༼དབྱངས་ཅན་མའི་བསྟོད་པ།༽
༧རྗེ་བློ་བཟང་གྲགས་པས་མཛད།
དབྱངས རྡོ་རེད།
ལེན་མཁན། པད་མཚོ།

https://t.cn/A6xtQwF0

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།། དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།། རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ།། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།། མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ།། མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག།། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།


༄༅།།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐབས་གཉིས་པའི་ཕ་ཡུལ་གྱི་ཡ་རབས་གུས་སྲོལ་ངོ་སྤྲོད་འགྲན་སྡུར་གྱི་ལས་རིམ་གཉིས་པ་སྟེ། ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་དེ་དེ་རིང་གཟའ་ལྷག་པའི་ཉིན་དགུང་ནས་མགོ་རྩོམ་མོ།།
           དེ་ཡང་སློབ་མ་ཁང་གིས་སློབ་དུས་སྔོན་མ་སྟེ་2020ལོའི་དགུན་གསེང་གི་ལས་བྱ་སྟེ༼རང་གི་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ལས་ཡ་རབས་གུས་སྲོལ་གྱི་ཐད་ཐུན་མོང་མ་ཡིན་པའི་ཆེ་བཀུར་ཆུང་བྱམས་བྱེད་ལུགས་དང་། ད་དུང་གྲོགས་པོ་དང་གྲོགས་པོའི་བར། ཉེ་འབྲེལ་དང་ཉེ་འབྲེལ་གྱི་བར་སོགས། མདོར་ན། མི་དང་མིའི་བར་གྱི་མཛའ་མཐུན་ཕྱི་ཐག་རིང་བའི་འབྲེལ་བ་བྱེད་ལུགས་སྐོར་འཚོལ་བསྡུ་བྱ་རྒྱུ་༽དེ་དང་།2021ལོའི་དབྱང་གསེང་གི་ལས་བྱ་སྟེ༼ཕ་མར་བརྩི་བཀུར་བྱེད་ལུགས་དང་། བུ་ཆུང་བྱམས་ཀྱིས་སྐྱོང་ཚུལ། ད་དུང་གྲོགས་པོ་ཕན་ཚུན་བར་གུས་བཀུར་བརྩི་མཐོང་བྱེད་ལུགས་སྐོར་གྱི་དམངས་གླུའམ་ལ་གླུ་སྐོར་འཚོལ་བསྡུ་བྱ་རྒྱུ་༽གཉིས་ཟུང་དུ་སྦྲེལ་བའི་ཕ་ཡུལ་གྱི་ཡ་རབས་གུས་སྲོལ་ངོ་སྤྲོད་ཀྱི་འགྲན་རིམ་དང་པོ་དེ་འཛིན་གྲྭའི་ནང་ཁུལ་དུ་སྤེལ་གྲུབ་སྟེ། འགྲན་རིམ་གཉིས་པ་སྟེ་ལོ་རིམ་ནང་ཁུལ་གྱི་འགྲན་སྡུར་དེ། དེ་རིང་གཟའ་ལྷག་པ་ནས་བཟུང་སློབ་གསེང་དག་ཏུ་སློབ་གྲྭའི་བྱ་འགུལ་ལྟེ་གནས་སོགས་སུ་སྤེལ་རྒྱུ་རེད།
པར་རིས་འདི་དག་ནི་དེ་རིང་ཉིན་དགུང་གི་འགྲན་སྡུར་ལ་ཞུགས་པའི་ལོ་རིམ་གཉིས་པའི་འགྲན་ཞུགས་པ་འགའ་རེད།
༼གསལ་བཤད། བྱེད་སྒོ་འདི་ནི་ཁ་སང་གིའོ།།༽

སློབ་ཁྲིད་གསལ་བརྡ།

འཆད་ཁྲིད་མཁན། དགེ་འདུན་རབས་རྒྱས།
ཁྲིད་ཡུལ། ༼ནང་བསྟན་རྨང་གཞིའི་འཕྲིན་ཚོམ།༽

ཁྲིད་བྱ།
དགོན་སྡེ་མིན་པའི་སྤྱི་ཚོགས་སློབ་གཉེར་བ་འགའི་རེ་བ་ལྟར། ནང་བསྟན་ལྟ་གྲུབ་ཀྱི་རྨང་གཞི་འཚོལ་བའི་ཡན་ལག་ཏུ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་༼ཚད་མ་རིགས་པར་འཇུག་པའི་སྒོ་༽ཞེས་པ་དེ་ཉིད། གོ་བདེའི་ལམ་ནས་ངོ་སྤྲོད་ཞུ་རྒྱུ་ཡིན།

སློབ་ཞུགས་ཆ་རྐྱེན།
༼དགོན་སྡེ་མིན་པའི་སྤྱི་ཚོགས་སློབ་གཉེར་བ་༽སྟེ། གྲྭ་ཇོ་གང་ཡང་མིན་པའི་སློབ་ཆེན་པ་ནས། དགེ་རྒན་ཆེན་མོའི་བར། སྤྱིར་སློབ་སྦྱོང་གི་རྨང་གཞི་ངེས་ཅན་ཡོད་ཅིང་། ཁྱད་པར་དུ་ཚད་མ་རིག་པའི་གཞུང་ལ་དོ་སྣང་ཡོད་པ་ཞིག་དགོས།

ཚོགས་པར་ཞུགས་འདོད་ན། གོང་གི་ཆ་རྐྱེན་ཐམས་ཅད་ཚང་བའི་ཐོག། རང་གི་ངོ་སྤྲོད་དང་འབྲེལ། 840074116 འཕྲིན་ཕྲན་ཨང་འདི་ལ་འབྲེལ་དགོས།

ཚོགས་པའི་སྒྲིག་ལམ།
བརྗོད་དོན་དང་འབྲེལ་བའི་དྲི་བ་འདྲི་རྒྱུ་གཅིག་པུ་ལས་གཞན། ༡ བརྙན། ༢ པར། ༣ ཡིག། ༤ ངག་གང་ཡང་མི་སྐུར་བར། ཁུ་སིམ་མེར་བཞུགས་རྒྱུ་དེ་ཡིན།

སློབ་ཁྲིད་དུས་ཚོད།
བདུན་ཕྲག་འདི་ནས་བཟུང་། དུས་རྒྱུན་གཟའ་སྤེན་པ་དང་། གཟའ་ཉི་མ་གཉིས་ཀྱི་དགོང་མོར། ཆུ་ཚོད་ 20:30-21:00 བར། སློབ་ཁྲིད་དངོས་དང་། ཆུ་ཚོད་ 21:00-21:30 བར། སྐབས་འབྲེལ་གྱི་དྲི་བ་དག་ལ་ལན་འབུལ་རྒྱུ་ཡིན་ནོ།།

2021/10/27 ལ་དགེ་འདུན་རབས་རྒྱས་ཀྱིས།


发布     👍 0 举报 写留言 🖊   
✋热门推荐
  • 【原创微小说】 《步摇》 我是这个国家的女王,继位以来政绩颇丰,深受人民爱戴。唯一的缺点是膝下无子。可这不足以撼动我的王位,我已故王兄的长子天玺德才兼备,是王储
  • 你到底是有多喜欢我,为了见我又跑到我的梦里来就像我喜欢你,长得像你的不行,脾气像你不行,不是你就都不行我喜欢你,像花落满地,不留空隙;我喜欢你,像太阳升起落去,
  • 武将たちの熱い人間ドラマ#新信長公記 秀吉&本多療養中7️⃣話見逃し配信は▶lnky.jp/NGHMHD8✎ #武将の休み時間_秀吉and本多編大ケガしています
  • 记2020年1月17and18号17号我跟赵师兄上夜班从两点半到科室就没闲下来过 病人一直源源不断 我虽然帮不上什么忙 但是也稍微帮赵师兄减轻一丢丢负担吧嘻嘻
  • #钻石精雕#术后15天方案:【颧骨+颧弓+面颊+下颌缘+双下巴】吸脂➕钻石精雕➕【太阳穴+小颞区+苹果肌+鼻基底+下巴】填充姑娘中面部发育不良,太阳穴、颞部有些
  • #萤石云视频# 你们自己看,半夜三更,你们的人到底睡在哪里?每个人的“瞬移”灯光都不一样。这个图形,需要我点名到姓吗?难道你们就是用这样的方法明目张胆,跑我租的
  • 更多优惠可以访问自助查找优惠券平台: 送茶具 500g正品,精选安溪原地,浓郁醇厚、回甘持久,老茶客至爱,我们诚意保证【收到茶叶可以拆封喝100克,任何不满意
  • #海底炸厨房小分队[超话]#【葱花粉丝蒸鲍鱼】1. 将鲍鱼去壳去内脏,清洗干净,在鱼表面划上花刀;2. 淋上鲍鱼汁,料酒腌制入味,加入一倍凉开水和少许盐拌匀过滤
  • [awsl]醒来就忘了什么梦了…半夜有只猫在窗外狼嚎鬼叫给我吵醒,一时恍惚以为有个婴儿在惨哭,吓一得瑟,等反应过来的时候已经再次睡着了[哈欠]大清早醒了闻到有人
  • 我居然没有管住自己都嘴巴 我该打 如果没吃 我每天起床肯定是54开头 [泪][泪] 我好恨 [泪][泪] 还是找姐姐施舍我吃的灌饼 [泪][泪] 今天饿到觉得紫
  • 世上最无情的是时间,最留不住的便是光阴,记忆的年轮转了一圈又一圈,岁月的脚步沧桑了指尖浮华,掬一捧光阴,细数过往的倒影,无论在那个年龄段,都要活得洒脱,无过
  • 今天打卡是枝裕和《步履不停》我只能说是枝裕和成为我心目中导演No.1了[泪]可以把家庭片也拍得这么震撼动人也是没谁了,全程固定镜头,日系的有一点过曝的色调,琐碎
  • 返程相对无聊,天色也晚了,景也看不到啥了,火车上遇到一对老夫妇,攀谈了几句,老人家是去沈阳的,我说怎么不坐卧铺啊,他们告诉我卧铺要二百多,太贵了,在这凑活一晚
  • 有关热爱生活的朋友圈文案 ❶ “最近真的很开心 生活步入正轨 我恢复了原来的样子 日子真的是可以温柔又闪亮” ❷ 经历了兜兜转转的重逢是场浪漫 ❸ 就在一次次日
  • dtac在泰开办“安全网络赛博营”其中四个学生创造出了名为 Bully Fighter 的棋盘游戏 ,玩家可根据自己的意愿选择去玩,孩子们玩得越多,对网络欺凌的
  • 图一和图二就是我前几天给你们介绍的,买三件正装就送一支夹心唇膏3号色或者罕见难买的唇颊两用10号色,相当划算算下来大概才六几折,每个柜台分的数量都特别少,所以很
  • ☀️晴天☀潮宝店,永昌路五年实体店 地址:汇胜购物三楼b1-09 春夏新款大量到店 ⚡️另有好消息[闪电] [闪电] [闪电] 西站大头儿子品牌专卖装修进行中
  • “生活中发生的事,如果合乎理想,是我们的福气,如不,当作经验。 by 我芸谁规定他们认为的路就是既好又对早点认清自己的识人不清在乎就输了最最讨厌的冷战居然又经历
  • #【我省出现入汛以来最强降水天气过程】# 从 6 月 30 日开始,我省出现入汛以来最强降水天气过程,截止 7 月 2 日 08 时,降水集中在西宁、海东大部、
  •  在彩排的时候,杜德伟看到李承铉把情绪发泄出来,自己也觉得感同身受,并走过去拥抱了他。#阳光信用[超话]##每日一善# 人生就那么短,不要为了变成别人喜欢的样子