རང་ངོ་འཕྲོད་ནས་སེམས་ངོ་ཤེས་པ་དང་སྣང་བ་དཔེ་རུ་སོང་བའི་གདམས་པ་མིན་ནའང་། པཎ་གྲུབ་གྱི་གླེག་བམ་བཀླགས་ནས་ཡིག་འབྲུའི་ངོ་གདོང་ལ་ཅེར་བཞིན་ཤོག་ལྷེབ་ཀྱི་ཉིན་སྲིབ་ལ་འཚོ་བས་བདག་གིས་ཐོལ་བྱུང་དུ་སྣང་ངོར་འཆར་བ་དག་ཤར་མར་བྲིས་པ་ལགས་དགེའོ། མངྒལཾ།

ངེས་དོན་གྱི་ཉམས་ལེན་པ་མཁན་འཆི་མེད་རིག་འཛིན་མཆོག་ལ་སྔོན་དུས་སུའང་ཁ་མིན་དོན་གྱི་སྟེང་ནས་བསྟོད་ཚིག་འབྲི་མྱོང་ཡོད་ལ། ད་ཐེངས་ཁྱོམ་སྡོད་བཀག་རྒྱ་དང་བསྟུན་ཏེ་བྱང་ཤམྦྷ་ལ་སོགས་གང་ལ་ངོས་འཛིན་དགོས་མིན་གྱི་དཔྱད་རྩོམ་འདི་ཉིད་བསྐྱར་དུ་བཀླགས་པས་དགའ་ཞེན་གྱི་དུངས་ཀ་ཟབ་ནས་ཟབ་ཏུ་སོང་།

“གར་ཤོན། གཞས་པ་གཞས་མ། (ཡ་པ་ཡ་མ་)”

“མངའ་རིས་ཁུལ་དུ་གར་ཤོན་རྩེད་ཀྱི་སྒྱུ་རྩལ་ནི་གནའ་སྔ་མོ་ཞིག་ནས་དར་སྲོལ་བྱུང་བ་ཞིག་ཡིན། རུ་ཐོག་རྫོང་ནང་དུ་ཡང་སྔ་མོ་ཞིག་ནས་གར་ཤོན་ཞེས་ཞབས་བྲོ་དར་སྲོལ་བྱུང་འདུག། ཞབས་བྲོ་དེ་ལ་ཡ་པ་ཡ་མ་ཟེར། དེ་ཡང་ཡ་པ་ཞེས་པ་གཞས་པའི་དོན་དང་། ཡ་མ་ཞེས་པ་གཞས་མའི་དོན་ཡིན། ཞབས་བྲོ་དེ་ཇི་ལྟར་དར་བའི་སྐོར་བཤད་ཚུལ་གནའ་སྔ་མོ་གླིང་རྗེ་གེ་སར་རྒྱལ་པོ་སྟོད་མངའ་རིས་ས་ཁུལ་དུ་བདུད་དང་འཐབ་པའི་དུས་སྐབས་ཞིག་ན་ལ་དྭགས་རོང་རྒྱུད་དུ་བཙུན་མོ་རིག་ཞུ་བ་ཞིག་ཡོད་པ་དེར་ཕྲུ་གུ་དང་པོའི་གཉེན་སྒྲིག་གི་རྟེན་འབྲེལ་མཛད་སྒོོའི་ཐོག་ཏུ་ཐོག་མར་ཁྲབ་སྟོན་བྱས་པའི་ཞབས་བྲོ་ཞིག་ཡིན་པར་བཤད། རྗེས་སུ་རུ་ཐོག་དགོན་གྱི་བླ་མ་འཕེལ་རྒྱས་ཞུ་བ་ཞིག་གིས་རོང་གི་འཁྲབ་ཚན་དེའི་མ་དཔེ་གཞིར་མཛད་ནས་རང་ཡུལ་དར་བའི་དམངས་ཁྲོད་ཞབས་བྲོ་དང་མཐུན་པའི་འཁྲབ་ཚན་དུ་བཅོས་སྒྲིག་མཛད་པས་དེ་ནས་རིམ་བཞིན་ཡུལ་དེར་དར་རྒྱས་ཀྱིས་ཁྲབ་སྟོན་གྱི་གཟུགས་བརྙན་རྣམས་རུ་ཐོག་བཤན་པའི་ལྷ་ཁང་གི་ལྡེབས་རིས་ངོས་དང་བྲག་བརྐོས་རི་མོ་སོགས་སུ་གསལ་པོར་བྲིས་ཡོད།”

“ཡ་པ་ཡ་མའི་རྒྱན་གོས་ཀྱི་ཁྱད་ཆོས་ནི། ཡ་པ་རྣམས་ཀྱིས་ལུས་ལ་གནའ་རབས་ཀྱི་ཁྲབ་རྨོག་དང་། ལག་ཏུ་རལ་གྲི་འཛིན་པ། སྐེ་ལ་ཁ་བཏགས་གྱོན་པ། ཡ་མ་རྣམས་ཀྱི་ལུས་ལ་སྣམ་བུ་ནག་པོའི་ཕྱུ་པ་དང་། རྐེད་པར་དངུལ་ལས་གྲུབ་པའི་སྡིག་རྭ་ཞེས་པའི་སྐེ་རགས།
སྟོད་ལ་སྟོད་སྐོར་ཞེས་པའི་སྟོད་ཐུང་དང་། སྟོད་ཐུང་ཚོས་གཞི་སྣ་ཚོགས། རྒྱབ་ཏུ་སློ་གོ་ཞེས་ཚ་རུའི་པགས་པ་བཏང་བའི་སྟོད་ལེབས་དང་། ལྷམ་མོ་ཟོམ། མགོ་ལ་ལྡི་རགས་ཞེས་མདུང་དང་བྱུ་རུ་དངུལ་གྱིས་མདའ་སོགས་ཀྱི་རྒྱན་ཆ། རྣ་ཅོག་ལ་ཨ་སྐོར། བྲང་ཁོག་སྟེང་ལ་དངུལ་གྱི་གའུ་དང་དེའི་གཡས་གཡོན་ལ་སྟང་ཁྲ་ཞེས་བྱུ་རུ་མུ་ཏིག་སོགས་ལས་གྲུབ་པའི་ཁྲུའུ་ཁྲུའུ་བཅས་ཀྱིས་བརྒྱན་ཞིང་། མདའ་མ་རྔ་བརྡུང་དང་བསུ་རྣ་གཏོང་མཁན་གཉིས་ཀྱི་མགོ་ལ་ཞྭ་མོ་འབོག་ཏོ་དང་། ལུས་ལ་སློག་པའི་ཕྱུ་པ་དཀར་པོ་གྱོན་སྲོལ་ཡོད་པ་བཅས་སོ།༡༢”

<<རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་ཞེས་པ་ལས་བཤུས་ཏེ་བཀོད།>> ཤོག་གྲངས་། ༡༨༡ ནས་༡༨༦ བར།


发布     👍 0 举报 写留言 🖊   
✋热门推荐
  • 学会了沉淀,我们就可以把生命中的烦心事儿抖落在过去,在悄悄努力的同时,也让自己变得睿智而通透。”人生的旅途会遇到各种各样的风景,学会沉淀自己,调整心情和状态,用
  • #新剧资讯#2020年 第26届北京电视节目交易会 待播剧如下:[赞啊]《舌尖上的心跳》阮经天、宋祖儿[赞啊]《走起我的天才街坊》彭小苒、韩东君[赞啊]《爱情高
  • 【VD】时代少年团文具套装,赠拍立得小卡(贺峻霖)攒了好多天了p1—4是我6.1那天周三快乐的日子 嘿嘿振振兄弟请我们吃了麦旋风~ p5 6.2这学期开学大家都
  • 这段时间,你可以想一想,你是真的想和对方在一起,还是只是因为依赖,无法适应没有对方的生活。 不管你怎么想,至少在决定放手的一方眼里,做朋友并没有那么难。
  • ——《上邪》8.愿得一心人,白首不相离。——张先《千秋岁·数声鶗鴂》2.换我心,为你心,始知相忆深。
  • 再比如说有些人的价值观就是挣钱,而有些人则是觉得钱够用就行,他需要完成其他维度的自我实现与社会尊重,不是活在极其单一的价值评价体系里,这些都是在两人交往初始就该
  • #电影##乱世佳人[电影]# 因为费雯丽太美了 我被介绍来看这部经典电影斯嘉丽这个角色 嗯怎么说 会让人慢慢喜欢 大胆奔放,高傲有韧性,坚强善良,她可能不完美,
  • 只信奉稳扎稳打,不关注一夜暴富换句话说稳扎稳打也是一夜暴富的前提人做什么事都是这样总而言之这是踏实的好处当然, 如果你成功暴富并成功跑路那么也祝你暴富,真心的上
  • 不安于现状,主动跳出舒适圈的4大星座,将喜迎胜利之果白羊座白羊座是火象星座里最勤奋最敢于冒险的一个星座,虽然有些时候觉得他们做事情的耐力不是太高,总是三天打鱼两
  • 今天翻到p1突然感慨,尝试和她联系于是得到p2的破防,接着翻了翻其他的,mp4打开还是月之暗面,小赵写给我的没关系,小吴教我的草酸化学式。今晚就决定以后还是保持
  • 当一切趋于平静,随着年轮的添加,那些美好的往昔,都静静地写进了不老的记忆里。时光如沙漏般流逝,要眼里装满星辰大海,去奔赴山重水复的人间,义无反顾地追寻内心的理想
  • 我们从未像离别时这样紧密过#赵盼儿 我可能有点喜欢他#刘亦菲赵盼儿这一段真的触动到我了我一没谈过恋爱的也能理解赵盼儿又喜又忧眼中含泪、嘴角却又带笑说“我可能有点
  • #刘诗诗[超话]##芭莎直播间# 【2020.06.17 芭莎直播间开播 推广 饭修汇总】没发过,存个档[心]@刘诗诗 视频 1. 思雨思雨下雨不愁 2. 雪堂
  • 就比如我们熟知的小鲜肉袁弘,自己还没有结过婚,却娶了一位离过婚的张歆艺,王岳伦,娶二婚的李湘,等等,就是最好的例子。\n他们结婚好像都不怎么不被人看好,但往往结
  • 项目拟建6幢16F住宅,190套房源,此外,同步公布的还有四房2厅3卫设计的户型图,打造超大尺度大平层!约7.5m的大横厅,长约11m跑道式阳台…刚刚,大悦城控
  • 而且它的控油能力也很ok~春夏混干混油都能hold住,用它定妆粉底从来不会蹭到口罩上,不愧是长期霸占我心中好用散粉榜top3的选手!我一直用的10号 雾面哑光妆
  • 然后食物栏更新了姜饼人和其他圣诞元素的小饼干!这个节目为数不多的意义就是,每周有帅哥新物料 时不时的路透 蔡小室的周更新图和小文章,其余的离帅哥远一点退退退退退
  • 我从一开始做兼职一直用着自己的生活微信号,我觉得这样的自己更真实,你不做兼职我们可以做朋友呀~我通过我自己的努力赚钱嘛~我这么酷[挤眼]你确定不和我做朋友吗[挤
  • 二、粉丝质量如果你想在互联网上赚到钱,不要盲目的跟风那些拥有10万粉丝的大v和大神,有可能他们的10万粉丝都是造假出来的,或者基本上都是泛粉。要知道同行是我们的
  • 3、登门槛效应(任务由易到难好推进)又称得寸进尺效应,指一个人一旦接受了他人的一个微不足道的要求,为了避免认知上的不协调,或想给他人以前后一致的印象,就有可能接