རིགས་ཀྱི་ཨེམ་ཆི། 

                   རྩོམ་པ་པོ།          ཟླ་བ་གཞོན་ནུ། ༼ ཧུང་ཡོན། ༽ 

ངོས་ཀྱི་ཡུའུ་ཞེས་གླེང་ནས་ཐུགས་ཀྱིས་གཅེས་གཅེས་གནང་ཞིང་། །
རིགས་ཀྱི་ཀ་ཆེན་བཞི་ཞེས་རིགས་ལ་ཡང་ཡང་གསུངས་དུས། །
འདི་ཕྱིའི་ལམ་ལ་གཟས་པའི་ཞལ་གདམས་མང་མང་མཛད་པའི། །
སྣང་བ་འོད་པོ་ཆེ་ཁྱོད་གངས་ཀྱི་ཉི་གཞོན་ཞིག་ཡིན། ། 

བྱམས་པའི་བརྩེ་བ་གླེང་ནས་འཚེ་མེད་ཞི་ལམ་བསྐྲུན་ཅིང་། །
མར་གྱུར་འགྲོ་བའི་གནས་ཞེས་བསིལ་ཆར་ཡང་ཡང་འཇོ་དུས། །
ཕྱོགས་ཀུན་བདེ་བའི་གནས་སུ་ཐབས་བརྒྱ་ཇུས་སྟོང་མཛད་པའི། ། 
རིགས་ཀྱི་སྲུང་མ་ཁྱོད་རང་སེམས་ཀྱི་ཞི་བའི་ལྷ་ཡིན། །

ང་ཡི་བོད་ཅེས་གླེང་ནས་རྒྱལ་ཁམས་ཀུན་ལ་བསྐོར་ནས། ། 
དབྱངས་གསལ་ཉི་ཟླ་ཟུང་ཞེས་ཞབས་རྗེས་ཡོངས་ལ་བཞག་དུས། ། 
གངས་ཀྱི་གཡུ་རལ་ཅན་ཁྱོད་རིགས་ཀྱི་གོ་ཆ་ཞིག་རེད། ། 
སེམས་ཀྱི་སེམས་དཔའ་ཆེན་མོ་སེམས་ཀྱི་གུས་ཤིང་འདུད་དོ། །

༢༠༢༡/༡༡/༢༦ ཉིན། མཁས་ཆེན་དམ་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་དྲིན་དྲན་ཏེ་བྲིས་པའོ།། 

ཉི་མ་ལྷ་ས།
མེས་པོ་སྲོང་བཙན་གྱིས་ཁྱེད་ཀྱི་དབུ་འཕང་བཏེགས་པ་ནས་བཟུང་།
ཁྱེད་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མར་ང་ཚོས་དབུ་འཕང་བཏེགས་ཏེ་འོངས།
ཀླུང་རྟ་རྒུད་པའི་དུས་ཚོད་འདི་རུ་བསླེབས་ཟིན་དུས།
ངོ་ཚོས་ཀྱང་ཁྱེད་ཀྱི་དབུ་འཕང་ཐེངས་ཤིག་འདེགས་པར་འདོད་མོད།
ཡོད་ཚད་འདི་འདྲའི་རང་དབང་ལ་མི་འོང་བ་ཞིག་རེད།
ང་ཡི་ཉི་མ་ལྷ་ས། ང་ཚོའི་ཉི་མ་ལྷ་ས།
ཁྱེད་ལ་ཡུལ་དབུས་ཞེས་འབོད་ཐེངས་རེར།
ལོ་རྒྱུས་ཀྱི་རྦ་རླབས་བྲང་ཁོག་ཏུ་ལྡང་འོངས།
ཁྱེད་ལ་ལྷ་ལྡན་ཞེས་འབོད་ཐེངས་རེར།
ཕ་མེས་ཀྱི་གཟི་བྱིན་འགྲམ་ངོས་སུ་ཕོག་འོངས།

༢༠༢༢-༩-༡༦

རང་ཉིད་ལ་བསྐུལ་བའི་གཏམ་མ་ལོའི་ཐལ་ལྕག
༡༽
ནང་བར་འཇུག་པའི་ཐར་ལམ་སྒོ་མོ་ཆེ།།
བསླུ་མེད་གཏན་གྱི་སྐྱབས་མཆོག་དབང་གི་རྒྱལ།།
རང་གཞན་འཇིགས་པ་ཀུན་ལས་སྐྱོབ་པའི་ཕྱིར།།
ཁྱད་པར་བཞི་ལྡན་ངང་ནས་སྐྱབས་སུ་བསྟེན།།
༢༽
དམ་ཆོས་རྣལ་མ་སྒྲུབ་པའི་ས་བོན་མཆོག།
བློ་ལྡོག་རྣམ་བཞིའི་ཉམས་ལེན་མ་ནོར་བ།།
ངེས་འབྱུང་ལམ་གྱི་རྩ་བ་སྐྱེ་བའི་ཕྱིར།།
ཁ་དང་ལག་ལེན་མཐུན་པའི་སྒྲུབ་པ་གྱིས།།
༣༽
ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཉིད།།
དམ་ཆོས་འདུལ་བའི་ལག་ལེན་མ་ནོར་བ།།
སྲོག་གི་ཕྱིར་དུ་དམ་བཅའ་མི་འདོར་བར།།
དཔྲལ་བའི་མིག་འབྲས་བཞིན་དུ་སྲུང་བར་གྱིས།།
༤༽
བླ་མ་སངས་རྒྱས་དངོས་མཐོང་དད་པའི་སྦུབས།།
ལུས་ངག་ཡིད་ཀྱི་བསམ་སྦྱོར་ཚུལ་བཞིན་བསྟེན།།
ལེགས་ཚོགས་དངོས་གྲུབ་མ་ལུས་འབྱུང་བའི་ཕྱིར།།
མདོ་སྔགས་བདུད་རྩིའི་གདམ་པ་རྒྱ་ཆེར་གསོན།།
༥༽
མདོར་ན་མཁས་བླུན་མང་པོས་བསྟོད་སྨད་ཀྱང་།
ཚེ་འདིའི་བསྟོད་བཀུར་རྗེས་སུ་མི་བསྙེག་པར།།
མཆོག་གསུམ་ལས་འབྲས་དཔང་བཙུག་བྱ་བ་ཀུན།།
རང་ཉིད་མི་བསླུ་འཆི་ཆོས་གཤའ་མ་གྱིས།།
༦༽
གཟུགས་མཛེས་སྟོབས་འབྱོར་ཇི་ལྟར་ལྡན་ན་ཡང་།།
མཛེས་པའི་ལུས་པོ་དུལ་རྡོའི་སྟེང་དུ་ལུས།།
བསགས་པའི་ནོར་རྫས་གཞན་གྱིས་ལག་ཏུ་སྤྱོད།།
གཤིན་ལམ་སྐྱ་མོར་རང་ཉིད་གཅིག་པུར་འགྲོ།།
༧༽
བཟང་རྫུའི་ཆེད་དུ་ཚུལ་འཆོས་བྱེད་པ་དང་།།
དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་བྱ་བཞག་ཀུན།།
རྒྱུ་འབྲས་མ་སྲུང་ཉེས་པ་འབྱུང་བའི་ལས།།
རང་ཉིད་གཅིག་པུས་མྱོང་བ་ཀྱེ་མ་ཧོ།།
༨༽
ལས་ཉོན་གཞན་དབང་གྱུར་པའི་བུ་ཆུང་ཁྱོད།།
མི་ཚེ་ཐུང་ཐུང་རྨི་ལམ་ཐུན་གཅིག་ལ།།
ཚད་ཐིག་རིང་བོ་བདེན་འཛིན་འདོམ་གྱིས་གཞལ།།
འཁོར་བ་སྡུག་བསྔལ་རྒྱ་མཚོའི་དཀྱིལ་དུ་ལུས།།
༩༽
རང་གིས་མི་དགེའི་རྒྱུ་ཚོགས་སྒྲུབ་པ་ཡིས།
ངན་སོང་འཕེན་མཁན་རང་ཉིད་ཁོ་ནར་འགྱུར།།
དགེ་བའི་རྒྱུ་ཚོགས་རང་གིས་སྒྲུབ་གྱུར་ན།།
ཐར་ལམ་བགྲོད་པའི་མགོན་ཡང་རང་ཉིད་གྱུར།།

༢༠༡༨/༡༡/༡༢/བསམ་བཟང་གིས།


发布     👍 0 举报 写留言 🖊   
✋热门推荐
  • 让所有民宿进行抱团,有两家三家民宿把它抱团起来,我们尽量在让5月1日到28号左右,把民宿的入住率提高起来。酒店工作人员苗小黎告诉记者,“五一”期间,酒店的房间预
  • 崭新专属磕cp/搞娃/追漫/冲浪个人号漩涡鸣人激推,副推日向翔阳/沢田纲吉/虎杖悠仁,三次元只粉CUP曾涵江‍❤️‍cp只吃我推右位,主佐鸣/侑日/5927/五
  • この写真も最高すぎる#天使萌#井上和「なぎ って呼んでください。」#ちむどんどん #朝ドラ#黒島結菜 #高田夏帆 #井上向日葵 #村田寛奈#池間夏海 #水嶋凜
  • 这款紫米ZMI手持随身小风扇设计非常人性化,三档风速,开关机都需要长按,解决了放在随身包包里容易误触的痛点;可拆卸式前盖,清理非常方便;七扇叶式设计,风力更加柔
  • 西安市北关,振华南路陕西建筑设计院的方军,你要还是个男人,是站着撒尿的男人就站出来,吉英贤,你两个没人性的东西,骗取老太太养老金看病钱,人家为了帮你才把钱借给你
  • 条件是,175+,D+ cup 咱就说,行,希望他能找到符合的。有这身材也是属于极品了,早就去当模特了,何必在这烂地方上学。
  • ”“想說的很多,但又不知從何說起。同時我想表現出他的性向也是流動的..我在紅弦也沒磕上官配男同,就是因為我覺得多諾萬對一切的愛都是大地之愛….#全世界最好的田馥
  • 对你情深已入骨,就算隔着茫茫天涯,还是做不到相负,有人说,得不到的爱情唯有放下才是最好的解脱,道理我比任何人都清楚,可我就是舍不下对你的在乎。有一个人,想见不能
  • “阿尔泰图们奇迹”摄影展蒙通社2022年4月23日讯 4月22-25日,戈壁阿尔泰省行政长官办公厅、家庭、儿童和青少年发展部、文化艺术部、蒙古摄影家协会和省级
  • 4. 今日,泰凌医药盘初升势加速,一度急升1.1倍,近4日股价累升1.6倍。3. 经历昨日暴力拉升后,信铭生命科技盘中再度走强,一度升超80%,近两日累涨超2.
  • 今天老公在剪视频作业 突然想起来那段日子 和她们那段日子里 我总是很忙很忙很困很困 都没有时间用文字记录和她们的故事 还好因为毕设 拍摄了很多因为需要素材的视频
  • #崔诚允[超话]# [] 仲夏成为青涩初恋的爱豆“你也有难忘的初恋吗”以清凉的大海为背景,响彻云霄的初恋之歌-今夏让你心动的主人公-以音乐剧《太阳之歌》中单纯明
  • 2014年,因主演古装仙侠偶像剧《古剑奇谭》被内地观众熟知,并获得国剧盛典年度最受欢迎全能艺人奖、年度电视剧媒体最期待演员;同年,他还因励志喜剧电影《男人不可以
  • 我都忘记了我给他发了什么 哈哈哈 想吃什么想玩什么只要他知道一定会带我去 虽然我想让他自己想哪里有好吃的哪里有好玩的 我实在是太懒了…我和妈妈说他都不带我去玩但
  • 中国城镇化进程的推进与居民可支配收入的增长,带来了更加聚集的消费人群与更高的消费力,其中,二  在新冠疫情爆发后以及疫情防控常态化阶段,餐饮线上线下融合的新型消
  • 设计师也做了正对性的调整——设计策略:1. 针对客厅收纳,利用墙角独特的空间做了一组大储物柜,满足日常收纳需求。业主们,快来查收家装小队的五四寄语吧@潘粤明 @
  • 4月27日,王某某接到北京疾控通知其为密接者后,未按要求主动报备,也未自行居家隔离,多次出入烟酒店、饭店、豆腐坊等场所,造成新冠疫情传播风险。4月27日,王某某
  • 听听这些专家、教师怎么说】#5G#、#人工智能#、大数据等智能技术的飞速发展,不仅带来了教育理念创新,也深刻影响了教学模式,为教育教学带来了更多的可能性。#教育
  • [舉手]每次完成一些ccxx作业 听她们的广播剧真的感觉时间过的很快呜呜呜呜呜呜呜听到最后 那句杀青了真的让人爆哭就像是 双方cv也不舍得这部剧但还是跳出来 感
  • #任嘉伦[超话]# 「16岁开始喜欢上音乐 18岁开始尝试唱歌跳舞 21岁辞职,为了音乐闯荡 25岁开始演戏 28岁你们认识了我 29岁半,我送给了自己一个礼物