²⁰²²/₁₁₋₀₈

࿑ སུ་དང་གང་གི་རྣམ་འགྱུར་ལ་བསྟུན་མི་དགོས་པའི་དབྱར་སྟོན་གྱི་སོས་དལ་དུས་ཟླ་འདི་དག་ལ་དུས་རྒྱུན་གཤིབ་ཡུན་ཐུང་བའི་སྙིང་གི་བཟའ་ཟླའི་ལུས་སེམས་གཉིས་ཀར་ཞབས་ཏོག་ཧུར་ཐག་སྒྲུབ་རྒྱུ་བྱུང་བ་སེམས་ནང་དགའ་སྤྲོ་དཔག་མེད་བྱུང་། ལྷག་དོན་བུད་མེད་ཞིག་གི་དམིགས་བསལ་དུས་སྐབས་འདིར་བཟའ་ཟླས་ཨ་ཚ་ཨ་རུ་མེད་པར་བདེ་བདེ་ཐང་ཐང་ངང་ནས་ངལ་བ་ཁྱད་དུ་བསད་པར་ཁྱེད་ནི་རླབས་ཆེན་གྱི་སྐྱེད་མ་ཞིག་དང་ངའི་སེམས་ནང་གི་དཔའ་མོ་ལགས། སླད་མ་འོངས་པར་འདི་ལྟ་བུའི་མཉམ་འཛོམས་མཉམ་གཤིབ་ཀྱི་དུས་ཟླ་གང་མང་འཆར་བར་ཤོག་ཅིག

རྒྱུས་མེད་སྔུན་ནས་ཆེ་རྫིག་མི་སྟོན་ཞིང་།།
རྒྱུས་ཡོད་མདུན་ནས་ཚུལ་འཆོས་མི་གཏོད་པའི།།
ཐད་ཀར་བལྟས་ན་མི་ཆུང་མགོ་རིལ་འདི།།
ཞིབ་ཀྱིས་བཀླག་ན་རིག་གཞུང་ཆེན་པོ་ལགས།།
སྤྱི་བོའི་དབུ་སྐྲ་ཐམས་ཅད་ཉམས་མྱོང་ཡིན།།
ནང་གི་ཀླད་པ་མཐའ་དག་གཞུང་ལུགས་ཡིན།།
གཡས་གཡོན་དབང་པོའི་མིག་གཉིས་ཤེས་རབ་སྤྱན།།
བོད་ཀྱི་མྱི་བོ་ཆེ་འདིར་སུ་མི་གུས།།
ཤ་དང་སྤགས་པ་ཡོད་དོ་བོད་པ་ཡིན།།
ཁྲག་དང་རུས་པ་གཙང་མ་མེས་པོ་ཡིན།།
ལུས་ཀྱི་བ་སྤུ་རེ་རེ་རིགས་ཞེན་ཡིན།།
ངག་གི་གསུང་ཚིག་རེ་རེ་ལྷག་བསམ་ཡིན།།
ཡང་སྙིང་ཁོག་སྟོད་ཚང་མ་ཡིག་རྙིང་ཡིན།།
དེ་ལ་དེང་རབས་བུ་མོའི་མཛེས་དཔྱོད་ལྡན།།
གནའ་བོའི་དམངས་སྲོལ་རིག་གནས་ཆུ་བོ་ཀླུང་།།
ཁྱེད་ཀྱི་ཧུབ་ཀྱིས་བཞེས་པ་ཉུང་ཉུང་མིན།།
མདོར་ན་ཁྱེད་ཀྱི་གཟུགས་སྐུ་མགོ་མཇུག་ལ།།
སྲོལ་རྒྱུན་དང་ནི་དེང་རབས་གཉིས་ཀ་ཡི།།
གལ་ལེར་མཇལ་ན་ཕལ་ཆེར་ཁྱབ་ཡོད་པས།།
བློ་ལྡན་སྐྱེ་བོ་ཚོགས་རྣམས་ཁྱེད་ལ་དད།།
ལྷག་ཏུ་བོད་ཀྱི་བཟའ་བཏུང་རིག་གནས་ལ།།
མི་ལོ་སུམ་ཅུ་རིང་གི་ཞིབ་འཇུག་དང་།།
ནུབ་ལ་ཉེ་བའི་་རིགས་གཞུང་ཉམས་གསོ་འདི།།
ཁྱེད་ཀྱིས་བསླངས་པའི་རྡོ་རིང་རིང་ཤོས་ལགས།།
དེ་མཚུངས་ཁྱེད་ཀྱི་ཞིབ་ཕྲའི་མཛད་རྗེས་དག།
ང་འདྲ་ཡིག་རྨོངས་ཤིག་གིས་མི་ཕྲིས་ལ།།
ངག་ནས་སྟབས་བདེའི་ངང་ནས་མི་འཁྲོལ་མོད།།
ཁྱེད་ལ་དགའ་ཞེན་གཙང་མས་ཐལ་སོང་ཐལ།།
མ་གཞི་ཁྱེད་ལ་བསྟོད་བསྔགས་མི་དགོས་ལ།།
བསྟོད་ཀྱང་དྲང་སྲོང་ཁྱེད་ཉིད་མི་མཉེས་པའི།།
དན་རྟགས་གསལ་པོ་ཁོ་བོས་རྟོགས་ན་ཡང་།།
ཚོར་བ་གཅིག་གིས་འདི་ལྟར་ཤོར་སོང་ལགས།།
༢༠༢༠/༩/༡༠/ཉིན་གྱི་དགོང་མོར་གསེར་ཐང་རྫོང་གེ་སར་མགྲོན་ཁང་ནས་རིག་འཛིན་གྱིས་སྦྱར།

མཛངས་མའི་ཡོན་ཏན་བརྒྱད་ནི།
༡སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། ༢ཁྱིམ་ཐབ་ལ་སྙིང་ཉེ་བ། ༣བུ་མང་དུ་བཙའ་བ། ༤ལུས་ཚུགས་ཐུབ་པ། ༥སྨྲ་བ་མང་པོ་མེད་པ། ༦སེམས་དྲང་བ། ༧ཕྱི་ཐག་རིང་བ། ༨ལས་ལ་ཡང་ཞིང་ལག་འབྲས་གཙང་བའོ།། མིང་གི་རྣམ་གྲངས་མཛེས་མའི་ཡོན་ཏན་བརྒྱད།


发布     👍 0 举报 写留言 🖊   
✋热门推荐
  • 对于一起走过很长时间的成员们和星光,因为我一时的行动让大家失望了,真心非常抱歉。奥米加兽是战斗暴龙兽、钢铁加鲁鲁合体进化的数码兽,他在剧场版《我们的战争游戏》中
  • 而不叫大仙杯!!
  • 本周的脸型法则篇,会于周四(4月23日)下午3:30 (AEST 墨尔本)通过有播直播平台和大家一起探讨“脸型与服装搭配的窍门”讲解不同脸型可以带来的满分穿搭~
  • [小黄人得意]“你知道吗,我前世是星星”他对小石头说,“真的[吃狗粮]?他一脸幸福说:“那天,我听到她愿望,她,想看流星…”。
  • [抓狂][抓狂]【电影频道】 不要一开始就泄气,不要懒了切号点上来!茶餐厅有点吃腻了这个牛杂给了北方人希望 点的是牛肚牛筋和牛腩 清清爽爽十分续命 可惜只吃一次
  • 看这段的时候不知道大家是怎样的心情,我大概用了一小包纸巾吧!最完美的离婚结夏(写给光生的信):我曾说过你是个怪人,或许最奇怪的人是我。
  • 加油 一个意外的美丽 1岁成年快乐感谢还在的你们,昭贤的生活因为你们变得更加有趣。希望生活就这样开开心心的过吧,其实也不错。
  • 被人请吃饭,本是一件很让人高兴的事情,但如果把时间定在“改天”很容易就让人觉得诚意全无了。唤醒活力满满的一天~阿钦甜品[给力]伤害一个人只要一句话,感动一个人却
  • #持续阅读第1083本书完#《企业管理成功典范目标》一位物理学家写了一本企业小说、挺不可思议的、整本书都是一种思考的过程、在这个深度思考的过程中、让你打破常规、
  • 我院学生也希望借此来激励自我前进,在未来实现自己的梦想,不负青春韶华。 此次活动的成功举办,使我院学生明确了自己的志向,更加坚定了自己追逐梦想的信念,体现出我院
  • 【57日目】 全是千寻爸爸说的: テーマパークの残骸だよ、これ。 90年頃にあっちこっちでたくさん計画されてさ。バブルがはじけてみんな潰れちゃったんだ。
  • 【单单乐核心竞争力】1+NX 商业模式单单乐通过1+NX独特的商业模式,形成双向闭环,人人即是消费者,即是商家,根据AI智能系统分析市场行为周期,有机会实现购物
  • #王俊凯[超话]##王俊凯我们的乐队# [音乐][音乐]#从开始到未来,只为王俊凯# JF 不知魂已断,空有梦相随。 除却天边月,无人可知晓。
  • 我终于对自己有了清晰的定位,生命粉。 想起小时候读过的一个童话故事,有一只土拨鼠,它不喜欢储存粮食,痴迷于建筑。它日复一日在地下挖隧道,渐渐什么都看不见了。有一
  • #NBA# 哈登没得扣篮大赛的冠军真是让人气愤 更气愤的是投稿者给吐槽君投稿后被“agt”喷 那些说看NBA是跪族男孩的人平常看球吗?是不是就是那种季后赛出来
  • #金硕珍避孕套富翁#[舔屏] #金硕珍人间润滑油#[哈哈]#金硕珍避孕套富翁# 给大家科普一下金硕珍,韩圈最无存在感门面,凭借避孕套一己之力黑料出圈,跳舞像抽
  • #北京租房合租[超话]# 两居中的北向次卧2750压一付三加服务费1000,也可以直接付到9月30日免服务费。 位置:黄渠荟康苑小区5号楼,无电梯4层。距离黄
  • $搜于特(SZ002503)$​ 站在口罩概念的风口,确实飞了起来,然而风口过后,一地鸡毛。 股价在年初搭上口罩概念,创下10个交易日8个涨停的疯狂记录,
  • 在听魔魔的蒸汽波之夜,聊到舔狗话题时魔魔说做舔狗就好好做舔狗不要有太多幻想,想起来昨天晚上喜欢的人问我自省到了什么,我说不要去想原因不要去解构想法,喜欢就去喜欢
  • 看样子玩得很开心,和咱们也亲近一些。此时他已经心碎,我羡慕得连连发出哈哈哈哈哈哈哈的赞叹。