ཡོད་པར་སྒོམ་ཡང་མེད་པར་སྣང་། །
མེད་པར་མཐོང་ཡང་ཡོད་པར་རྫུན། །
འཇིག་རྟེན་འཁྲུལ་བའི་མེ་ལོང་ངོས། །
བདེན་པའི་ཡེ་ཤེས་རྙེད་པར་དཀའ། །

ཀླུ་སྒྲུབས་དགོངས་པར་བསྟུན་ན་ནི། །
ཚད་མའི་བདེན་སྒྲུབས་རི་ཙམ་མཐོང་། །
རྗེས་འཇུག་མཁས་པའི་བཞེད་ན་ནི། །
དེ་ཡང་བདེན་པའི་ཡེ་ཤེས་སྟོང་། །

རང་བློ་དྲི་མ་མེད་པ་ཡིས། །
གཟུ་བོར་གནས་ཏེ་དཔྱད་ན་ནི། །
གང་ལའང་བདེན་པ་མ་འགྲུབ་པ། །
འཁྲུལ་སྣང་སེམས་ཀྱི་འཆར་ཚུལ་ཙམ། །

ཞེས་ཀྱང་གཡང་ལྷ་སྐྱབས་ཀྱིས།

#རྒྱང་རིང་དང་གཙང་པོ།

༤༡

གཙང་པོ།
སྟོན་མཇུག་འདིར་བྱ་ཁྱུ་ནམ་མཁའ་རུ་དེངས་སོང་།
མེ་ཏོག་དང་རྩྭ་ཐང་ཡང་རྒྱང་དུ་བཞུད་སོང་།
ཁྱེད་ཀྱིས་ལྷགས་རླུང་གི་སོ་ཁ་ནས་གང་དུ་བལྟ་ཡི་ཡོད།

༤༢

གཙང་པོ།
ད་ནི་ལམ་འགྲམ་དུ་སྟོན་ལོ་འཐོར་བཞིན་འདུག་པས།
ཁྱེེད་ཀྱི་སེམས་ཀྱང་ང་དང་འདྲ་བར་སྐྱོ་བཞིན་ཡོད་ངེས།

༤༣

གཙང་པོ།
ལ་ལས་གཏོང་བ་ནི་ཐོབ་པ་ཡིན་ཟེར།
ལ་ལས་འཛིན་པ་ནི་ཤོར་བ་རེད་ཟེར།
ཡིན་ཡང་ངས་ཁྱོད་རང་གཏོང་འཛིན་གང་ཡང་མི་ཕོད།
གང་ཡང་མི་ཕོད།

༤༤

གཙང་པོ།
འཇའ་ཚོན་ལྟ་བུའི་སྣང་བ་ལ་བདེ་བ་མེད་དུ་ཁྱུག་ཀྱང་།
ཁྱེད་རང་ཡོད་སའི་ས་དེར་ཤིན་ཏུ་སྐྱིད་ཨང་།
ཐ་ན་ཁྱོད་རང་ཉེ་འཁོར་གྱི་མི་དང་ཡུལ་ལྗོངས་དེ་ཚོའང་གཞན་དང་མི་འདྲ།

༤༥

གཙང་པོ།
འདི་ནས་མུ་མཐའ་བྲལ་བའི་རྒྱང་རིང་གི་ངོགས་སུ།

ཁྱེད་ཀྱིས་བཞེངས་བའི་རྨི་ལམ་ག་ཚོད་ཡོད།

༤༦

གཙང་པོ།
ཁྱེད་ཀྱིས་རྣམ་ཤེས་ཀྱི་རོལ་དབྱངས་ལྷོད་ཀྱིས་དཀྲོལ་དུས།
ཚོར་བའི་སྙིང་ལ་སིམ་པ་ནི་ཞི་བདེའི་རླབས་འཕྲེང་ཨེ་རེད།

༤༧

གཙང་པོ།
སེམས་ཀྱི་མཚམས་སྤྲིན་དམར་པོ་འགྱུར་ཁུགས་དང་འདྲེས་དུས།
ཤམ་བྷ་ལའི་ཕོ་བྲང་དཀར་པོ་གཞན་ལ་མ་གནང་རོགས།
བདག་གི་སེམས་ཀྱི་རྟེན་བུར་ཁྱེད་ཁོ་ན་ཡིན།

༤༨

གཙང་པོ།
ཁྱོད་རང་དུང་གི་ཟླ་བ་བཞིན་དུ་ལམ་ལ་ཆས་དུས།
ཉེ་འཁོར་གྱི་གྲིབ་གཟུགས་དེ་ཚོས་སྟངས་ཀ་བྱས་ཀྱང་།
ཁྱེད་ཀྱིས་སུ་ལའང་འགྲེལ་བཤད་མ་གནང་རོགས།
བགྲོད་ལམ་ནི་གནམ་འོག་གི་ས་ཆེན་པོ་དང་།
ས་ཆེན་པོ་ནི་གནམ་འོག་གི་བགྲོད་ལམ་རེད་ཨང་།

༤༩

གཙང་པོ།
འཁོར་བའི་ཐ་སྙད་ལ་ཡོད་མེད་ཀྱི་འདུ་འཛི་བསླེང་ན།
ཁྱེད་ཀྱིས་སེམས་ཀྱི་རི་མོ་ལ་ཅེར་གྱིས་གཟིགས་མཛོད།
འདི་ནི་སྙན་ངག་པའི་ཉིང་དགོས་རེད་ཟེར།

༥༠

གཙང་པོ།
ལན་རེར་ཚོར་རྟོག་གི་ཐ་སྙད་རིང་མོ་འུར་གྱིས་དཀྲོགས་ན།
ཁྱེད་ཀྱིས་སྣང་བ་དཔེ་རུ་ལེན་རོགས།
འདི་ནི་སྒྱུ་རྩལ་བའི་དོན་ལྡོག་རེད་ཟེར།

ཤེས་རབ་ཀྱི་སྒོ་མོ་འབྱེད་དགོས་པ་ལས།

ནམ་ཡང་གཏན་མི་རུང་།
གལ་ཏེ་གཏན་པར་བྱས་ན།
འཇིག་རྟེན་འདིར་ཡོང་ཀྱང་དཀར་འོད་མི་མཐོང་བའི་ལོང་བ་གཉིས་སུ་མ་མཆིས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 9月4日,法国爆发推翻第二帝国的革命,成立了第三共和国。法兰西第二帝国皇帝拿破仑三世在普鲁士首相俾斯麦的挑动下,1870年7月19日对普宣战。
  • 今天去逛了粤港澳大湾区车展,发现今年比亚迪展区是真的好多人,尤其是今天刚到场的海豹区,人山人海[允悲]好不容易才拍到几张图,真的有被流畅的线条惊艳到,现场的女生
  • 工作的压力、生活的磨难和人生、亲人、岁月这些比起来太微不足道了,学会享受生活,让生命的每一天都精彩吧,因为我们走在了倒计时的路上!我觉得我的青春我的激情刚刚开始
  • 新天地作词//王磊革命英勇起上海中国地各派在盘踞势力云烟起花红又酒绿那是歌舞戏在那新天地乱世红尘聚满城又风雨谍战在拉起谁家有势力是非何沧几派争的利益又是重头戏上
  • 但是从去年开始,随着主机厂准备过冬,来自主机厂的外包项目锐减,这不仅导致设计公司收入降低,还引发一些公司低价接项目,带来整个行业生态变差。宁愿垫资供货 也不能失
  • #vintage[超话]##迪奥##dior迪奥# 铝天花广告牌装饰材料天花里的大学问    装房子人们更侧重的就是四周围的墙壁,一般在看设计图的时候,主打的还
  • 我真的很爱磕cp,gx、kw……只要对星星好的人我就会爱屋及乌,因为我希望全世界都喜欢甘星,他值得。#不可辜负的美食##吃货在这里##城市味蕾战#台中第五市场美
  • 把朋友圈从发现页移除到取消了新消息的提醒,也发现刷朋友圈没有那么强烈的欲望了,以及对于自己鸡零狗碎无聊的日常也没啥分享的欲望…看了大半的警察荣誉,也不得不说这算
  • 人的山根祖窍为什么会放光,因为性之根与命之窍相连,上下是一条无形的管子,启动元神放出真性之光,靠命窍精足,也就是元精发动,先天的生命性与命,性是元神,命是元炁,
  • 而荷塘的荷叶参差摇曳,好是壮观。而不远处的地方,一朵荷花盛开,风吹来荷花的香气,满院清香,让这个盛夏,也变得不那么难熬。
  • 他威胁我哎,我又有什么办法呢,这是晚上10点半啊,所以这20块我又出了,大冤种!总结:重庆第一天体验感一般,除了山城步道还行以外没啥,不过可能是因为我原本就没有
  • 相信保护环境的理念定会如同幼苗一般扎根于小朋友们稚嫩的童心中。的确,童心未泯是那么的可贵和美好,随着时间的流逝,有一天父母会突然间惊讶于孩子成长的速度。
  •   44  人生的刺,就在这里,留恋着不肯快走的,偏是你所不留恋的东西。  10  忠厚老实人的恶毒,像饭里的沙砾或者出骨鱼片里未净的刺,会给人一种不期待的伤痛
  • 当前,在石家庄市委、市政府的正确领导和统一部署下,鹿泉正在打造千亿级电子信息产业集群,这是鹿泉发展的重大历史机遇,也是广大人才施展才干的大好时机,当下的鹿泉比历
  • #日常碎片plog# 收到儿子精心准备的生日礼物,暖暖的幸福感爆满,谢谢你儿子。祝我爱的人和爱我的人一切平安!
  • 【市域社会治理现代化 | “云上”连线实现对接“零距离”】“您好,我是太原的秦律师,近期无法到当地阅卷,请问还有其他阅卷形式吗?自12309中国检察网“互联网阅
  • 这位富商虽然啥不不懂,但也热衷于文物收藏,一天,他偶然听到琉璃厂出现了一幅宋朝古画,据说这画名叫《腊梅山禽图》。一般来说,‘御画’才是宋徽宗亲笔作品,收藏御画比
  • 钟楼步行街综合服务中心负责人说:“开街仅仅是第一步,对于钟楼街未来的发展,我们将按照‘传统与潮流共振的全生态零售型街区’业态定位,分三期开展招商,经过两年至三年
  • @刘婷婷Isabella 小嘛小儿郎  背着那书包上学堂  不怕太阳晒  也不怕那风雨狂  只怕先生骂我懒哟  没有学问那无颜见爹娘  啷里格啷里格隆咚锵!而
  • 这期间,车上一个女生等不及了开始对着前面的司机师傅大喊:“我的车要晚点了,让我下去!车上的大妈就开始碎碎念模式“傻x红绿灯都弄不好”“也没个警察”“也没人打电话