"གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།།
བདེན་བཞི་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས།།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།།"

༄༅། །ཟླ་བའི་མདོ་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། ཙནྡྲ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན་འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀབ་པར་གྱུར་ཏོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་དངངས་ལ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པར་རབ་གྲོལ་བའི། །སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ། །གནོད་པ་དག་དང་ཕྲད་གྱུར་པ། །བདག་གི་སྐྱབས་ནི་མཛད་པར་གསོལ། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། ། ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ལམ་མེར་འདུག་ལ་དཀར་བ་དང་། རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང་། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །ཟླ་བ་རྣམ་པར་གཏོང་བར་བྱེད། །དེ་ནས་རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རིངས་པ་བས་ཀྱང་རིངས་པར་ཟླ་བའི་དཀྱིལ་འཁོར་བཏང་བ་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྔུལ་ཅིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། །སྒྲ་གཅན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། །གསོན་ཡང་བདེ་བར་མི་འགྱུར་རོ། །རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་སྨྲས་པ། ཀྱེ་མ་བདེན་པ་གཟིགས་པ་ཡི། །སངས་རྒྱས་རྣམས་ནི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགས་སུ་བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གཏོང་། །ཟླ་བའི་མདོ་རྫོགས་སོ།། །།

རྨོངས་དད་ནི་ཚད་བརྒལ་སྔོན་ཐོན་གྱི་ཚན་རིག་ཅིག་རེད།
ནུས་རྡུལ་སྲུང་སྐར་མཁའ་ལ་འཕགས་པ་དེས་མི་སོ་སོའི་འཚོ་གནས་ལ་དོན་སྙིང་གང་ཞིག་ལྡན་ནམ།
ཀྲུས་ཆིང་ཧྲི་ཡིས་བརྩམས།
འཇམ་དབྱངས་བློ་གྲོས་ཀྱིས་སྒྱུར།
ནུས་རྡུལ་ཤུགས་རིགས་ཀྱི་ཡ་མཚན་ཆེ་བའི་སྣང་ཚུལ་ཚུལ།
ནུས་རྡུལ་ཤུགས་རིག་དེ་ནི་རང་བྱུང་ཚན་རིག་ལོ་རྒྱུས་ཀྱི་ཐོག་གི་ཚོད་ལྟས་ར་སྤྲོད་བྱས་པ་ཐམས་ཅད་ཀྱི་ནང་གི་ཆེས་གནད་ལ་ཐིག་པའི་རིག་གཞུང་ཞིག་རེད། འོན་ཀྱང་ནུས་རྡུལ་གྱི་ལྟ་བ་དེ་གོ་བ་ལོན་ཐུབ་མཁན་ཞིག་མེད། དེའི་དོན་གོ་ཐུབ་པའི་མི་ཞིག་ཡོད་མ་རེད་ཅེས་བཤད་པའི་དོན་ནི། ང་ཚོ་ལྟ་བུ་རིམ་པ་འདི་ཉིད་ལ་གནས་པའི་མིས་དེའི་དོན་དེ་རྟོགས་ཐུབ་པ་མ་ཡིན་ཞེས་པའི་དོན་གཏན་ནས་མ་ཡིན་པར། ཐ་ན་ནུས་རྡུལ་ཤུགས་རིག་གི་སྲོལ་གཏོད་པ་པོ་དེ་དག་གིས་ཀྱང་གོ་ཐུབ་ཡོད་མ་རེད་ཅེས་པའི་དོན་ཡིན་ནོ།།
དེ་ལྟ་ན་ནུས་རྡུལ་ཤུགས་རིགས་ཀྱི་ཆེས་གོ་དཀའ་བའི་གནས་དེ་གང་ཞིག་ཡིན་ཞེ་ན། ཐོག་མར་ནུས་རྡུལ་ཤུགས་རིག་གི་ནང་གི་ཆེས་གོ་དཀའ་བའི་གནས་དེ་མི་རྣམས་ལ་གསལ་བཤད་ཅིག་བྱེད་རྒྱུ་ཡིན་ལ། ཆེས་གོ་དཀའ་བའི་གནས་དེ་དངོས་གནས་སྒྲུབ་བྱེད་ཡང་དག་གིས་ར་སྤྲོད་བྱས་ཟིན་པ་རེད། དེ་ཡང་རྣམ་ཤེས་དེ་དངོས་པོའི་འཇིག་རྟེན་འདི་ལས་ཐ་དད་དུ་ཕྱེ་མི་རུང་བའི་དོན་དེ་ཉིད་ཡིན། དེ་གཉིས་ཐ་དད་པ་མེད་པའི་ཚུལ་ལ་དེ་རྟོགས་ན་ད་གཟོད་ནུས་རྡུལ་ཤུགས་རིག་གི་དོན་ལ་གོ་བ་ཅུང་ཟད་རེ་ཆགས་ཐུབ་པ་རེད།


发布     👍 0 举报 写留言 🖊   
✋热门推荐
  • baby乖不生气哈善有善报,恶有恶报,所有一切都会一一到来,不用担心,会有人替你惩罚那些恶人[喵喵][doge]以后长心,再不要用自己的善良去喂恶狗As肌本
  • #李钟硕[超话]# [心] 20190318. 更新ins: 사랑하는 우리 팬들 차은호를 사랑해주셔서, 응원해주셔서 감사합니다. 배우로서 여
  • 你知道就算大雨让这座城市颠倒,我也会给你怀抱 曾以为我配不上你…事实上,是你不值得拥有我。你知道就算大雨让这座城市颠倒,我也会给你怀抱 曾以为我配不上你…事实上
  • 破财消灾算了算了今天是婆婆不在家的一天带着安宝在两边姐姐家蹭饭算是熬过了24小时晚上买了安宝最爱吃的巧克力豆告诉他不能吃太多牙齿会掉吃着火锅抬头一看安宝在一旁
  • 有许多人以为,打起坐来,什么都不知道就叫做定,那是大昏沉;有许多道家、佛家中,都把大昏沉当作定,我已看了几十年。”观白骨观等等,要注意,你修观时,已经在散乱中了
  • 經上講的原理,你要是明瞭之後,你就曉得一點都不難,放下而已。​即使在未来的某一天,我为此遭受了牢狱之灾,甚至是付出了生命,我也不会停止,因为有句古话说的好,“生
  • 】当日,河南许昌正式启用新能源汽车专用号牌。当日,河南许昌正式启用新能源汽车专用号牌。
  • 今天被讨论的助理跪在地上帮艺人系鞋带,其实在圈里早都是见怪不怪的事了,只是平时拍摄什么的,都不允许带手机,工作人员之间也有保密协议在,所以没怎么被发散吧。像韩美
  • ”50多分鐘後,他轉發此前的帖子,並再次諷刺,“和房地產領域一樣,在政治、生活領域,位置代表一切。該安排被曝光後,美國前總統特朗普火速在個人網站發文嘲諷拜登,“
  • 【“读万卷书 行万里路”乐陵市喜迎二十大研学游暨研学基地正式启用】 9月25日,“读万卷书 行万里路”乐陵市喜迎二十大研学游暨研学基地启用仪式在市文化娱乐中心举
  • 可是面向全国未成年人的课本出了这样的问题真的不能理解,一点都不能理解!那我实在不能理解三审三查的教材是怎么出现这样的问题的?
  • 有很多这样的人,他的婚姻也不好,他知道亲密关系有很多问题,可是他一听到改变的方法,他都不试一下就会摇头。当我们一‮人个‬的时候,遇到‮种各‬问题,没‮别有‬人可
  • 模型均来自于MukouC(无考证模型)的@Memorian- ,整体素质很好,是我做搓了,J35机头是让镊子拍钝了[苦涩]。平时很不喜欢把这些记录到生活中,但
  • 作为第一所在美国本土出现的中国大学和创始合作伙伴,清华大学加入华盛顿大学(UW)共同领导国际合作和交流的新时代。科斯说,华盛顿大学非常重视与清华大学、微软公司合
  • #森哥的视界[超话]#阿根廷3-0牙买加,梅西替补双响+任意球破门,阿尔瓦雷斯建功阿根廷与牙买加在美国纽约进行一场友谊赛。#神奇泰国##俞更寅的小饭桌##小卡播
  • #來吧我是電影人##香港電影史紀錄片 # 泰吉影業from:Goldensunfilms Grouphk fb真没想到,2022年国庆节,露营的热度,远远不及五
  • 我的宝贝三岁啦都说主人和宠物是有缘分的 见到他的第一面 我就知道这就是我的小猫咪啦 抱他回家那一天 在闺蜜家吃了一顿火锅 庆祝拥有了一只小猫咪刚到家的时候他
  • 活动期间,名额有限(不漂亮绝对不 收钱)名额仅限5个,抓紧时间做一个精致的女人吧[愉快]地址:重庆市南坪公交枢纽站城市星座八楼,联系方式:15823202738
  • #漠宏庵情感[超话]#世界杯远古吹;世界杯大好消息来袭!应该是两三年前25$捡的这双79-81 Daybreak拿到手的时候其实比照片中还要脏 鞋底也粘满了顽固
  • 打开盒子,依然是熟悉的配方,只是这次提供了更小的 XS 耳塞,对我而言,M 刚好合适,所以也就不需要尝试新的耳塞,直接拿起来就能用,与 AirPods Pro