གཞན་སྐྱོན་གླེང་ལ་རིགས་གཅིག་ཁ་མཐུན་ནས། །
མཉམ་རུབ་བྱས་ཏེ་མདོ་མེད་ངག་འཁྱལ་ནི། །
སོ་སོའི་ངན་འཚང་རུལ་བ་ཕྱིར་བཏོན་ནས། །
ཚོང་ཟོག་ཐང་མར་བརྡལ་བའི་ཚུལ་འདི་སྐྱོ། །

——སྐུ་འབུམ་པ་རྒྱལ་སྲས་ནས།

འཆི་བདག་རྒྱལ་མོ་ཁྲོས་པའི་བཀའ་ལུང་དེ། །
མཐོ་དམན་སྲོག་ལ་གནམ་ལྕགས་ཐོག་ལས་གཟུ། །
གློ་བུར་སྙིང་གི་དཀྱིལ་ལ་མ་ཐེབས་གོང་། །
མང་ཐོས་ནོར་གྱི་ཕུང་བོ་འབད་པས་གསོག །

བཟོད་སྒོམ་བྱས་ན། གྱོང་རག་པ་ཡིན་ཞེས་པའི་ལྟ་ཚུལ་དེ་འགྲིག་གམ།
ཚན་པ་གསུམ་པ།
གཞན་འཚོ་བ་དངོས་ལ་ལ་སྦྱར་ཏེ། བཟོད་སྒོམ་བྱས་པས་རང་ལ་ཁེ་ཕན་ཅི་ཞིག་འབྱུང་མིན་ལ་ཞིབ་ཏུ་དཔྱད་ན། ཕྱིར་ཕ་རོལ་བོར་སྡང་སེམས་ཆེན་པོ་བསྟན་ཏེ། རླུང་ཁམས་སུ་ཆེ་དང་དཔའ་སུ་ཡོད་ལ་འགྲན་མིན་ནི། སོ་སོའི་རང་དབང་ཡིན་མོད། ཁོང་ཁྲོའི་དབང་དུ་ཤོར་ཚར་ན། སྐད་ཅིག་དེ་ཉིད་ལ་ཡང་དག་པའི་ལམ་ལ་འཇུག་པའི་བསམ་གཞིག་གི་འཆར་སྒོ་ཡོད་ཚད་བཀག་འགྲོ་ལ། སེམས་ཀྱི་ལྷོད་བག་དང་ཞི་བདེ་ཡང་ཡོངས་སུ་བཅོམ་འགྲོ་ཞིང་། ལེ་བདའ་དང་། འཁང་ར། སྐྱོ་གདུང་། འགྱོད་སེམས་སོགས་གུ་དོག་པའི་ཚོར་བ་མང་བོའི་འདམ་ལ་ཟུག་པར་བྱས་འགྲོ་བས། ཁོང་ཁྲོ་དང་དུ་བླངས་ན་རྒྱལ་ཁ་དང་ཁེ་ཕན་ཅི་ཞིག་འདུག་གམ། དེ་ལས་བཟོད་པ་སྒོམ་པ་ནི། དོན་ལ་སེམས་ཀྱི་ལྷིང་འཇགས་མི་དཀྲུགས་པའི་ཆེད་ཡིན། ཚུལ་དང་ཚུལ་མིན་ལ་དཔྱོད་པའི་རྣམ་དཔྱོད་ཀྱི་ཤེས་རབ་མི་བརླགས་པའི་ཆེད་ཡིན། ཚོར་སྣང་ཉི་ཚེ་བའི་བྲན་གཡོག་ཏུ་མ་ཚུད་པར་སེམས་ཀྱི་བདེ་སྐྱིད་བསྲུང་བའི་ཆེད་ཡིན་པས། བཟོད་པ་དང་དུ་ལེན་པ་ནི། སེམས་ཀྱི་བཙན་ས་ཟིན་པའི་རྒྱལ་སྲས་དཔའ་བོ་དངོས་མ་ཞིག་གི་བྱ་སྤྱོད་ལས་རང་སྡུག་རང་གིས་ཉོས་པ་དང་སྡར་མའི་བྱ་སྤྱོད་ཅིག་ཏུ་ཇི་ལྟར་འགྱུར་རམ། རང་གི་ཁེ་ཕན་དང་རང་དོན་སྒྲུབ་པ་ལ་ཡང་དེ་ལས་ལྷག་པའི་ལམ་བཟང་ཅི་ཞིག་མཆིས། ལན་རེར་མི་བུ་རེ་འགས་ནི་ཁོང་ཁྲོ་མ་བཟོད་པར་ཁྱིམ་གྱི་ཅ་དངོས་དག་ཕར་གཡུག་ཚུར་གཡུག་བྱེད་པའམ། ཀར་ཡོལ་སོགས་བཅགས་ཏེ། ནང་སེམས་ཀྱི་ཁོང་ཁྲོ་ཕྱིར་རུ་འདོན་ཐབས་ལ་བརྩོན་ཅིང་། འུ་ཐུག་པའི་ཐབས་ལམ་དེ་འདྲའི་ལམ་ནས་སེམས་ཀྱི་ན་ཟུག་སེལ་ཐབས་བྱེད་མོད། དོན་དམ་དུ་ཤེས་པ་རང་བཞིན་དུ་གནས་པ་ཞིག་གིས་བལྟས་ཚེ། ཚུལ་དེར་སྙིང་བོ་ཅི་ཞིག་འདུག་གམ། ཡིན་ཡང་མི་དེའི་རིགས་ཀྱིས་ནི་སྐབས་དེར་ཤིན་ཏུ་ཡ་ང་བའི་ནོར་འཁྲུལ་དེ་འདྲ་བཟོ་བཞིན་པ་ཡང་ཤེས་ཀྱི་མེད། རྗེས་སོར་ཁྲོང་ཁྲོའི་རྨོངས་གཉིད་ལས་སད་པ་ན། གནོད་འགྱོད་ཀྱིས་གང་བའི་ནོར་འཁྲུལ་ལྟ་བས་མི་བཟོད་པ་མང་བོ་ཞིག་བཟོས་ཟིན་པ་ཡང་གཞི་ནས་ཤེས་རྟོགས་འབྱུང་ངེས། མི་སུ་ཡིན་ཡང་ཁོང་ཁྲོའི་བྲན་དུ་ཚུད་པ་ན། གནས་སྟངས་དེ་ལས་མ་འདས་པ་རེད། གནས་དང་གནས་མིན་ལ་དཔྱོད་པའི་རྣམ་དཔྱོད་ཡོད་ཚད་ཀྱི་སྒོ་བཀགས་ཏེ། ཤིན་ཏུ་དོན་སྙིང་བྲལ་བའི་ནོར་འཁྲུལ་ཅི་ཞིག་བཟོ་བཞིན་པ་དེ་རང་ཉིད་ཀྱིས་ཀྱང་མི་ཚོར་བའི་གནས་སུ་བསྐྱལ་འགྲོ་བ་དེ་ནི། ཆེས་འཇིགས་ཉེན་ཆེ་བའི་ཁོང་ཁྲོའི་ཉེས་བྱས་ཤིག་གོ།། ཚུལ་དེ་འདྲའི་ལན་ནས་བལྟས་ན་ལྷག་པར་ཁོང་ཁྲོ་དབང་དུ་གཏོང་བ་ནི། རང་ཉིད་རང་གིས་མི་གྲལ་ནས་ཕུད་པའི་བྱ་སྤྱོད་ཅིག་ཏུ་སོང་འདུག་ན། ད་དུང་བཟོད་པ་དང་དུ་ལེན་པ་ནི། ཉམ་ཆུང་སྡར་མའི་བྱ་སྤྱོད་ཅེས་ནི། སུ་ཞིག་སྨྲ།

གཏམ་རྒྱུད་ཅིག་ལ། ཉིན་ཞིག་སྒོམ་མཁྱེན་པ་ཞིག་སྒོམ་ལ་བཞུགས་ནས་བསྡད་ཡོད་པའི་སྐབས་ཤིག་ལ་རྐུན་མ་གཉིས་སླེབས་ཏེ། བཙན་ཐབས་ཀྱིས་སྒོམ་མཁྱེན་པའི་ཅུང་རིན་ཐང་ཆེ་བའི་ཅ་དངོས་ཡོད་ཚད་བརྐུས་པ་རེད། རྗེས་ནས་ཡོན་བདག་ཚོས་སྒོམ་མཁྱེན་པར་ཁྱེད་ཚང་གིས་རྐུན་མ་དེ་གཉིས་ལ་ཇི་ལྟར་བཟོད་སྒོམ་བྱས་པ་ཡིན་ནམ། ཞེས་དྲིས་པ་ན། སྒོམ་མཁྱེན་པས་གསུང་རྒྱུར། ངས་ནི་དམིགས་བསལ་གྱིས་ཁོ་གཉིས་ལ་བཟོད་སྒོམ་བྱས་པ་མིན། རང་གི་བདེ་སྐྱིད་ཆེད་དུ་ད་གཟོད་བཟོད་སྒོམ་གྱི་ཐབས་ལམ་འདི་བདམས་པ་ཡིན་ཞེས་གསུངས། ཡོན་བདག་ཚོས་གློ་རྡེག་ལ་ཁོང་གི་གསུང་དེའི་གོ་བ་མ་ལོན་པར་མིག་ཅེར་ཅེར་གྱིས་བསྡད། དེ་ནས་སྒོམ་མཁྱེན་པས་ཡང་བསྐྱར་གསུང་རྒྱུར། ངས་ནི་རང་ཉིད་ལ་བཟོད་སྒོམ་བྱས་ཏེ། རྐུན་མ་དེ་གཉིས་ཀྱི་ཕྱོགས་ལ་བསམ་བློ་མ་བཏང་བ་ཡིན། ང་ལ་ད་དུང་ཆོས་ཀྱི་བྱ་བ་མང་བོ་སྒྲུབ་ཀྱི་ཡོད། སྔར་བཞིན་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་ཡོད། ང་ལ་ལེ་འདའ་བྱེད་པ་དང་རྐུན་མ་དེ་གཉིས་ལ་ཚིག་པ་ཟ་བའི་དུས་ཚོད་མི་འདུག གལ་སྲིད་སྔར་བཞིན་སྡང་སེམས་ཆེན་པོའི་ངང་ནས་རྐུན་མ་དེ་གཉིས་ལ་ཚིག་པ་ཟ་ནས་བསྡད་པ་ཡིན་ན། རང་གི་འཚོ་བར་འགྱོད་གདུང་དང་སྐྱོ་སྣང་གིས་གང་ངེས་པས། མཐར་ཐུག་གནད་དོན་ཆུང་ཆུང་དེ་ཉིད་སེམས་ནད་དུ་གྱུར་ཏེ། རང་གི་མི་ཚེའི་བདེ་སྐྱིད་ཀྱང་བརླག་ཉེན་ཆེ། ཚད་དེར་སླེབས་ན། རྐུན་མ་དེ་གཉིས་ཀྱིས་ཁྱོད་ཀྱི་རྒྱུ་ནོར་ཉུང་ཉུང་ཙམ་དེ་བརྐུས་ཚར་བ་མ་ཟད། ཁྱོད་ཀྱི་མི་ཚེའི་བདེ་སྐྱིད་དང་སེམས་ཀྱི་ལྷིང་འཇགས་ཀྱང་བསྐུར་ཚར་བ་རེད། དེ་བས་ང་རང་སྔར་བཞིན་ཞི་ལྷོད་བག་ཕེབས་དང་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་འཚོ་དགོས་ཡོད་པས། བཟོད་པའི་ཉམས་ལེན་ལ་བརྟེན་ཏེ། རང་ཉིད་དང་དུ་བླངས་བ་ཡིན་ལ། རྐུན་མ་དེ་གཉིས་ཀྱང་དང་དུ་བླངས་པ་ཡིན་ནོ།། ཞེས་གསུངས་པས། ཡོད་བདག་རྣམས་ལ་ཡང་ཡིད་འགུལ་ཚད་མེད་ཐེབས། གཏམ་རྒྱུད་ཁྱད་མཚར་བ་འདིས་ཀྱང་། བཟོད་པའི་ཉམས་ལེན་ལ་འབད་པ་དེ། དོན་ལ་རང་ཉིད་དང་དུ་ལེན་ཐབས་ཤིག་དང་རང་གི་བདེ་སྐྱིད་དང་སེམས་ཀྱི་ལྷིང་འཇགས་བསྲུང་ཐབས་དམ་ཞིག་ཡིན་པའི་གནད་དེ་ཡང་ཤིན་ཏུ་གོ་སླའི་ངག་གིས་གསལ་བར་འགྲེལ་འདུག་པ་དེའོ།།
མུ་འགོད། ་་་་་་་


发布     👍 0 举报 写留言 🖊   
✋热门推荐
  • 大家都知道中国女性受过去传统思想的影响,在谈论性方面的话题都是非常羞涩的,他们羞于启齿和另一方来进行沟通关于这方面的话题,不会将自己想要在夫妻生活时想要达到的需
  • 不租也可以看看,对比价格,交个朋友也ok,教你如何租房避坑!不租也可以看看,对比价格,交个朋友也ok,教你如何租房避坑!
  • #戴萌[超话]##戴萌说你们不必事事都欣赏我##戴萌首支个人单曲# @戴萌 “绝大多数人都不知道向左还是向右“而你却清楚自己的方向。宝贝~你只管向前走,我们永
  • 房源保真 真诚待客欢迎随时咨询主页 ☎️15021291713 V❤️wannan131455 #南京租房超话#南京浦口区租房,个人房源,各种精装修单间,飘窗、
  • 在别人眼里,我们会不会很像饿死鬼投胎噗哈哈哈[允悲]别人风卷残云后留下的是一片狼藉,我们不一样了,我们吃得那是洗碗阿姨看到都会竖起大拇指夸赞一句:“要是人人都像
  • 我在幻想着天亮以后就能见到你,梦醒了仍然不见你的人,满目星河皆是对你的思念,苍穹宇宙里无一不是你!你是天使落人间,光芒万丈有你而生,百花齐放百鸟齐鸣只为你一人!
  • 阿施总结了一期厦门租车踩雷合集,快看看你中没中招❗️️:dinosupercar-1⃣️不是所有车行都需要付高昂金的,咱家哪怕是超跑,芝麻分满650也是可以实现
  • 如‮别果‬人只有吃喝玩乐能想到我‮到,‬正​儿八经需要合作的时候,到需要合作赚钱的时‮,候‬想起的永远不是‮,我‬我想,在​他们眼里我可能是废人一个,是一条带都
  • 4、风光摄影型:这类旅游的旅游者要求比较严格,往往是志同道合的人一起出发,因为他们都有一个共同的目的——摄影。对这些景点的基本选择是少有人去,或者是新发现的
  • 今天翻出一篇旧稿子,是2018年《摘金奇缘》宣传期间对杨紫琼(还有电影导演)的采访,叫《我想要一个杨紫琼一样的妈》原载vice中国(现BIE)。#侨报新闻速递#
  • 暗恋初中同桌很久,有次看她在折星[泪流满面]星,便问她折给谁?那只小熊我也丢给儿子玩了。
  • #钻戒[超话]##成都[超话]# 「 •浪漫至死不渝樱花浪漫钻戒 」 春有约,花不误 - S形流线设计六爪钻戒的浪漫 粉色花蕊作为点睛之笔 扭臂更修饰手型
  •  男子害怕拿回家的时候被村子里的人看到,因为他们太爱嚼舌根子了,就决定先回家拿个布袋子装着,顺便把媳妇也拉来一起看看。 男子害怕拿回家的时候被村子里的人看到,因
  • ——张孝祥《鹧鸪天·平国弟生日》——徐鹿卿《水调歌头·寿林府判》11.相看只有身长健,共沥馀樽作小赪。
  • ”王女士听了楼下邻居说的话,瞬间就吓了一身冷汗,因为丈夫去世之后,自己近段时间才回来一个人住,怎么会有小孩推车的声音?得知事实的经过之后,王女士却高兴不起来,因
  • 甚至是在同一所大学里,不同专业要求的分数都不一样高,比如商学院和计算机相关专业就往往有更高的要求,部分大学的强势专业(如利兹大学的传媒类专业)也会有单独的要求。
  • 夏天的时候突然很想吃新疆炒米粉 点了一碗 我知道我可以全部炫完 那就给自己制造进食麻烦!#原来小猫咪才是水做的##喵星人[超话]# 羡慕猫的身体,它有无数种舒
  • 对不起我真的需要记录 太感动了 虽然兔子已经做过很多让人泪目的事儿但是我还是要记录 从前天和朋友们喝酒结束到现在一直不舒服 吃不下饭 然后今天被人说生气就赌气节
  • 迪奥先生我让五个渣攻痛哭流涕的那些年必须向七个男人求婚怎么破反派白化光环颠覆重生之路珍珠公主读者和主角绝逼是真爱好一朵美腻的白莲花当弱受穿成种马男主不装b#马天
  • 2022年王者荣耀挑战者杯小组赛#EDGM对战GK# 上海EDG.M 0:1 佛山DRG.GK前期我方Roc拿到首杀,我方团战拿到了一换二。二十分钟,风暴龙王降