ཡན་ལག་བརྒྱད་ལྡན་གྱི་ཆུ་ནི། དྲི་མ་མེད་པས་གཙང་བ། མ་རྙོགས་པས་དྭངས་བ། ངད་དང་ལྡན་བའི་བསིལ་བ། ཟུག་རྔུ་མེད་པས་འཇམ་པ། དྲི་ལྡན་བས་བསིལ་བ། རོ་མཆོག་དང་ལྡན་པས་ཞིམ་པ། གདུང་བ་སེལ་བས་ངོམས་པ། ལུས་ལ་ཕན་པས་བདེ་བ་སྟེ་ཡན་ལག་བརྒྱད་དང་ལྡན་ནོ།།
༄༅།།དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།།
净使除掉贪欲,善使脱离恶趣,唯成胜宝真谛,顶礼住涅槃法。—释子希热陀美由藏译汉
净使除掉贪欲,善使脱离恶趣,唯成胜宝真谛,顶礼住涅槃法。—释子希热陀美由藏译汉
མོས་གུས་ཕྱག་ལ་ཉེེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱིི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། ། ཐུགས་ཀྱིི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་རྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། [合十][合十][合十]
✋热门推荐