རི་ལུང་ཁ་བས་གཡོགས་པས་ནམ་ཟླ་འཁྱག།
སྡོང་ལོ་རླུང་གིས་སྤུར་བས་དུས་ཚིགས་འགྱུར།།
འཕྱོར་སྒེག་ལང་ཚོ་ཡོལ་བའི་སྟོན་ཟླ་འདིས།།
བདག་གི་ཡིད་ལ་བྲེལ་བ་ཐེངས་གཅིག་སློང་།།

གསར་གཏོད་ཀྱི་ནུས་པ་ཇི་ལྟར་གསོ་སྐྱོང་བྱ་དགོས།
ཚན་པ་གསུམ་པ།
སློབ་གཉེར་བ་ཞིག་ལ་མཚོན་ན་དེ་ལས་ཀྱང་དེ་འདྲའི་གསར་གཏོད་ཀྱི་བསམ་བློ་དང་རང་སྟོབས་རང་སྤེལ་གྱི་འདུ་ཤེས་ཤུགས་དྲག་པོ་ཡོད་དགོས་པ་མ་ཟད། གཞན་ལ་ལད་ཟློས་དང་བསྐྱར་ཟློས་ཀྱི་འདུས་ཤེས་དེ་འགོག་ཅི་ཐུབ་ཀྱིས་སོ་སོའི་ཀླད་པ་དཀྲུག་དཀྲུག་གཏོང་བར་འབད་རྒྱུ་དང་། རང་དང་འཚམ་པའི་སློབ་གཉེར་གྱི་བྱེད་ཐབས་གསར་བ་རེ་འཚོལ་བར་བརྩོན་རྒྱུ་ནི། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པའི་གསང་བ་དམ་པ་དེ་ཡིན་པར་བཤད། དེ་ལྟར་སློབ་བཉེར་བྱ་སྐབས་དང་འཚོ་བའི་ཁྲོད་ཀྱི་བྱ་བ་ཆེ་མ་གསུམ་གང་ཞིག་ལ་འཇུག་སྐབས་ཀྱང་སྔར་དང་མ་འདྲ་བའི་བྱེད་ཐབས་གསར་བ་རེ་སྤྱོད་ཐབས་ལ་གོམས་འདྲིས་བཏང་བ་ཡིན་ན། དེའི་ཤུགས་རྐྱེན་གྱིས་མ་འོངས་པར་གསར་གཏོད་མཁན་རླབས་ཆེན་ཞིག་ཏུ་འགྱུར་རྒྱའི་རེ་བ་ཡང་ཤིན་ཏུ་ཆེ་བས། དང་ཐོག་ཆུང་ས་ནས་གསར་གཏོད་ཀྱི་བསམ་བློ་གསོ་སྐྱོང་བྱ་ཤེས་རྒྱུ་ནི། གནད་དུ་ཆེ་བ་དེ་རེད། ཕ་མ་ཞིག་ལ་མཚོན་ན་ཡང་བྱིས་པའི་སྒེར་ཚུགས་ཀྱི་གཤིས་ཀར་བརྩི་མཐོང་བྱེད་ཤེས་རྒྱུ་དང་། བྱིས་པའི་མཚར་སྣང་ལ་འདེང་འཇོག་ཆེན་པོས་གསར་གཏོད་ཀྱི་ལས་ལ་བསྐུལ་ཤེས་རྒྱུ་དང་། བྱ་བ་འདྲ་མིན་སྣ་ཚོགས་ལ་འཚོལ་བསྙེག་དང་ཚོད་ལྟ་བྱེད་པར་དགའ་མཁན་ཞིག་ཏུ་གཏོང་རྒྱུ་ནི། བྱིས་ཚོའི་མཐའ་མེད་པའི་འཇོན་ནུས་སྣ་ཚོགས་སྔོག་འདོན་བྱེད་པའི་མན་ངག་དམ་པ་དེ་ཡིན་པ་ཡང་རྗེས་སུ་དཔོག་ནུས་པས། དེ་དག་ལ་སོགས་ཀྱིས་མཚོན་པའི་བྱ་བ་ཆུང་ས་ནས་མགོ་བརྩམས་ཏེ། ལམ་ཁ་གསར་བ་དང་ཐབས་ལམ་གསར་བ་རེ་འཚོལ་ཤེས་ཀྱིས་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི། གང་ལས་ཀྱང་གལ་ཆེ་སྟབས། ང་ཚོས་མཉམ་དུ་ལས་དེར་ཅི་ནུས་ཀྱིས་འབད་པར་བྱའོ།།
རྫོགས་སོ།། ་་་

རང་དོན་ཙག་ཙིག་རེར་མགོ་འཁོར་ཏེ་རང་དང་ཁོར་ཡུག་ཇི་ལྟར་འགྱུར་བཞིན་ཡོད་པ། ཧ་གོ་ཡི་མི་འདུག དེ་རིང་ཕྱི་ལ་བུད་ནས་ལམ་འགྲམ་དང་ལྕང་སྡོང་འགོ་ལ་ལྟ་དུས་ཕྱི་རོལ་གྱི་འཇིག་རྟེན་ནི་གསེར་མདོག་གིས་བྱུགས་འདུག ལོ་མ་སེར་བོ་དག་གྲང་རླུང་ཚ་བོ་ཞིག་གིས་གང་སར་སྤུར་བཞིན་གྱིན་མཆིས། འོ་རེད། དེ་ནི་སྟོན་ཟླ་སླེབས་སོང་བས་ཡིན་འདུག ག་ལེར་རང་ལ་འཁོར་ནས་ལྟ་ཙམ་བྱེད་དུས་རང་གི་མི་ཚེ་ཡང་སྟོན་ལྗོངས་སུ་སླེབས་ཡོད་པ་གཞི་ནས་དྲན་གསོ་བྱུང་། ༢༠༢༢•༡༡•༡༣•_________•སྨིན།


发布     👍 0 举报 写留言 🖊   
✋热门推荐
  • 6、在“落地检”综合服务站点已完成核酸检测并持有通行卡的省外来宁返宁的车辆,24小时内可驶入和驶出主城区外围各管控节点,但私家车和公务用车不得出入大通县、湟源县
  • ”读书,就是给‮己自‬保留一个‮生人‬逆袭的​机会,只要‮能你‬坚持不‮,懈‬那些‮过读‬的​书,终将改变‮你了‬的生活,也让‮有你‬了​被看‮的见‬能力。作家
  • 以为长势迅猛就会平安无恙 直到今天又是血迹斑斑和一地毛 孤零零一只躲在墙角 下去清理现场 没有任何线索 洒落的大多不像鸽子毛……没想到前两天的照片 又成为了最后
  • 最简单的理解就是心理学上的晕轮效应,你喜欢这个人,就愈发觉得他身边的一切都是好的,美的,是值得品味的。如今,伴随着生活条件的提高,许多人不再只关注于物质生活方面
  • 4⃣5⃣好久没有吃到这么香甜的芒果了 大大的 超满足[awsl][awsl]6⃣关于我妈咪520收到的花花 咱也不知道叫啥7⃣推荐一款咸味柠檬薄荷糖 运动完吃一
  • @演员刘家祎 静溺一片荒芜与寂空里,徜徉密林汲取生命的精髓,等待脱缰刹那,风平浪静或暗礁密布犹未可知,但星光不减、赤诚不灭,追寻自我的探索,不复刻只由自己抉择。
  • ​​我国2022年应届生就业率达到23.6%,其实比较一下,我们的生育率还可以,至少还有一年一千万,而且现在在结婚关于生孩子方面虽然很急,但是比起日本政府来还是
  • 选择D的人:你晚年会遭罪,你是个命很强的人,在生活中你总是标榜着自己的坚强独立,但其实很多时候你都是死要面子活受罪,你的感情不太顺利,因为一些错误的相识,可能让
  • 该书作为一本针对年龄在12-48个月大自闭症儿童的早期综合性行为干预方法,给自闭症治疗带来了新的希望。自闭症患者则是能够交流,但是不主动去交流,星康认为不论是语
  • AB读书会 9月11日清华大学科技博物馆维纳《人有人的用处》带你回到赛博文化源头“赛博”(Cyber)源自希腊语单词 κυβερνήτης,原始意义为 “操舵员
  • 我说我试过了可我并不喜欢任何一种酒的味道口感,朋友说Missi, people don’t drink because of its taste; it’s t
  • 山高高,云漫漫,自古何梦幻。人生就是这样吧我们如星河里一个个独立运转的行星但是总有交叉的时候在既定规则中,不免会遇到变故需要改变自己的轨道然后再重新运转在下一条
  • #MileApo[超话]# 220515 mile IG Twi你说,哭的像个孩子。Kinn,那你怎么办呢?被por带走的那一块拼图,该用什么方式来填补呢?你的
  • 日前,湖北卫健委发布《关于进一步落实国家基本药物制度,健全药品供应保障体系的通知》提出,将制定区域内各医疗机构统一使用的用药目录,该目录将按照循证证据充足、剂型
  • 开课吧科技有限公司里面的讲师透透糖,打着国家级、人社局、商务部的头衔出来做广告,我从4月30号付款,5月1号要求退款,他们一直拖着我,一直不肯退款,期间一直忽悠
  • 人的觉悟和智慧到达一定的高度,往往是孤独的,天界下凡的人往往都是命格印星非常旺,印代表思想和思考能力,印星多也代表孤独,这种孤独不是指人缘的欠缺,而是缺乏思想的
  • 咳,因为刚写的一些有关弟弟的非主流心动(痛)文学,勾起了我的一些远古的回忆,我又去知乎看了一遍之前的crush小作文,决定把它都搬过来[允悲] 这篇好长好长,
  • 但对象爸爸一直没回来,他爸爸因为年纪大已经不工作了,问他爸去哪里,他说去玩了。唯一不理解他家人这样对爸爸,这种到底是什么家庭,可以帮我分析吗从昨夜到现在,雨一直
  • #阳光信用# #每日一善# 圈子决定人生,接近什么样的人,就会走什么样的路,所谓物以类聚,人以群分。” ​​​​ 不必纠结当下,也不必太担忧未来,人生没有
  • 我们认识时间久,2006年就认识,一起经历过牛市,他才开始接触股市,20几万资金进入股市,一年下来还是这点钱,赚了又马上亏回去,感觉总是被股市戏弄。2015年五