸦伞(jb31YBzESvx
  • 而真正懂得了"味象"之人,也在艺术的道路上,借象而观得其道、借象而悟其道、借象以修其道,最终达到“以艺载道”的境界。由此,而得精神之愉悦,而
  • #百国梦2019# Day34,2019-09-9安克雷奇-迪纳利今天的目的地是迪纳利国家公园旁边的住宿地途中的重点行程是乘小飞机游览迪纳利国家公园麦金利峰是北
  • !有极强的随机应变能力,擅长用有限的食材做出创意的料理,并从他人料理和自身的失败中获取经验不断成长。
  • #博君一肖[超话]# 昨晚通宵为哥哥弟弟打榜投票,手机都快震挂了,刚被电话铃声震醒,一看是耶啵,立马清醒了,接了一个电话超级开心想分享来着一看热搜,wcnm。。
  • 我的《故乡三部曲》其中一部就是他的故事,记得有一天我回家时,他在花园里种菜,我在房间看到了他,瞬间觉得他是个很认真、懂生活的老头子。我觉得我父亲就是这样的人。
  • 顺便说一下橘生淮南是我见过把暗恋这种情绪抓的最好的小说,除了朱颜那个曼滋所有人给我出来挨打,胡那个天外在条件很符合盛淮南,希望别让我失望[赞]听到李飞的bgm里
  • 电影正在热映,无与伦比的视听盛宴全面收割好评,新浪大V推荐度95%开分,惊心动魄的太空奇观“美到让人心跳暂停”“相信任谁看过都得称赞一句,绝对是今年颁奖季的种子
  • 海鲜粥火锅了解一下,吃完涮菜还有鲜掉眉毛的一锅粥等着你喝~当了妈以后变成了一个非常不称职的美食博主,好好拍照好像已经是上个世纪的事儿了,日常就随便记录一下,毕竟
  • #成都楼市# #楼盘动态##土地情报# 兴城人居13亿包揽成都都江堰190亩宅地,楼面价5750元/㎡据土地情报数据监测显示,12月9日,成都市3宗综合用地(
  • 救援人员先观察了河道情况,发现河道宽约 5 米,两岸枯萎的芦苇、杂草丛生。这时,有救援人员在邻近河岸边的水中发现了老人的踪迹,两名救援人员立即穿戴好水域救援装
  • 不同体质的人群所喝的茶也不尽相同。东方红 在熟茶的冬日 收获岁月给的礼物“在不完美的生命中感知完美,"东方红"是后发酵茶,弥久愈香是其的特点
  • 等到明年高考之后,我一定会去台湾看你的,你要记得我们,在世界的那一边要把自己照顾的好好的,我们一定还会再见的,我相信!我想了下,吐口而出那就是疙瘩汤吧,他就真的
  • 我有段时间觉得自制的磨砂膏麻烦,就入了现在用的这个,里面主要是白糖蜂蜜,味道就是淡淡的蜂蜜味,涂在嘴巴上按摩一会之后,等待10分钟左右,清洗一下,蛮方便的去除嘴
  • 醒醒吧,你爱豆就是因为你才结不了婚的。“如果能很直接的恋爱结婚,早就结了”因为对方不是可以正常恋爱的人,才不能正常结婚。
  • 查尔斯在这本书里是一个非常讨人厌的主人公,你不能说佩服他,他为了画画牺牲了太多的东西,但是在我看来,他牺牲的大多都是别人的东西。(虽然但是,作为一名血液病患者,
  • 事情是这样的,我是一名大学生,利用假期打工的时候认识的齐宝玉(欠钱不还者)当初感觉人不错,他跟我借钱的时候就没多想,在京东白条帮他借的,后来跟他要,他还给我后让
  •   谢孔标具体说道,由于国家对二次议价没有明确的限制,各地实行二次议价的政策五花八门,确实给药企带来特别大的困扰。   谢孔标则认为,主要是在医疗机构改革方面
  • 少子化令养老金财源不断缩小,“悠然自得的老年生活”似乎已经成为梦想......与其说是日本人勤奋喜欢工作,更准确地或许应该说是他们已经做好了“活到老,工作到老”